སྤྱི་ལོ་ ༢༠༠༦ ལོར་འདི་ག་གསར་ཁང་ནས་འདོན་སྤེལ་བྱས་ཤིང་། རྩོམ་པ་པོ། ཨ་རའི་ལ་རྩེ་དཔེ་མཛོད་ཁང་གི་འགན་འཛིན་པད་མ་འབུམ་ཡིན།
དཔེ་དེབ་ཀྱི་ནང་དོན་གཙོ་བོ། རྩོམ་པ་པོའི་ཞལ་ནས། བོད་མིའི་ཁྲོད་དུ་རྡོ་རྗེའམ་རྡོ་རྗེ་ཚེ་རིང་ཟེར་བའི་མིང་འདི་ནི་ཆེས་སྤྱིར་བཏང་བའི་མིང་ཞིག་ཡིན། ཡིན་ན་ཡང་དེབ་ཆུང་འདིའེ་བརྗོད་གཞིར་གྱུར་བའི་དགེ་རྒན་རྡོ་རྗེ་ཚེ་རིང་ནི་སྤྱིར་བཏང་ཞིག་མིན། འབྱོར་མེད་གྲལ་རིམ་རིག་གནས་གསར་བརྗེ་སྟེ། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་སྲོག་རྩ་གཅོད་པའི་ལས་འགུལ་དེའི་ནང་དུ། དགེ་རྒན་རྡོ་རྗེ་ཚེ་རིང་མཆོག་ནས་མདོ་སྨད་རེབ་གོང་དུ་བོད་ཀྱི་སྐད་ཡིག་གི་མེ་རོ་ཞིག་ཉར། ཡུལ་དེའི་བོད་གཞོན་མང་པོ་ཞིག་རང་སྐད་སྤྱོང་བ་ལ་སྐལ་ངན་དུ་འགྱུར་བཞིན་ཡོད་པ་ལས་བསྐྱབས། ཞེས་བརྗོད་པ་བཞིན། རྙིང་བཞི་རྩ་གཏོར་ཞེས་པའི་རིག་གནས་གསར་རྗེས་དང་། དེའི་རྗེས་ཉམས་ཆུང་ཞིང་ཉག་ཕྲ་བའི་བོད་ཀྱི་རིག་གནས་འཆི་གསོན་གྱི་མཐའ་མཚམས་ནས་སྐྱོབ་པའི་འཐབ་མོ་བ། དེབ་ཆུང་འདིའི་རྩོམ་པ་པོ་པད་མ་འབུམ་ཁོང་རང་ཉིད་ཀྱིས་དགེ་རྒན་རྡོ་རྗེ་ཚེ་རིང་ལགས་ཀྱི་བླ་མེད་ཀྱི་ལྷག་བསམ་དང་། མཛད་མེད་ཀྱི་འབད་འབུངས། ཞུམ་མེད་ཀྱི་སྙིང་སྟོབས་སོགས་ལ་རྩོམ་པ་པོས་ཕྱིར་དྲན་བྱས་པ་ཞིག་ཡིན།
དཔེ་དེབ་འདི་ཉོ་ས་གང་ནས་རག་གི་རེད་དམ། ཤེས་མཁན་ཡོད་ན་ང་ལ་ལན་ཞིག་གནང་རོགས། ཐུགས་རྗེ་ཆེ།