མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱིས་པ་ཚོ་ཕྱིར་མེས་རྒྱལ་དུ་ཁྲིད་ཤོག་ཟེར།

བོད་ཀྱི་དུས་བབ།
༢༠༠༨/༠༧/༡༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གུང་ཁྲན་ཏང་ཡོན་དང་རྒྱལ་ཁབ་ཀྱི་ལས་བྱེད་པའི་བུ་ཕྲུག་རྣམས་བཙན་བྱོལ་བོད་པའི་སློབ་གྲྭ་དང་དགོན་སྡེ་ཁག་ཏུ་སློབ་གཉེར་བྱེད་བཞིན་པ་རྣམས་ཕྱི་ཟླ་དགུ་བའི་ཚུན་ལ་ཕྱིར་བོད་དུ་མ་ལོག་ཚེ། བུ་ཕྲུག་དེ་དག་གི་ཕ་མ་རྣམས་གུང་ཁྲན་ཏང་ཡོན་དང་། ལས་ཀ་ནས་ཕྱིར་འཕུད་བྱ་རྒྱུའི་སྒྲིག་ཁྲིམས་གསར་བ་ཞིག་གཏན་འབེབས་བྱས་ཡོད་འདུག

ཟླ་སྔོན་མའི་ཚེས་ ༡༥ ཉིན་བོད་རང་སྐྱོང་ལྗོངས་དམར་ཤོག་སྒྲིག་བཤེར་ཁང་དང་། ལྗོངས་ལྟ་ཞིབ་ཁང་གཉིས་མཉམ་འབྲེལ་འོག གུང་ཁྲན་ཏང་ཡོན་དང་རྒྱལ་ཁབ་སྤྱི་ཞབས་པའི་བུ་ཕྲུག་ཕྱི་ལོགས་ཀྱི་ཏཱ་ལའི་རུ་ཚོགས་ཀྱིས་བཙུགས་པའི་སློབ་གྲྭའི་ནང་སློབ་སྦྱོང་བྱེད་པར་སྒྲིག་ཁྲིམས་གཏན་འབེབས། ཞེས་པའི་ཁྲིམས་གཞི་གསར་བ་ཞིག་བཟོས་ཡོད་པ་མ་ཟད། བོད་རིགས་ཏང་མི་ ༡༣ ལ་ད་ལོའི་ལྷ་སའི་གྱེན་ལངས་ནང་ཞུགས་པའི་ཉེས་མིང་འོག་ཉེས་ཆད་བཅད་ཡོད་འདུག

གོང་གི་གནས་ཚུལ་དེའི་ཐད་བོད་ཀྱི་འགྲོ་བ་མིེའི་ཐོབ་གིས་གསལ་བསྒྲགས་ཤིག་སྤེལ་ཏེ་རྒྱ་ནག་གཞུང་གི་གནས་ཚུལ་ལུང་འདྲེན་བྱས་དོན། གུང་ཁྲན་ཏང་ཡོན་དང་རྒྱལ་ཁབ་སྤྱི་ཞབས་པའི་བུ་ཕྲུག ཕྱི་རྒྱལ་ཏྰ་ལའི་རུ་ཚོགས་ཀྱི་སློབ་གྲྭའི་ནང་བསྐྱལ་བའི་བྱ་སྤྱོད་ལ་ཏང་ཁྲིམས་དང་། སྲིད་ཁྲིམས་ཐད་ཉེས་ཆད་ཕོགས་ཡོད། གཏན་འབེབས་འདི་དངོས་སུ་གསལ་བསྒྲགས་བྱས་རྗེས། གུང་ཁྲན་ཏང་ཡོན་དང་རྒྱལ་ཁབ་སྤྱི་ཞབས་པའི་བུ་ཕྲུག་ཏྰ་ལའི་རུ་ཚོགས་ཀྱི་སློབ་གྲྭ་དང་དགོན་སྡེ་ཁག་ཏུ་ཡོད་པའི་ཕ་མ་ཚང་མ་ཏང་དང་། ལས་གནས་ནས་ཕྱིར་འཕུད་ཀྱིས་ཉེན་ཆད་གཅོད་རྒྱུ་ཡིན། གཏན་འབེབས་འདི་གསལ་བསྒྲགས་མ་བྱས་གོང་དུ་བུ་ཕྲུག་ཚོ་ཕྱིར་ལོག་བྱས་ཏེ། རང་འགུལ་གྱིས་གནས་ཚུལ་གསལ་བཤད་བྱས་ན། ཉེས་ཆད་ཡང་དུ་གཏོང་བའམ་མེད་པར་བཟོ་རྒྱུ། སྔར་བུ་ཕྲུག་ཚོར་ཕྱི་རོལ་ལོག་སྤྱོད་པའི་སློབ་གསོ་ཐོབ་པ་དང་། ཁ་བྲལ་གཏོར་བཤིག་གི་བྱེད་སྒོར་ཞུགས་མཁན་ཚོར་ཞིབ་བཤེར་གཏིང་ཟབ་བྱ་རྒྱུ་དང་། གནས་ཚུལ་སྦ་གསང་དང་དུས་བཀག་ལྟར་ཕྱིར་ལོག་མི་བྱེད་མཁན་ལ་ཆད་པ་ནན་མོ་གཅོད་རྒྱུ་ཡིན། ཞེས་བཀོད་ཡོད་འདུག

གསལ་བསྒྲགས་དེར་མུ་མཐུད་བརྗོད་དོན། ཉེ་ཆར་བོད་ནང་གཞི་རྒྱ་ཆེ་བའི་གྱེན་ལངས་བྱུང་རྗེས། རྒྱ་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་གི་གྲྭ་བཙུན་དང་། ཞིང་འབྲོག་མི་དམངས། སློབ་ཕྲུག གྲོང་མི། ལས་བྱེད། བཟོ་བ་བཅས་ཀྱི་ཁྲོད་དུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བྱ་འགུལ་དང་། ལྷག་པར་དུ་བོད་མི་ལས་བྱེད་པར་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག ལས་བྱེད་མི་རེ་ངོ་རེར་ཞིབ་བཤེར་བྱས་ཏེ་ཁ་བྲལ་ལ་ངོ་རྒོལ་གྱི་ལངས་ཕྱོགས་གསལ་སྟོན་ཡིན་མིན་དང་། ཁྱིམ་ཚང་གི་འབྲེལ་བ། བསམ་བློའི་འཁྱེར་སྟངས་སོགས་ལའང་དཔྱད་ཞིབ་བྱེད་ཀྱིན་ཡོད། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བའི་སྟེང་། ཕྱི་ཟླ་ ༧ པའི་ཚེས་ ༡༠ ཉིན་གནས་ཚུལ་སྤེལ་བའི་ནང་། ལྷ་ས་གྲོང་ཁྱེར་གྱིས་ཁ་བྲལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོབ། འཕེལ་རྒྱས་སྐུལ་འདེད་ཆེད། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་སྐབས། གྲོང་ཚོ་ ༡༥ ཙམ་ལ་ལེགས་བཅོས་ཟིན་པ་དང་། ཟླ་ ༣ ཚེས་ ༡༤ དོན་རྐྱེན་ནང་ཞུགས་མཁན་ཏང་ཡོན་ ༡༣ ལ་གཏན་འབེབས་གཞིར་བཟུང་ཐག་གཅོད་ཡོད་ཅེས་བཀོད་འདུག ཟླ་ ༤ ཚེས ༢༡ ཉིན་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་རྡོ་རྗེ་ཚེ་རིང་གིས། ཐེངས་འདིའི་སློབ་གསོའི་བྱ་འགུལ་ནི། ཏང་ཡོན་ལས་བྱེད་ཀྱི་ཚད་གཞིར་རྟོག་ཞིབ་བྱེད་པ་ཡིན་ཞེས་བརྗོད་འདུག

སྤྱི་ལོ་ ༡༩༩༤ ལོར་རྒྱ་གཞུང་གིས་བཙན་བྱོལ་ནང་སློབ་གཉེར་བྱེད་བཞིན་པའི་ལས་བྱེད་ཀྱི་བུ་ཕྲུག་ཕྱིར་ལོག་དགོས་པའི་ལས་འགུལ་སྤེལ་ཡོད། སྐབས་དེར་སློབ་ཕྲུག་འགའ་རེའི་ཕ་མར་དཀའ་ངལ་འཕྲད་དེ། སློབ་མཚམས་བཞག་སྟེ་ཕྱིར་ལོག་དགོས་བྱུང་ཡོད། རྒྱ་གཞུང་གི་གསལ་བསྒྲགས་ལྟར་ན། ཐེངས་འདིའི་སྒྲིག་ཁྲིམས་ཟླ་ ༩ བའི་ཟླ་དཀྱིལ་ཙམ་ནས་དངོས་སུ་ལག་བསྟར་བྱ་རྒྱུ་དང་། ཟླ་གཉིས་ནང་ཚུད་དུ་བུ་ཕྲུག་དེ་དག་ཕྱིར་ལོག་དགོས་ཤིང་། དུས་བཀག་ལས་ཡོལ་ན། ཕ་མ་རྣམས་ཏང་དང་། ལས་གནས་ནས་ཕྱིར་འཕུད་བྱ་རྒྱུ་ཡིན་པ་མ་ཟད། འཛིན་བཟུང་གི་ཉེན་ཁ་ཡང་ཡོད་སྟབས། ད་ལྟ་ཁོང་ཚོའི་གནས་སྟངས་ཐད་བློ་འཚབ་ཆེན་པོ་ཡོད། དེར་བརྟེན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། རྒྱ་གཞུང་གིས་མངོན་གསལ་འཛེམ་མེད་དུ་བོད་མིའི་ཐོག་དྲག་གནོན་དང་། མནར་གཅོད། དྲང་བདེན་མིན་པའི་ཆད་པ། གང་འདོད་དུ་ལས་གནས་ནས་ཕྱིར་འཕུད། ལྷག་པར་དུ་བོད་མིའི་ལས་བྱེད་པའི་ཐོབ་ཐང་ཁག་ལ་རྡོག་རོལ་དང་གནོད་འཚེ་གཏོང་བ་སོགས་འཕྲལ་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་ཤུགས་ཆེན་ཞུ་བཞིན་ཡོད་ཅེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese