སྤྱི་ལོ་ ༢༠༠༡ ལོར་འདི་ག་གསར་ཁང་ནས་འདོན་སྤེལ་བྱས་ཤིང་། རྩོམ་པ་པོ། པད་མ་འབུམ་དང་། དབྱིན་ཡིག་ཏུ་སྒྱུར་མཁན་ཁོང་གི་ཆུང་མ་ལོ་རན་ཡིན།
དེབ་འདིའི་ནང་དོན་གཙོ་བོ། རིག་གནས་གསར་བརྗེའི་རླུང་འཚུབ་ཆེན་པོའི་ཁྲོད། རྩོམ་པ་པོ་ཁོ་རང་ཉིད་ཀྱི་ཕ་ཡུལ། མདོ་སྨད་རེབ་གོང་ས་ཆའི་ཉམ་ཆག་ཏུ་སོང་བའི་མི་རིགས་ཀྱི་སྐད་ཡིག་རིག་གནས་དང་། མི་དམངས་ཀྱི་འཚོ་བའི་གནས་བབ། སྒྲིག་ཁྲིམས་དང་རྡུང་རྡེག་མནར་གཅོད་འོག་གི་ངལ་རྩོལ་སྒྱུར་བཀོད། ཉིན་མཚན་དུས་དྲུག་ཏུ་སྡུག་བསྔལ་དང་དངངས་སྐྲག་འོག་གི་བསམ་བློའི་ཁྱེར་སོ་སོགས་དངོས་བྱུང་གི་གནས་ཚུལ་ཅི་བཞིན་བརྗོད་ཡོད་ལ། ཁ་གསལ་བ་དང་ཕལ་སྐལ་ལ་གཞོལ་ཆེ་བ། མི་སྣའི་གཏམ་བརྗོད་དང་། ཁོར་ཡུག་ཞིབ་འབྲི་བྱས་ཡོད་པ་སོགས་ལས་སྒྲུང་གཏམ་དང་འཁྲབ་གཞུང་གི་ཁྱད་ཆོས་ཤིག་ཀྱང་མངོན་ཡོད།