མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་རྒྱུས་ཐོག་བོད་ནི་ང་ཚོའི་མ་རེད་ཟེར།

བོད་ཀྱི་དུས་བབ།
༢༠༠༨/༠༧/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་ལོ་རྒྱུས་མཁས་པ་དང་རྒྱ་ནག་གཞུང་གི་ལོ་རྒྱུས་སློབ་དེབ་ཀྱི་སློབ་སྟོན་ཚོགས་ཆུང་གི་ཚོགས་མི་ཞིག་གིས་བོད་ནི་ང་ཚོའི་མ་རེད་ཅེས་རྒྱ་ནག་གཞུང་གིས་བོད་འདི་ལོ་རྒྱུས་ཐོག་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ཞེས་བཤད་པ་དེ་ལོ་རྒྱུས་ལ་ངོས་ལེན་མ་བྱས་པ་རེད་ཅེས་བརྗོད་འདུག
རང་ལོ་༦༢ལ་སོན་ཞིང་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་ཧྥུ་དན་སློབ་གྲ་ཆེན་མོའི་ཀྲུང་གོའི་ལོ་རྒྱུས་ས་ཁམས་རིག་པ་དང་ལོ་རྒྱུས་ས་ཁམས་རིག་པའི་ཞིབ་འཇུག་ལྟེ་གནས་ཁང་གི་མཁས་དབང་ཀུག་ཅེན་ཞོང་གིས་རྒྱ་ནག་བསྐྱར་ཞིབ་དུས་དེབ་ཀྱི་ཐོག་རྩོམ་ཡིག་ཅིག་སྤེལ་ཏེ། དུས་རབས་བདུན་པ་ནས་བཅུ་པའི་བར་གྱི་ཐང་རྒྱལ་རབས་སྐབས་རྒྱ་ནག་ཅི་ཙམ་གྱི་ཆེན་པོ་ཡོད་པར་བསམ་ཞིབ་བྱེད་སྐབས་ང་ཚོས་མཚོ་བོད་མཐོ་སྒང་འདི་ནང་དུ་ཚུད་རུང་གི་མ་རེད། མཚོ་བོད་མཐོ་སྒང་ནི་སྐབས་དེར་ཐུ་བྷོད་དམ་ཐུ་ཧྥན་གྱིས་དབང་བསྒྱུར་གྱི་ཡོད་པ་རེད་ཅེས་བརྗོད་འདུག
    མཁས་དབང་ཀུག་ཅེན་ཞོང་གིས་རྩོམ་ཡིག་དེའི་ནང་བསྟན་དོན།  ཐུ་བྷོད་ནི་ཐང་རྒྱལ་རབས་རང་བཙན་གྱི་རྒྱལ་ཁབ་ཅིག་རེད། མ་མཐར་ཡང་ཐང་རྒྱལ་རྒྱུད་ཀྱིས་འཛིན་སྐྱོང་བྱས་ཡོད་པ་ཞིག་མ་རེད། གལ་ཏེ་ཐང་རྒྱལ་རབས་ཀྱིས་འཛིན་སྐྱོར་འོག་ཡོད་ཚེ་སྐབས་དེར་ཐང་ཐེ་ཙུང་གིས་རང་གི་སྲས་མོ་ལྦུན་ཤིང་ཀོར་ཇོ་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་བཙུན་མོར་སྟེར་དགོས་དོན་ཡང་མི་འདུག་ཅེས་བརྩད་ཡོད་པ་རེད། བོད་ནི་ཐང་རྒྱལ་རབས་སྐབས་ནས་བཟུང་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཚུལ་བཤད་བཞིན་པ་ནི་ལོ་རྒྱུས་ལ་ངོས་ལེན་མ་བྱས་པ་རེད་ཅེས་བརྗོད་ཡོད་པ་རེད།
    ཀུག་ཅེན་ཞོང་གི་རྩོམ་ཡིག་དེ་ནི་ལོ་རྒྱུས་ཀྱི་ཁྲོད་རྒྱ་ནག་ཧན་མི་རིགས་ཀྱི་ངོ་རྟགས་འཚོལ་ཕྱོགས་དང་མི་རིགས་དེའི་འཕེལ་འགྱུར་གྱི་སྐོར་ཡིན་འདུག་ལ། ཁོས་བོད་འདི་རྒྱ་ནག་གི་ཆ་ཤས་སུ་གྱུར་ཚུལ་ངོས་ལེན་བྱེད་སྟངས་ནི་ལོ་རྒྱུས་སྨྲ་མཁན་མང་པོ་ཞིག་གིས་དུས་རབས་༡༧པ་ནས་༢༠བར་གྱི་ཆིན་རྒྱལ་རབས་སྐབས་སུ་བོད་འདི་རྒྱ་ནག་གི་ཆ་ཤས་སུ་གྱུར་ཚུལ་དང་འདྲ་མཚུངས་ཡིན་འདུག  དེ་ལྟར་ཡང༌།  ཀུག་ཅེནུ་ཞོང་གིས་བོད་རྒྱ་ནག་གི་ཆ་ཤས་སུ་གྱུར་ཚུལ་བཤད་སྟངས་དེ་ནི་རྩོད་གཞི་ཅན་ཡིན་ལ། ལྷག་པར་དུ་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་བྱུས་འཛིན་ཕྱོགས་ཀྱི་སྟེང་ནས་བོད་འདི་ནམ་ཡང་རྒྱ་ནག་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ལ། གཞུང་གི་ལངས་ཕྱོགས་འདི་ནུས་མེད་དུ་གཏོང་མཁན་གྱི་རིགས་ནི་རྒྱལ་ཁབ་ལ་རྒོལ་མཁན་དང༌།  ཁ་བྲལ་བ་ཡིན་པའི་འགག་ཕྱོགས་ཤིག་ཡོད་སྟབས།  ཐེངས་འདིར་ཀུག་ཅེན་ཞོང་གི་རྩོམ་ཡིག་འདི་ལ་རྒྱ་ནག་གི་གཞུང་འབྲེལ་ངོས་ནས་ལན་འདེབས་གང་འདྲ་ཞིག་ཡོང་རྒྱུ་དེ་ནི་སུས་ཀྱང་ཁ་ཚོན་གཅོད་མི་ཐུབ་པ་དང་ཐོས་འདོད་པའི་གནད་དོན་ཞིག་ཆགས་ཡོད། 
ཀུག་ཅེན་ཞོང་གི་ཞིབ་འཇུག་གི་རྣམ་གྲངས་གཙོ་བོ་ཁག་ནི་ལོ་རྒྱུས་སྟེང་གི་མི་འབོར་གྱི་ས་ཁམས་ཆགས་ཚུལ་དང༌།  མི་འབོར་དང་མི་སེར་གནས་སྤོར་གྱི་ལོ་རྒྱུས།  རིག་གཞུང་གི་ལོ་རྒྱུས་སོགས་ཡིན་འདུག་ལ།  ཁོང་གི་རྩོམ་ཡིག་མཐའ་མ་དེའི་ནང་དུ་རྒྱ་ནག་ངོས་འཛིན་བྱས་དོན། ༡༩༡༢ཀྱི་ཡར་སྔོན་ལ་ཀྲུང་ཧྭ་སྤྱི་མཐུན་རྒྱལ་ཁབ་གཞུང་འབྲེལ་གྱིས་མགོ་བཙུགས་དུས་རྒྱ་ནག་གམ་ཀྲུང་གོ་ཞེས་པ་དེར་ངོས་འཛིན་གསལ་བོ་ཞིག་མེད་ལ།  ཐ་ན་ཆིན་རྒྱལ་རབས་སྐབས་སུའང་ཀྲུང་གོ་ནི་ཆིན་རྒྱལ་རབས་དང་ཆིན་རྒྱལ་རབས་ཀྱི་དབང་བསྒྱུར་མངའ་ཁུལ་ཙམ་ལ་གོ་གི་ཡོད་པ་རེད།  མཚམས་རེར་ཀྲུང་གོ་ནི་མན་ཇུ་དང་ནང་སོག  བོད།  ཤེར་ཏུར་ཀེ་སི་ཐན་བཅས་ཕུད་པའི་རྒྱ་ནག་གི་ཞིང་ཆེན་༡༨ལ་གོ་གི་ཡོད་འདུག   དེའི་རྐྱེན་གྱིས་ཁོང་གིས།   གལ་སྲིད་ང་ཚོས་གནའ་བོའི་རྒྱ་ནག་གི་མངའ་ཁུལ་ཆེ་ཆུང་གཞལ་སྐབས་དུས་ངེས་ཅན་ཞིག་ནང་གི་རྒྱལ་རབས་ངེས་ཅན་ཞིག་གི་སྐབས་སུ་དབང་བསྒྱུར་བྱེད་པའི་ས་ཁུལ་ལ་བལྟ་དགོས་པ་རེདཅེས་བསྒྲུབས་ཡོད་པ་རེད། 
    ཁོང་གིས་མཐའ་མ་དེར་རྒྱ་ནག་གི་མགོ་ཁྲིད་ཚོར་བསྟན་དོན།  རྒྱ་ནག་འདི་དོན་དམ་གྱིས་ཞི་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་འདོད་ཡོད་ཚེ་ངེས་པར་དུ་རང་གི་ལོ་རྒྱུས་ལ་བསྡོམས་རྒྱབ་ཏེ་ཉམས་མྱོང་གི་ཁྲོད་ནས་སློབ་སྦྱོང་བྱེད་དགོས་པ་རེད་ཅེས་བརྗོད་ཡོད་པ་རེད། 

འབྲེལ་ཡོད་གསར་འགྱུར།

མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༧ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

ཆུ་ཚོད་ ༡༣ སྔོན་ལ།
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

ཆུ་ཚོད་ ༢༠ སྔོན་ལ།
Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

༢༠༢༦/༠༤/༡༥
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

༢༠༢༦/༠༤/༡༥
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

༢༠༢༦/༠༤/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese