མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏང་ལ་རྩེད་མོ་དགོས་ཀྱང་དམངས་ལ་རང་དབང་དགོས།

བོད་ཀྱི་དུས་བབ།
༢༠༠༨/༠༧/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཆེན་མོས་འཛམ་གླིང་གི་ཞི་བདེ་དང་རང་དབང༌། མཛའ་མཐུན། བདེ་སྐྱིད་བཅས་ཀྱི་ངོ་བོ་མཚོན་ཡོད་པས། རྒྱལ་ཁབ་དང་མི་རིགས་ཀྱི་དབྱེ་བ་མེད་པར་འཛམ་གླིང་ཡུལ་གྲུ་ཁག་གི་མི་དམངས་ཚང་མས་དགའ་འབོད་དང་བརྩི་བཀུར་ཞུ་གི་ཡོད། 

ཡིན་ནའང༌། ༢༠༠༨ལོའི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་གྱི་དབུ་འབྱེད་མཛད་སྒོ་དེ་རྒྱ་ནག་རྒྱལ་ས་པེ་ཅིང་དུ་འཚོགས་རྒྱུར་བདུན་ཕྲག་གཉིས་ལས་ལྷག་མེད་པའི་སྐབས་འདིར། རྒྱ་ནག་མི་དམངས་ཀྱིས་སྲིད་གཞུང་གི་བརྡབ་གསིག་མ་ཐེག་པར་ཨོ་རྩེད་མི་དགོས་རང་དབང་དགོས”ཞེས་འུ་ཐུག་པའི་འཁུན་སྒྲ་སྒྲོག་མགོ་བཙུགས་ཡོད་པའི་གནས་ཚུལ་ཁྱབ་ཀྱིན་ཡོད། དེ་ནི་ཀྲུང་དབྱང་སྲིད་གཞུང་གིས་རང་དབང་དང་ཞི་བདེ་མེད་པའི་ཀྲུང་གོའི་ངོ་གདོང་དངོས་མ་དེ་འགེབས་ཆེད་ཨོ་རྩེད་ཀྱི་བདེ་འཇགས་ལ་ཁ་གཡར་ཏེ། པེ་ཅིང་དང་ཧྲང་ཧེ། ཐེན་ཅིན། ཧྲན་དབྱང༌། ཞང་ཀང༌། ཆིན་ཏོ། ཆིན་ཧང་ཏོ་བཅས་ཨོ་རྩེད་འགྲན་ར་ཡོད་སའི་གྲོང་ཁྱེར་བདུན་ལ་ཞིབ་བཤེར་ནན་མོ་བྱས་ཏེ། ཞིང་ཆེན་གཞན་ནས་ཡིན་པའི་གཞུང་འབྲེལ་མ་ཡིན་པའི་ཕྱོགས་ཐོན་ཚོང་གཉེར་བ་དང་ལས་ཀ་བ་སོགས་ཕྱིར་ཕུད་བཏང་བར་མ་ཟད། ས་གནས་མི་དམངས་ཀྱི་སྒེར་གཉེར་མགྲོན་ཁང་དང་ཟ་ཁང༌། ཚོང་ཁང༌། དཔེ་ཁང༌། སྤྱི་སྤྱོད་ཁ་པར་གཏོང་ས། དྲ་ཁང་བཅས་སྒོ་རྒྱག་ཏུ་བཅུགས་པ་དང༌། གླ་གཏོང་རླངས་འཁོར་འཁོར་རྒྱུགས་ལ་ཚད་བཀག་བཟོས་སྟབས་གྲོང་ཁྱེར་གྱི་མི་མང་པོར་ལས་ཀ་མ་རག་པར་འཚོ་བའི་ཐད་དཀའ་ངལ་འདྲ་མིན་སྣ་ཚོགས་འཕྲད་ཀྱིན་པའི་རྐྱེན་གྱིས་ཡིན་འདུག

གཞན་ཡང་གྲོང་ཁྱེར་ཁུལ་དུ་གནས་སྡོད་དམག་མི་ལས་སྒྱུར་བ་དང༌། ཐོབ་ཐང་གཙོ་གཉེར་མཁན། དམངས་གཙོ་དོན་གཉེར་ཅན། ལྟ་གྲུབ་སྨྲ་བ་བོ། ཆོས་འཁོར་རྩ་རླུང་བ་བཅས་དོགས་ཟོན་བྱ་ཡུལ་ཁྱབ་ཁོངས་ལྔ་རུ་བགོས་ཏེ་གནས་དུས་ངེས་མེད་ཀྱིས་བཙན་འཁྲིད་འདྲི་གཅོད་དང༌། ཐ་ན་ཁྲིམས་མཐུན་བརྡ་ཁྱབ་མེད་པར་དུས་བཀག་བཙོན་གཉེར་བྱེད་པ། གཞན་ཡང་གྲོང་ཁྱེར་ཁག་གི་མི་མང་འདུ་འཛོམས་བྱེད་སའི་ཚོང་ར་དང༌། རླངས་འཁོར་ས་ཚུགས། མེ་འཁོར་ས་ཚུགས། གནམ་ཐང་བཅས་སུ་སྤྱི་བདེ་མི་སྣས་བཙན་ཤུགས་དང་རང་སྣང་གང་ཤར་གྱིས་མང་ཚོགས་ཀྱི་ལག་ཁུག་དང༌། རྒྱབ་ཁུག་སོགས་ལ་བསྔོགས་བཤེར་བྱས་ཏེ་མི་མང་ལ་སུན་གཙེར་བཟོ་བའི་སྐྱུག་བྲོ་བའི་སྣང་ཚུལ་དེ་རིགས་ཀྱིས་མི་མང་ལ་བློ་ཕམ་དང་ཁོ་ཁྲོང་ཚད་མེད་བསླངས་ཏེ། འཛམ་གླིང་གཅིག་ལ་རྨི་ལམ་གཅིག་ཅེས་པའི་གུང་ཁྲན་ཏང་གི་སྦྱར་བྱང་སྣུམ་པོ་དེ་ལས་ལྡོག་སྟེ། “པེ་ཅིང་ཨོ་རྩེད་ནི་དྲག་སྤྱོད་ཅིག་རེད། ང་ཚོར་ཨོ་རྩེད་མི་དགོས་རང་དབང་དགོས”ཞེས་རང་གི་འདོད་འདུན་དང་འུ་ཐུག་ཐབས་ཟད་གྱི་རྣམ་པ་མཚོན་པའི་གནས་ཚུལ་འདྲ་མིན་སྣ་ཚོགས་ཤིག་རྒྱལ་སྤྱིའི་རང་དབང་ཅན་གྱི་གསར་ལམ་ཁག་ཏུ་སྤེལ་ཡོད་པ་རེད།

དེའི་ཐད་ནེའུ་ཡོག་དུས་བབ་ཚགས་པར་སྟེང་རྩོམ་བྱང་ལ་ ༼ཀྲུང་གོའི་དངོས་བདེན་མ་ཡིན་པའི་བརྙན་འཕྲིན༽ ཞེས་པའི་སྤྱི་ཚོགས་དཔྱད་གླེང་གི་རྩོམ་ཡིག་ཅིག་ཀྱང་སྤེལ་ཡོད་པ་དེར། རྒྱ་ནག་གིས་དེ་སྔོན་ཨོ་རྩེད་མགྲོན་བདག་ཐོབ་ཆེད་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་རྒྱ་ནག་གི་གསར་འགོད་རང་དབང་དང༌། འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུ་སོགས་ངེས་ལེན་དམ་འབུལ་བྱས་ཡོད། ང་ཚོས་རྒྱ་ནག་གི་མགོ་ཁྲིད་རྣམས་ཀྱིས་དམ་ཚིག་དེ་བརྩི་སྲུང་བྱ་རྒྱུ་ཡིན་མིན་བཤད་དཀའ་ན་ཡང༌། རྒྱལ་སྤྱིའི་ཨོ་རྩེད་ལྷན་ཚོགས་དང༌། ཨོ་རྩལ་ཐེབ་རྩ་ཚོགས་པ། འཛམ་གླིང་གི་རྒྱལ་ཁབ་ཁག་གི་སྲིད་གཞུང་བཅས་ནས་རྒྱ་ནག་གིས་སྔར་གྱི་དམ་ཚིག་སྲུང་དགོས་པར་རེ་སྐུལ་དང་རྣམ་འགྱུར་སྟོན་དགོས་ངེས་ཞིག་རེད་ཅེས་དང༌། རྒྱ་ནག་གིས་གསར་འགོད་པ་རྩེད་འགྲན་ར་བར་འཛུལ་ཞུགས་ཆོག་པའི་ཆོག་མཆན་དཔང་ཡིག་སྤྲོད་ཀྱིན་མེད་པ་དང༌། གསར་འགོད་པས་མི་མང་འདུ་འཛོམས་ཀྱི་ཚོགས་ར་ནས་པར་དང་གནས་ཚུལ་མཁོ་སྤྲོད་བྱེད་པར་སྤྱི་བདེ་མི་སྣས་བཀག་འགོག་བྱེད་བཞིན་པར་མ་ཟད། ཨོ་རྩེད་སྐབས་གནས་ཚུལ་འདྲ་མིན་ཕྱིར་གཏོང་མི་ཡོང་བའི་ཆེད་དུ་རྒྱ་ནག་ནང་ལོག་གི་བརྡ་འཕྲིན་གསར་འགོད་ལས་སྣེ་ཁག་ལ་འཇིགས་སྐུལ་བཀའ་རྒྱ་བཏང་སྟེ་ཕྱོགས་གང་ཐད་ནས་འགོག་སྡོམ་བྱེད་བཞིན་ཡོད། དེ་བས་ང་ཚོས་རྒྱ་ནག་ལས་གཞན་ད་དུང་སྐྱོན་བརྗོད་བྱེད་དགོས་ངེས་ཤིག་ནི་རྒྱལ་སྤྱིའི་ཨོ་རྩེད་ལྷན་ཚོགས་རེད། ཨོ་རྩེད་གོ་སྒྲིག་ཚོགས་ཆུང་གིས་རྒྱ་ནག་གི་ཁྲིམས་འགལ་གྱི་བྱ་སྤྱོད་དེ་དག་སྣང་མེད་དུ་བཞག་ཡོད་པ་རེད། ཨོ་རྩེད་ལ་འདི་འདྲའི་ཚད་བཀག་ཆེན་པོ་བཟོས་རྐྱེན་རྩེད་འགྲན་སྐབས་རྒྱལ་སྤྱིའི་ཐོབ་ཐང་གཙོ་གཉེར་བ་དང་ལུས་རྩལ་མི་སྣའི་ཁྲོད་ངོ་རྒོལ་གྱི་རྣམ་པ་སྟོན་མཁན་འབྱུང་ངེས་པས། རྒྱ་ནག་གིས་འཛམ་གླིང་མི་མང་གི་མིག་མདུན་ནས་བརྙན་རིས་དེ་དག་ཇི་ལྟར་ཐག་གཅོད་བྱ་རྒྱུར་སྔོན་ནས་བསམ་ཞིབ་གནང་དགོས་པ་ཞིག་ཀྱང་རེད་ཅེས་བརྗོད་ཡོད་པ་རེད།

ཨོ་ལིམ་པིག་རྩེད་འགྲན་ལ་སླེབས་ལ་ཉེ་བའི་དུས་སྐབས་འདིར་རྒྱ་ནག་ནང་ཁུལ་གྱི་མི་མང་ལ་སྔར་མེད་ཀྱི་དཀའ་ངལ་མང་པོ་ཞིག་བྱུང་རྐྱེན། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་རྒྱ་ནག་ལ་སྐྱོན་བརྗོད་ཀྱི་རྣམ་པ་འཐོན་བཞིན་ཡོད། ཉེ་བའི་གནས་ཚུལ་ལ་གཞིགས་ན་ཨོ་རྩེད་སྐབས་རྒྱ་ནག་གི་ངོ་གདོང་བཤུ་བའི་གནས་ཚུལ་འདྲ་མིན་སྣ་ཚོགས་ཤིག་འབྱུང་རྒྱུ་ཡིན་པ་ཐག་གིས་གཅོད་ཐུབ་ལ། དེ་ནི་གུང་ཁྲན་ཏང་གི་དབང་ཆ་གཅིག་སྡུད་ཀྱི་སྒེར་གཅོད་ལམ་ལུགས་དེ་དུས་རབས་ཉེར་གཅིག་པའི་མིའི་རིགས་ཀྱི་སྤྱི་ཚོགས་ཁྲོད་གནས་ཐབས་བྲལ་བའི་སྔོན་རྟགས་གལ་ཆེན་ཞིག་ཀྱང་ཡིན་ནོ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 2

  1. ཀརྨ་དོན་གྲུབ། says:
    ལོ་ 18 སྔོན།

    ཨོ་ལིམ་པིག་དེ་རྒྱ་ནག་ལ་འདི་འདྲའི་གལ་ཆེ་དོན་ཅི་ཡིན་ནམ། དོན་ངོ་མར་ཁེ་ཕན་ག་རེ་ཞིག་རག་གི་ཡོད་དམ། སུ་ཞིག་གིས་ཀྱང་ད་བར་འདི་གསལ་བོ་ཞིག་བཤད་མ་སོང་།

    Reply
  2. འབྲོག་རུ་ཆོས་གྲགས། says:
    ལོ་ 18 སྔོན།

    རྒྱ་ནག་གིས་དེ་འདྲ་བྱས་ནས་ཐབས་བརྒྱ་ཇུས་སྟོང་གིས་རྕེད་འགྲན་ཆེན་མོ་འཚོགས་ཐབས་བྱེད་ཀྱི་རེད། དེ་འགྲུབ་སོང་ན་རྒྱ་ནག་གི་འདོད་པ་ཆེ་ཤཽས་དེ་འགྲུབ་སོང་བ་རེད་བོད་དོན་ཡང་དེ་དང་མཉམ་དུ་མཇུག་རྫོགས་སོང་བ་ངོས་འཛིན་བྱེད་ཀྱི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese