རྒྱ་ནག་གི་ཞིན་ཧྭ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་གི་ས་མཚམས་ཁུལ་གྱི་ཉེན་རྟོག་ས་ཚིགས་ཤིག་ཏུ་གད་སྙིགས་སྐྱེལ་མཁན་རླངས་འཁོར་ཞིག་གིས་གཏོར་རྒོལ་བྱས་ཏེ་ཉེན་རྟོག་པ་ ༡༦ བསད་ཡོད་འདུག རྒྱ་ནག་གིས་གཏོར་རྒོལ་བྱེད་མཁན་གྱི་མི་གཉིས་འཛིན་བཟུང་བྱས་ཡོད་ཚུལ་བརྗོད་ཡོད་ནའང་། མི་དེ་གཉིས་ཀྱི་གནས་ཚུལ་ཞིབ་ཕྲ་བཀོད་མི་འདུག
གོང་གསལ་གཏོར་རྒོལ་དེ་ནི་ཕྱི་ཚེས་ ༤ ཉིན་བྱུང་ཡོད་པ་དང་། གཏོར་རྒོལ་བྱེད་མཁན་དེ་ནི་ཞིན་ཅང་གི་ཡུ་གར་མི་རིགས་ཀྱི་ས་ཁུལ་ཀ་ཞི་ཞེས་པ་དེ་ཡིན་པ་དང་། ཁོང་ཚོས་གད་སྙིགས་རླངས་འཁོར་ཞིག་བཏང་སྟེ་རྒྱ་ནག་གི་དྲག་ཆས་ཉེན་རྟོག་པའི་ས་ཚིགས་ཤིག་ལ་ཕར་རྒོལ་བྱས་པ་དང་། ཞོར་དུ་ལག་ཐོགས་འགད་རྫས་གཉིས་གཡུག་སྟེ་ཉེན་རྟོག་པ་ ༡༦ བསད་པ་དང་། མང་པོ་ཞིག་རྨས་ཡོད་འདུག
ཞིན་ཧྭ་གསར་ཁང་གིས་བཤད་ན། ཕར་རྒོལ་བྱེད་མཁན་མི་གཉིས་འཇུས་ཡོད་པ་དང་། ཡིན་ནའང་ཁོང་གཉིས་ཀྱི་གནས་ཚུལ་ཞིབ་ཕྲ་བཀོད་མི་འདུག
གོང་གི་བསོད་ནམས་ཚེ་རིང་གི་བསམ་ཚུལ་ཐུང་ངུ་དེ་འདི་ལྟར་བྲིས་འདུག
རྒྱ་མིས་བཤད་པར་ང་ཚོས་ཡིད་ཆེད་གང་འདྲ་བྱས་ནས་བྱེད་དགོས་རེད་དམ། གལ་སྲིད་བདེན་པ་ཡིན་ན་ཤིང་བྱང་གི་དཔའ་པོར་གུས་འདུད་ཞུ།
གོང་གི་ཐེ་བོ་ཤེས་རབ་རྒྱ་མཚོའི་བསམ་ཚུལ་ཐུང་ངུ་དེ་གཉིས་འདི་ལྟར་བྲིས་འདུག
ཁྱོད་ཚོས་གནས་ཚུལ་འདི་བདེན་པ་རེད་བསམ་གྱིན་འདུག་གམ། ང་འདི་ལ་ཡིད་མི་ཆེས་ཀི་ རྒྱ་ནག་གཞུང་གིས་ཤིན་ཅང་ལ་དྲག་གནོན་བྱ་རྒྱུར་ཁ་གཡར་ས་བྱས་པ་རེད། གུང་ཁྲན་ཏང་གི་ལོ་རྒྱུས་ཁྲོད་ཏང་དང་མི་མཐུན་པའི་ཤོག་ཁག་རྩ་མེད་བཟོ་ཐབས་སུ་ཁོང་ཚོས་གནས་ཚུལ་འདི་འདྲ་རྫུན་མ་མང་པོ་འཁྲབ་སྟོན་བྱས་ཡོད་པ་རེད། སང་ཉིན་ཁོང་ཚོས་བོད་ཡུལ་དུའང་འདི་འདྲའི་འཁྲབ་སྟོན་ཞིག་བྱ་སྲིད་ན་ཐང༌། ང་ལ་དེའི་ཕྱོགས་སུ་སེམས་ཁྲལ་ཧ་ཅང་ཆེན་པོ་འདུག
ཡིན་ཡང་འཚེ་མེད་ཞི་བ་ཆེན་པོའི་ཏིང་འཛིན་རོ་ཡིས་བཟི་བ་ཡི།
གདོང་དམར་ཚང་གི་བུ་རབས་ཚ་བརྒྱུད་ད་དུང་མ་ཎི་འདོན་ཞོར་གཉིད།
མི་རིགས་གཞན་གྱི་བཙན་གནོན་འོག་ནས་མགོ་བོ་གྱེན་དུ་འདེགས་པ་ལ། །
དམར་པོ་ཁྲག་གི་རྦ་རླབས་འཕྱུར་བ་འགོག་ཏུ་མེད་པའི་དོན་དངོས་ལགས།
འདི་ད་བདེན་སྲིད།
འདི་ད་བདེན་སྲིད།
འབར་རྫས་གས་གཏོར་གཏོང་མཁན་དག་གིས། ད་དུང་ཨོ་ལིམ་པིག་རྩེད་འགྲན་ལ་ཞུགས་མཁན་དག་ཐེངས་འདིའི་རྩེད་འགྲན་ནས་ཕྱིར་འཐེན་མ་བྱས་ཚེ། རང་གི་ཚེ་སྲོག་དང་རྩེད་འགྲན་གཉིས་ལས་གཅིག་གདམ་ཀ་ཡིན་སྲིད་པའི་ཉེན་བརྡ་ཡང་བཏང་ཡོད་ཚོད་འདུག