ཨོ་ལིམ་པིག་རྩེད་འགྲན་གྲོལ་རྗེས་ཀྱི་འབར་གས་དང་པོ་དེ་རྒྱ་ནག་ཀང་ཞི་ཞིང་ཆེན་གྱི་ཡེ་ཛོ་གྲོང་ཁྱེར་ནང་གཏོར་ཏེ་ཉུང་མཐར་མི་ ༡༡ བསད་པ་དང་། ༥༧ རྨས་ཡོད་འདུག མི་ ༨ གར་སོང་ཆ་མེད་དུ་གྱུར་འདུག
ཕྱི་ཚེས་ ༢༦ ཉིན་ཡེ་ཛོ་གྲོང་ཁྱེར་གྱི་བཟོ་གྲྭ་ཞིག་གི་འགྲམ་ནས་འགད་རྫས་འགའ་ཤས་གཏོར་ཡོད་པ་དང་། འགད་རྫས་དེ་ས་ཁོད་མི་ཊར་གྲུ་བཞི་མ་ ༡༠༠༠༠ ལྷག་གི་སྟེང་གཏོར་ཡོད་པ་དང་། དེར་ཁྱིམ་ཚང་ ༡༡༥༠༠ ལྷག་ཡོད་འདུག ཐེངས་འདིའི་འགད་རྫས་ཁྲོད་མི་ ༡༡ བསད་པ་དང་། ༥༧ རྨས་ཤིང་། མི་ ༨ གར་སོང་ཆ་མེད་དུ་གྱུར་འདུག་ཟེར།
ད་ལྟའི་ཆར་འགད་རྫས་འདི་སུ་ཞིག་གིས་གཏོར་བ་དང་དམིགས་ཡུལ་ཅི་ཡིན་སོགས་རྩད་ཞིབ་བྱེད་ཀྱི་ཡོད་ནའང་། ཁུངས་སྣེ་ཅི་ཡང་རག་མེད་ཚུལ་འདུག