མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད། རླུང་རྩིའི་ནང་གི་བྱེའུ་ཕྲུག

བོད་ཀྱི་དུས་བབ།
༢༠༠༨/༠༨/༢༠
Share on FacebookShare on TwitterShare on EmailShare on Whatsapp

                                    དབུས་ཕྲུག་ཚེ་རིང༌།

    འདབ་གཤོགས་མ་རྒྱས་པའི་བྱེའུ་ཕྲུག་ཅིག་རླུང་རྩིའི་ནང་དུ་བཅུག་ནས་མི་ལོ་ཞེ་བརྒྱད་ལྷག་སོང་ཡོད། དེ་དག་ནི་བཙན་འཛུལ་དང་ཆེས་ཡ་ང་བའི་གདུག་རྩུབ་ཀྱི་ལོ་ཟླ་ཞིག་ཡིན་པར་སུས་ཀྱང་སྨྲ་མི་དགོས། འུ་ཐུག་བཟོད་བྲལ་གྱི་ན་ཟུག་སྐྱུར་མོ་དེས་སླར་ཡང་འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་ནས་བཟུང༌། བཙན་པོའི་སྙིང་སྟོབས་དང་ལ་ཞེན་དེ་བོད་མདོ་དབུས་ཁམས་གསུམ་གྱི་གདོང་དམར་གྱི་ཚ་བོ་རྣམས་ལ་སྤྲད་དེ། དུས་རབས་ཕྱེད་ཙམ་རིང་གི་རྒྱ་ནག་གུང་ཁྲན་ཏང་གི་བསླུ་བྲིད་དང་གཡོ་ཇུས་རྣམས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མདུན་སར་ཁྲག་དྲོན་དང་ངུ་འབོད་ཀྱིས་བཤམས་སྟོན་བྱས། འོན་ཀྱང་བྱིའུ་ཕྲུག་དེ་ནི་མུན་ནག་གི་ལྕགས་དྲའི་ནང་སྔར་བས་ཀྱང་འཇིགས་སྐྲག་དང་ཉེན་ཚབས་ཀྱི་གནས་སུ་ལྷུང་ཡོད། ཉེ་སྔོན་བོད་རྒྱ་ཞི་མོལ་གྱི་སྐུ་ཚབ་ཐེངས་བདུན་པ་གྲང་འཁྱགས་ཀྱི་རླུང་རྩིའི་ནང་ནས་འདར་སིག་སིག་གིས་འ་ཆད་འུ་ཐུག་ངང་ཕྱིར་ལོག་གནང་སོང༌། ད་ཆ་ང་ཚོར་ལེགས་ཉེས་དང་རེ་སྒུག་གི་ཉིན་ཐ་མ་སྐུ་ཚབ་ཐེངས་མ་བརྒྱད་པ་སྟེ་སྤྱི་ཟླ་བཅུ་པ་དེ་ཡིན། དེ་སྐབས་ད་ལྟའི་གནས་ཚུལ་གྱི་འཕེལ་རིམ་གཞིར་བཟུང་དོན་དངོས་ལ་འཕེལ་རྒྱས་ཀྱི་སྒུལ་ཤུགས་མེད་ཕྱིན་རྒྱལ་སྤྱིའི་རྩ་ཁྲིམས་ནང་མི་རིགས་ཤིག་གི་སྤྱི་འབངས་ཀྱི་ཐོབ་ཐང་ལྟར་རང་ཐག་རང་གཅོད་ཀྱི་དམིགས་ཡུལ་ལམ། ཡང་ན་རྒྱལ་ཁབ་གསུམ་པ་ཞིག་གི་བར་དཔང་དང༌། སྐུ་ཚབ་ཚོགས་མི་བརྗེ་བསྒྱུར་བྱ་རྒྱུས་མཚོན་ཐབས་ལམ་གཞན་ཞིག་འཚོལ་སྒྲུབ་བྱེད་རྒྱུ་དུས་ལ་བབ་ཡོད། གཞུང་དང་ཚོགས་པ་བྱེ་བྲག་པ་སུ་ཡིན་ཀྱང་ཐབས་ལམ་ཕྱོགས་གཅིག་པུར་ཨུ་ཚུགས་བརྒྱབ་པ་ལས། མི་ཡི་ནུས་ཤུགས་དང་དཔལ་འབྱོར་འགྲོ་གྲོན་ཁ་ལོ་བསྒྱུར་ནས་བརྒྱུད་ལམ་གཞན་ཞིག་གཏོད་དགོས་ངེས་ཡིན། དེ་ཡང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་སློབ་གྲྭ་ཁག་ཏུ་ཡོད་པའི་རྒྱ་མི་རིགས་དང༌། ཧོང་ཀོང༌། ཐའེ་ཝན་སོགས་ཀྱི་ནང་རྒྱ་ནག་སྐམ་ས་ནས་ཡོང་བའི་རྒྱ་མི་རིགས་ཀྱི་ཁྲོད། ང་ཚོས་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་བོད་ནང་གི་ཆེས་ཐལ་ཆར་གྱུར་པའི་ཕྱོགས་ལྷུང་དང་སྡུག་སྦྱོང༌། དེ་ལྟ་བུའི་སྐྱོ་གནས་ཀྱི་ཟུངས་ཁྲག་ཐིགས་པ་རེ་རེ་བཞིན་ཁོ་ཚོའི་དབང་རྩའི་ནང་དུ་སིམ་ཐུབ་པ་བྱེད་རྒྱུ་དེ་གཙོ་གནད་ཅིག་ཡིན། དེ་ལྟར་གོམ་པ་རེ་རེ་བཞིན་རླུང་རྩིའི་ནང་གི་བྱེའུ་ཕྲུག་ཅིག་སྲོག་ཉེན་ལས་སྐྱོབ་ཐབས་དང༌། དེ་ཉིད་ཀྱི་མངོན་འདོད་ཅི་ཡིན་རླུང་བུའི་ཁ་ཕྱོགས་དང་བསྟུན་རྒྱ་ནག་མི་དམངས་ཀྱི་སྤྱི་ཚོགས་ཁྲོད་འགྲེམས་སྤེལ་བྱས་ཏེ། རྒྱ་ནག་གཞུང་གི་སེང་རས་འོག་དམར་གསོད་ཀྱི་ཆུ་གྲི་རྣོན་མོ་དེ་དམར་རྗེན་དུ་ཕྱིར་འདོན་དགོས། དཔེར་ན་ཁྱིམ་གཞི་གཅིག་ལ་འགྲན་དགོས་ན། དང་པོར་རང་ཉིད་ཀྱི་སྟོབས་ཤུགས་ཀྱིས་འགྲན་བཟོད་དགོས་ལ། དེ་ལྟར་མིན་ན། ཕ་རྒན་དང་མཉམ་དུ་ནང་མོལ་བྱེད། དེས་ཀྱང་མི་འགྲིགས་ན་ཁྱིམ་མཚེས་ཀྱི་ཁོར་ཡུག་གཡར་ནས་ནང་མི་གཞན་རྣམས་ཀྱི་སེམས་ཁམས་དབང་བསྒྱུར་བྱེད་དགོས། དེ་རིང་བར་ང་ཚོས་རྒྱ་ནག་དབུས་གཞུང་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་མ་གཏོགས་རྒྱ་ནག་མི་དམངས་ཀྱི་སེམས་ཁམས་ནང་སིམ་འཛུལ་བྱས་མེད། དེ་བཞིན་བོད་ནང་དུ་སྒྲིག་འཛུགས་ཤིག་ཆགས་ཐུབ་མེད་ལ། ང་ཚོས་ཀྱང་མི་སྣ་རེ་ཟུང་མ་གཏོགས་སྒྲིག་འཛུགས་ལྡན་པའི་གསང་བའི་ཚོགས་པ་ཞིག་ཀྱང་བོད་ནང་དུ་འཛུགས་ཐུབ་མེད། ལོ་རྒྱུས་ཀྱི་དུས་རིམ་ནང་རང་བཙན་ཐོབ་པའི་རྒྱལ་ཁབ་བརྒྱ་ཕྲག་ཡོད་ཀྱང༌། ཕྱི་ཕྱོགས་ནས་ལས་འགུལ་སྤེལ་ནས་ནང་དུ་རང་བཙན་ཐོབ་པའི་རྒྱལ་ཁབ་གཅིག་ཀྱང་མེད། དེས་ན་ང་ཚོས་མདུད་པ་དགུ་བཅིངས་ཀྱི་ལྕགས་སྒྲོག་དེ་གཏོར་ཆེད། བློ་རྩེ་གཅིག་སྒྲིམ་གྱིས་ཤེས་ཡོན་དང་དཔལ་འབྱོར་གོང་འཕེལ་བཏང་ཐོག་གོང་གི་ལམ་ཁ་དེ་མི་མྱུལ་ཐབས་མེད་དུ་གྱུར་ཡོད། དེ་ནི་ངར་ལྕགས་ལས་ཀྱང་མཁྲེགས་ཤིང་འབར་ཆོག་ཆོག་གི་རྒྱ་ནག་དམར་གཞུང་གི་ཕྱི་ཡི་ལྕགས་རི་གཏོར་བྱེད་ཀྱི་འབར་རྫས་ནུས་ལྡན་ཞིག་ཡིན།།

འབྲེལ་ཡོད་གསར་འགྱུར།

བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

སྐར་མ ༨ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༢ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༥ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠
ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

༢༠༢༦/༠༣/༠༩
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

༢༠༢༦/༠༣/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese