མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུལ་སྐོར་བས་ཁུར་ཡོང་བའི་ནད་རིགས།

བོད་ཀྱི་དུས་བབ།
༢༠༠༨/༠༧/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཚེས་ ༢༡ གི་ཕྱི་དྲོ་ཆུ་ཚོད་གསུམ་ཡས་མས་སུ་ངའི་ལས་གྲོགས་ཤིག་གིས་ང་འབོད་གིན་འདུག་ལ།  ཁོས་བཤད་ན་མི་ཞིག་གིས་ང་རང་འཚོལ་གི་འདུག་ཟེར།  ཁོང་ནི་ཉི་ཧོང་གི་པར་བ་ཞིག་སྟེ་རང་དབང་གསར་འགོད་པ་ཞིག་རེད་འདུག ཁོས་རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་བྱས་རྗེས་མིང་བྱང་ཞིག་ང་ལ་སྤྲོད་བཞིན་བཅར་འདྲི་ཞིག་དང་ལེན་བྱེད་ཐུབ་མིན་དྲིས་བྱུང༌། སྤྱི་རབཏང་ནུབ་གླིང་གི་འགྲོ་སྟངས་ཡིན་ན་བཅར་འདྲི་བྱེད་སྐབས་ཆུ་ཚོད་ག་ཚོད་དང༌།  དེ་ལ་དཔག་པའི་རིན་གོང་སོགས་བཅར་འདྲི་མ་བྱས་སྔོན་དུ་གླེང་སྲོལ་ཡོད་མོད། ཡིན་ན་ཡང་འདི་རུ་དེ་འདྲའི་ལུགས་སྲོལ་མེད་པར་བོད་མི་ཚོས་བཅར་འདྲི་དང་ལེན་བྱེད་རྐྱང་བྱེད་བཞིན་ཡོད་པས། ངས་ཀྱང་ཕྱི་དྲོ་ལས་ཁུངས་གྲོལ་རྗེས་བཅར་འདྲི་དང་ལེན་བྱེད་རྒྱུ་བྱས།

དེ་རིང་གཟའ་ཟླ་བ་ཡིན་ལ་མར་མེ་ཁྲོམ་སྐོར་གྱི་ཉིན་ཡིན་པས་ཁྲོམ་ལམ་དུ་མི་དེ་འདྲའི་མང་པོ་མཐོང་རྒྱུ་མི་འདུག   ངས་ཁཱོ་ཧྥི་འཐུང་ས་ཞིག་ནས་གསར་འགོད་པ་དེར་སྒུག་ལ།  གསར་འགོད་པ་དེ་སྐར་མ་བདུན་བརྒྱད་ཙམ་གྱིས་རྗེས་ལུས་ཐེབས་སོང༌། འདི་ཡང་ཨེ་ཤ་ཡ་གླིང་གི་མི་རིགས་སྤྱི་ལ་ཡོད་པའི་གོམས་གཤིས་ཡིན་པར་སྣང༌། 

ཁོས་ངའི་མི་ཚེ་ཡི་རྒྱུད་རིམ་དང༌། བོད་ཕྱི་ནང་གི་འཚོ་བ་དང་རིག་གནས་ཀྱི་ལྟ་བའི་ཁྱད་པར། མིའི་བསམ་བློ་དང་སྤྱི་ཚོགས་ཀྱི་ཁྱད་པར། མི་དམངས་དང་གཞུང་གི་ལངས་ཕྱོགས་ཀྱི་འབྲེལ་བ། ལོ་རྒྱུས་ཁྲོད་ཀྱི་བོད་ཀྱི་བུད་མེད་དང་བོད་ཕྱི་ནང་གི་བུད་མེད་ཚོའི་གནས་སྟངས་ཀྱི་ཁྱད་པར། སློབ་གསོའི་ཁ་ཕྱོགས་ཀྱི་ཁྱད་པར་སོགས་རེ་རེ་བཞིན་དྲིས་བྱུང༌།  ཁོས་གློ་བུར་ཏུ་ང་ལ་ལྡི་ལི་དང་རྡ་སའི་ཁྲོམ་བར་དུ་བོད་རིགས་བུད་མེད་གཞང་བཙོང་མ་དང༌། ཐ་མག་ནག་པོ་དང་སྨན་རིགས་འདྲ་མིན་སྤྱོད་ཀྱིན་པའི་གཞོན་སྐྱེས་ཁ་ཤས་ཀྱང་མཐོང་ཐོས་བྱུང་བའི་ཐད་ལ་བསམ་ཚུལ་དྲིས་བྱུང༌། ངས་གཞི་ནས་འདི་དག་ནི་བོད་པའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་གནད་དོན་གལ་ཆེན་ཅིག་གི་ངེས་ཤེས་འོག     ཁོ་དང་ལྷན་དུ་འདིའི་ཐད་ལ་གླེང་མོལ་བྱས་པ་ཡིན། ཁོས་ང་ལ་བརྗོད་དོན། འདི་ནི་བོད་ཀྱི་སྤྱི་ཚོགས་ཀྱི་བདེ་འཇགས་དང་འཕྲོད་བསྟེན་ལ་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད། འཛམ་གླིང་གི་ནད་ཡམས་ཆེན་པོའི་རིགས་ད་དུང་ཆེས་ཆེར་འགོས་མེད་པའི་མི་རིགས་འདི། ད་ལྟ་འཛམ་གླིང་གི་ཆེས་འཇིགས་ཉེན་ཆེ་བའི་ནད་རིགས་གང་མང་འདྲེས་སླ་སའི་སྤྱི་ཚོགས་ཤིག་ཏུ་ཆགས་འདུག འདིར་འབྱོར་བཞིན་པའི་ཕྱི་གླིང་གི་ཡུལ་སྐོར་སྤྲོ་འཆམ་པ་བརྒྱ་ཆ་དྲུག་བཅུ་ཙམ་འཕྲོད་བསྟེན་དང༌། བྱ་སྤྱོད་སོགས་གང་ལྟར་ཚད་ལྡན་གྱི་ལག་ཁྱེར་མེད་པ་ཤ་སྟག་ཡིན་པས་འདིའི་རིགས་ཀྱིས་བོད་པའི་གཞོན་སྐྱེས་ཚོའི་ཀུན་སྤྱོད་དང༌། འཕྲོད་བསྟེན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་འདུག དཔེར་ན་བོད་པའི་གཞང་བཙོང་མ་ཚོས་འཕྲོད་བསྟེན་ལ་དོ་སྣང་མི་བྱེད་པར་ལྐོག་ནས་ཡུལ་སྐོར་སྤྲོ་འཆམ་པ་ཚོ་དང་འབྲེལ་བ་བྱེད་བཞིན་པ་དང༌། གཞོན་སྐྱེས་མང་པོ་ཞིག་ལ་ཡུལ་སྐོར་བ་ཚོས་སྨན་རིགས་དང་ཐ་མག་ནག་པོ་འཐེན་རྒྱུ་སོགས་ཀྱི་གོམས་གཤིས་འཇོག་གིན་འདུག ཁྱེད་རང་གསར་འགོད་པ་ཞིག་ཡིན་པ་དང༌། རང་གི་སྤྱི་ཚོགས་ལ་ཤ་ཚ་མཁན་ཞིག་ཡིན་པའི་ཆ་ནས།   རང་གི་སྤྱི་ཚོགས་ཁྲོད་ཀྱི་གནད་དོན་འདི་འདྲའི་སྒང་ལ་རྟོགས་ཞིབ་བྱེད་འོས་པ་ཞིག་རེད། ཅེས་བཤད་བྱུང༌།   ཕྱི་མི་ཞིག་གིས་ང་ཚོ་བོད་པ་ཚོ་གནས་སྡོད་བྱེད་སའི་སྤྱི་ཚོགས་འདི་ལ་འདི་འདྲའི་དོ་ཁུར་དང༌། སེམས་འཚབ་ཀྱིས་བླང་བྱ་འདོན་སྐབས་ང་ལ་རང་བཞིན་གྱིས་སེམས་ཁྲལ་ཞིག་སླེབས་བྱུང༌། དེ་ཡང་བསམ་བློ་ཞིབ་མོར་བཏང་ན་ང་རྡ་ས་དང་ཁ་གྱེས་ཏེ་ལོ་ཁ་ཤས་འགོར་ཡོད་པ་དང་ཕྱིར་ཡོང་ནས་ཀྱང་ཟླ་གཉིས་གསུམ་ལས་འགོར་མེད་པ།  མ་གཞི་རྡ་སའི་སྤྱི་ཚོགས་ལ་རྒྱུས་ལོན་ཆུང་བས་ངའི་མིག་མདུན་དང་རྒྱབ་མདུན་ན་གནད་དོན་མང་པོ་ཅིག་ལྷག་འདུག འདི་ལྟ་བུའི་གནད་དོན་མང་པོ་ཞིག་ལ་ང་ཚོས་ངེས་པར་དུ་ཞིབ་འཇུག་དང་འགན་ལེན་བྱེད་དགོས་པའི་ཚད་ལ་སླེབས་འདུག  ང་ཚོས་མང་པོ་ཞིག་དང་ཆེན་པོ་ཞིག་བཤད་བཞིན་ཆུང་ཆུང་གི་གནད་དོན་མང་པོས་ང་ཚོའི་ཡོད་ཚད་འཐུས་ཤོར་དང་འཇིགས་ཉེན་ལ་འདེད་ཀྱིན་འདུག དེའི་རྐྱེན་གྱིས་འདི་ལྟ་བུའི་གནད་དོན་གྱིས་ང་ཚོ་རང་ཉིད་གནས་སྡོད་བྱེད་སའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ལ་ཤུགས་རྐྱེན་ག་རེ་ཐེབས་བཞིན་པ་སོགས་ཀྱི་ཐད་ལ་བསམ་ཚུལ་ལྷུག་པོར་བརྗོད་རོགས། 

གསར་འགོད་པ། ཚེ་རིང་སྐྱིད།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese