ཉིན་ཤས་སྔོན་ནས་བཀའ་བློན་ཟུར་པ་རྣམས་ཀྱི་ཚོགས་འདུ་ཞིག་བཞུགས་སྒར་དུ་འཚོགས་ཡོད་པ་དང་། སྐབས་དེ་དང་བསྟུན་ཕྱི་ཚེས་ ༢༤ ཉིན་འདི་ག་གསར་ཁང་གིས་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ལ་ཁོང་གིས་རྒྱུན་རིང་པོ་ཞིག་ལ་གསུང་བསྡད་པའི་བོད་མིའི་རང་ཐག་རང་གཅོད་ཀྱི་ལྟ་བ་དང་ལག་ལེན། མ་འོངས་པའི་བོད་དོན་གྱི་ཁ་ཕྱོགས་བཅས་ཀྱི་ཐད་བཅར་འདྲི་ཞུས་པ་ཡིན།
དྲི་བ། སྐུ་ངོ་ལགས་ད་རེབ་ཚུར་ཕེབས་སྐབས་ངྷ་རམ་ས་ལར་ཚོགས་འདུ་མང་པོ་དང་སྲིད་དོན་གྱི་ལབ་གླེང་མཐོ་བའི་སྐབས་ཤིག་རེད། ལོ་མང་པོ་ཞིག་གི་རྗེས་ལ་སླར་ཡང་རི་ངོགས་འདིར་སླེབས་དུས་བོད་དོན་ཐོག་ཚོར་སྣང་གང་འདྲ་ཞིག་བྱུང་།
ལན། ཚོར་སྣང་ཡག་པོ་འདུག ལྷག་པར་དུ་ད་ལོ་གསུམ་བཅུའི་དུས་དྲན་ནས་བཟུང་བོད་ཀྱི་ས་ཆ་མང་པོར་བོད་མི་དམངས་ཀྱིས་ངོ་རྒོལ་བྱས། བོད་པའི་རྣམ་འགྱུར་ཤུགས་ཆེན་པོར་བསྟན་པ་རེད། དེའི་སྐབས་ལ་ཕྱི་ལོགས་ལ་ཡོད་པའི་བོད་མི་ཚོས་ཀྱང་གཅིག་མཚུངས་ཀྱི་རྣམ་འགྱུར་བསྟན་པ་རེད། རྒྱ་གར་དང་ཕྱི་རྒྱལ་ལུང་པ་མང་པོར་ངོ་རྒོལ་བྱས་འདུག ད་ནི་བོད་ཀྱི་རྩ་དོན་ཐོག་བོད་པ་ཟེར་བ་འདི་ཕྱི་ནང་གཉིས་ཀ་ནས་གཅིག་པ་རེད་སྙམ་པའི་ཚོར་སྣང་ཤུགས་ཆེན་པོ་བྱུང་།
དྲི་བ། སྐུ་ངོ་མཆོག་གིས་བོད་ལ་རང་ཐག་རང་གཅོད་ཀྱི་ཐབས་ལམ་ཞིག་གསུང་བསྡད་ཡོད་པ་རེད། ད་ལྟའི་ཆར་དགོངས་ཚུལ་དེར་སྔར་ལས་ལྷག་པའི་ཡིད་ཆེས་དང་ངེས་ཤེས་གང་འདྲ་ཞིག་ཡོད།
ལན། ངས་སྔོན་མ་ནས་ང་ཚོས་རང་ཐག་རང་གཅོད་ཀྱི་སྐད་ཆ་བཤད་དགོས་པ་རེད་ཅེས་པ་དེ་ད་དུང་ཡིན་ན་བསམ་ཚུལ་དེ་ག་རང་ཡིན། ལོ་ ༥༠ རིང་ལ་རྒྱ་མིས་བོད་འདི་རང་བཙན་ཡིན་པ་དང་རྒྱ་ནག་དང་ཁ་ཁ་ཡིན་པ་ངོས་འཛིན་བྱེད་གི་ཡོད་པ་མ་རེད། མི་ཚོས་བོད་ཀྱི་རིག་གཞུང་དང་མི་རིགས་རྩོད་སྐབས་ཁོ་ཚོས་བོད་རང་སྐྱོང་ལྗོངས་ལ་མཛུབ་མོ་འཛུགས་པ་དང་། ཁམས་དང་ཨ་མདོ་ལ་བོད་ཀྱི་མིང་ཡང་འདོགས་གི་ཡོད་པ་མ་རེད། སི་ཁྲོན་དང་མཚོ་སྔོན་བཅས་ཀྱི་ས་གནས་བོད་མི་རྣམས་བོད་པའི་ཁོངས་སུ་རྩི་གིན་མེད་པར། ཁོང་ཚོ་ནི་ཞིང་ཆེན་དེ་དག་ནང་གི་གྲངས་ཉུང་མི་རིགས་ཙམ་ཡིན་ཚུལ་བཤད་གི་ཡོད་པ་རེད། ད་རེབ་བོད་ཀྱི་ས་ཁུལ་ཚང་མའི་ནང་ངོ་རྒོལ་བྱས། ལྷག་པར་དུ་མདོ་སྨད་ཁུལ་དུ་ངོ་རྒོལ་བྱས་ཏེ། ང་ཚོ་བོད་པ་ཡིན། ང་ཚོ་བོད་མིའི་བསམ་ཚུལ་གཅིག་པ་ཡིན་ཅེས་བཤད་པ་དེས་ཕལ་ཆེར་འཛམ་གླིང་ནང་ནུས་པ་ཞིག་ཐོན་ཡོད་པ་རེད། རྒྱ་ནག་ལའང་གནོན་ཤུགས་ཆེན་པོ་ཞིག་སྤྲད་པ་རེད། བོད་ཀྱི་གནད་དོན་འདི་བོད་མིས་ཐག་གཅོད་བྱེད་དགོས་ཀྱི་ཡོད་ཅེས་ལབ་པ་རེད། འདི་ནི་བོད་མིའི་རྩ་དོན་ལ་ཕན་གི་རེད་བསམ་གྱི་འདུག རང་ཐག་རང་གཅོད་ཀྱི་ལྟ་བ་ལའང་འགྲོ་གི་ཡོད་པ་རེད། འདི་འདྲའི་མི་དམངས་ཀྱི་རྣམ་འགྱུར་སྟོན་དུས་འཛམ་གླིང་གི་མི་སུ་གཅིག་གིས་ཀྱང་དེ་ཆོག་གི་མ་རེད་ཅེས་ལབ་ཐུབ་གི་མ་རེད། ངས་འདི་རང་ཐག་རང་གཅོད་ལ་འབྲེལ་བ་ཡོད་པ་ཞིག་མཐོང་གི་འདུག
དྲི་བ། བོད་པ་རང་སྟེང་ན་རང་ཐག་རང་གཅོད་ཀྱི་ལམ་དུ་འགྲོ་ཐུབ་པའི་ཆ་རྐྱེན་དང་ཐབས་ལམ་གང་མཐོང་གི་ཡོད།
ལན། ཐབས་ལམ་ནི་གཅིག་ནས་རང་ཐག་རང་གཅོད་ཅེས་པ་འདི་རྒྱལ་སྤྱིའི་ཁྲིམས་ཀྱི་གནད་དོན་ཡིན་པ་དང་འདི་ཕུགས་ལ་ང་ཚོར་ཕན་ཐོགས་ཡོད་པ་དེར་ང་ཚོར་ངོས་འཛིན་ཞིག་དགོས་པ་རེད། གཉིས་ནས། ང་ཚོས་འདི་ལག་ཆ་ལྟ་བུ་ཞིག་ལ་བེད་སྤྱད་ནས་མུ་མཐུད་དེ་འཛམ་གླིང་སྟེང་བེད་སྤྱོད་གཏོང་དགོས་པ་རེད། དཔེར་ན་ང་ཚོར་རྒྱབ་སྐྱོར་བྱེད་མཁན་ཨ་རིའི་གཞུང་། རྒྱ་གར་གཞུང་། ཡུ་རོབ་གཞུང་བཅས་ཀྱི་རྒྱབ་སྐྱོར་འཚོལ་དགོས་པ་རེད། གང་ཡིན་ཅེ་ན། ཉེ་བའི་ཆ་ལ་གཞུང་མང་པོ་ཞིག་གིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད་དེ། རྒྱལ་བ་རིན་པོ་ཆེའི་མཚན་སྙན་གྲགས་དང་། རྒྱལ་བ་རིན་པོ་ཆེ་ལ་ནུས་པ་ཆེ་ནས་རྒྱབ་སྐྱོར་བྱེད་གི་ཡོད་པ་རེད། རྒྱ་ནག་གིས་རྒྱལ་བ་རིན་པོ་ཆེ་མཉམ་དུ་བཀའ་མོལ་ཞུ་དགོས་པ་རེད་ཟེར་བ་ཙམ་ལས་ལག་པས་འཇུ་ས་ཡོད་པ་མ་རེད། ལག་པས་འཇུ་ས་གང་དགོས་པ་རེད་ཅེ་ན་བོད་མི་དམངས་ལ་རྒྱལ་སྤྱིའི་ཁྲིམས་ཀྱི་ཐོག་ནས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་འདུག ང་ཚོས་རྒྱབ་སྐྱོར་བྱེད་གི་ཡིན་ལབ་ན་རྒྱལ་ཁབ་སོ་སོར་ཡིན་ནའང་འཇུ་ས་ཞིག་ཆགས་གི་ཡོད་པ་རེད། དེ་བཞིན་རྒྱལ་སྤྱིའི་སྒྲིག་འཛུགས་མཉམ་འབྲེལ་རྒྱལ་ཚོགས་སོགས་མང་པོ་ཡོད་པ་དེ་ཚོའི་ནང་ལའང་ང་ཚོས་རང་བཙན་དགོས་ཀྱི་ཡོད་ལབ་ན། ང་ཚོར་སྤྲོད་རྒྱུ་མེད་ཟེར་གི་རེད། ང་ཚོར་འགྲོ་བ་མིའི་ཐོབ་ཐང་དགོས། ང་རང་ཚོའི་དོན་དག་ང་ཚོས་ཐག་གཅོད་གི་ཡིན་ལབ་ན་དེ་ཡོད་མ་རེད་ཟེར་ཐུབ་གི་མ་རེད། ང་ཚོས་མི་རིགས་ཀྱི་ངོ་བོ་མ་བརླག་པ་བྱས་ཏེ་དགོས་འདུན་ཁག་ཨུ་ཚུགས་བརྒྱབ་ནས་བཏོན་པ་ཡིན་ན་བསམ་བློ་གཏོང་བ་དང་གོམ་པ་སྤོ་སའི་ལམ་ཁ་ཞིག་ཆགས་གི་ཡོད་པ་རེད།
དྲི་བ། སྐུ་ངོ་ནས་རྒྱུན་རིང་པོ་ཞིག་ལ་དགོངས་ཚུལ་འདི་བཟུང་ཡོད་སྟབས། བོད་མི་རིགས་ལ་ལམ་ཁ་འདི་གསལ་བོ་ཞིག་སྟོན་རྒྱུའི་འཆར་གཞི་འདྲ་མེད་དམ།
ལན། ལོ་ཤས་རིང་ལ་ངས་གང་ཐུབ་ཐུབ་འབད་བརྩོན་བྱས་པ་ཡིན། གསར་འགོད་པ་ཚོར་ཐུག་ནའང་རེད། བོད་པ་ཚོ་འཚོགས་ས་དང་ཚོགས་འདུ་དེ་འདྲར་ཐེངས་ཁ་ཤས་ལ་སྐད་བཏང་སོང་། དེ་འདྲའི་ཐོག་ལའང་ངས་འགྲེལ་བཤད་རྒྱག་གི་ཡོད། ང་རང་གིས་རྩོམ་འབྲི་ཆུང་ཆུང་དེ་འདྲ་བྱས་ནས་བཤད་གི་ཡོད། བོད་གཞུང་གི་བཀའ་བློན་རེད། འབྲེལ་ཡོད་དང་གནད་ཡོད་མི་སྣ་དེ་འདྲ་ལ་ང་རང་གི་བསམ་ཚུལ་ཕུལ་ཡོད། རྒྱལ་བ་རིན་པོ་ཆེའི་སྙན་སེང་ལའང་ཕུལ་ཡོད། གང་ཐུབ་ཐུབ་ཅིག་བྱེད་གི་ཡོད།
དྲི་བ། བཙན་བྱོལ་བོད་གཞུང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་ལས་ཡག་པོ་ཞིག་མཐོང་གི་ཡོད་པ་མ་རེད། སྐུ་ངོ་ལགས་ནས་རང་ཐག་རང་གཅོད་ཀྱི་ཐབས་ལམ་ནི་དབུ་མའི་ལམ་ལས་ཀྱང་ཡག་པོར་མཐོང་གི་ཡོད་དམ།
ལན། ངས་དབུ་མའི་ལམ་ལ་ག་རེ་གོ་གི་ཡོད་པ་རེད་ཅེ་ན། རྒྱལ་བ་རིན་པོ་ཆེས་བོད་དང་རྒྱ་ཡི་ཆབ་སྲིད་ཀྱི་དཀའ་རྙོག བོད་མི་དམངས་ཀྱི་དཀའ་ངལ་ཚང་མ་སེལ་བ་དང་། བོད་ཀྱི་རིག་གཞུང་གནས་ཐུབ་པ་བཅས་ལ་ཐབས་ཤེས་ཟེར་ན་འདྲ། འཆར་གཞི་ཞིག་བཏོན་གནང་བ་རེད། འདི་ལ་རྒྱ་ནག་གིས་ཡ་བྱེད་ཀྱི་ཡོད་པ་མ་རེད། འཆར་གཞི་འདི་བཏོན་གནང་སྐབས་རྒྱལ་བ་རིན་པོ་ཆེས་གང་གསུངས་ཡོད་པ་རེད་ཅེ་ན། འཆར་གཞི་འདི་ལ་རྒྱ་མིས་བདག་པོ་བརྒྱབས་པ་ཡིན་ནའང་མཐའ་མའི་ཐག་གཅོད་དེ་བོད་མིས་བྱེད་གི་རེད་གསུངས་ཡོད་པ་རེད། འདི་ལྟར་གསུངས་དུས་བོད་ཀྱི་གནད་དོན་འདི་སུས་ཐག་གཅོད་གི་རེད་ཟེར་ན་བོད་མི་རིགས་ཀྱིས་ཐག་གཅོད་གི་རེད། འདི་ནི་རང་ཐག་རང་གཅོད་རེད་པཱ། མི་རིགས་རང་གི་དོན་དེ་རང་གིས་ཐག་བཅད་ཡོང་དུས་རང་ཐག་རང་གཅོད་ཀྱི་ལྟ་བ་དང་མཐུན་གི་ཡོད་པ་རེད། འདི་ལབ་པ་ཡིན་ན་དབུ་མའི་ལམ་ལའང་ནུས་པ་ཞིག་ཡོད་པ་རེད་བསམ་གི་འདུག གང་ཡིན་ཅེ་ན། རྒྱལ་སྤྱིའི་ཁྲིམས་ཀྱི་ལྟ་བའི་ཆ་ནས་ཀྱང་འགྲོ་གི་ཡོད་པ་རེད། མཚམས་རེར་ང་ཚོས་རྒྱལ་སྤྱིའི་ཁྲིམས་ཞེས་མང་པོ་བཤད་ཡོང་དུས་ཁ་ཤས་ཀྱིས་རྒྱལ་སྤྱིའི་ཁྲིམས་ནི་སུ་གཅིག་གིས་ཀྱང་རྩོད་ཐུབ་གི་མ་རེད་ཟེར་ནས་ལབ་གི་ཡོད་པ་རེད། དངོས་གནས་རེད། འདས་པའི་ལོ་ཉིས་བརྒྱ་ལྷག་གི་རིང་རྒྱལ་སྤྱིའི་ཁྲིམས་ཀྱི་ལྟ་བ་ཡག་པོ་ཡོད་ནའང་ལག་ལེན་ལ་སུས་བསྟར་གི་ཡོད་པ་རེད་ཅེ་ན། ནུས་ཤུགས་ཡོད་མཁན་དང་རྒྱལ་ཁ་ཐོབ་པའི་ལུང་པ་དག་གིས་བསྟར་གི་ཡོད་པ་རེད། ཡིན་ནའང་ད་ནི་འཛམ་གླིང་ལའང་འགྱུར་བ་འགྲོ་གི་ཡོད་པ་རེད། ཚོང་དང་དཔལ་འབྱོར། ཁོར་ཡུག་བཅས་ཕྱོགས་གང་ཐད་ནས་འགྱུར་བ་འགྲོ་གི་ཡོད་པ་རེད། དེ་བྱས་དུས་ད་ནི་རྒྱལ་ཁབ་སོ་སོ་ཡིན་ནའང་རང་ཉིད་གཅིག་པུའི་ཁེ་ཕན་མིན་པར། ཁྱིམ་མཚེས་རྒྱལ་ཁབ་ཀྱི་ཐོག་ནས་ཀྱང་ཁྱད་པར་འགྲོ་གི་ཡོད་པ་རེད། རྒྱལ་ཁབ་མང་པོ་བརྟན་པོ་ཡོང་བ་ལ་དམངས་གཙོའི་ལམ་སྲོལ་འདི་དགོས་གི་ཡོད་པ་རེད། དེ་ལྟར་ཕུགས་རྒྱང་རིང་པོ་ལ་དམངས་གཙོ་ཟེར་བ་དང་རྒྱལ་སྤྱིའི་ཁྲིམས་ཟེར་བ་དེ་རྒྱལ་ཁབ་ཆེ་ཆུང་གང་དུའང་ངོས་འཛིན་ཆེ་ནས་ཆེ་རུ་འགྲོ་དུས། ཁྲིམས་ལ་རིན་ཐང་སླེབས་གི་ཡོད་པ་རེད། དེ་ཡིན་དུས་བོད་ཀྱི་གནད་དོན་འདི་ལའང་དུས་ཚོད་རིང་པོ་རེད་དེ། ང་ཚོས་རྒྱལ་སྤྱིའི་ཁྲིམས་ཀྱི་སྒང་ལ་གཞི་འཇོག་ཐུབ་པ་ཡིན་ན་ག་དུས་ཡིན་ནའང་ལག་པས་འཇུ་ས་ཞིག་ཡོད་པ་རེད།
དྲི་བ། ཕྱི་ཟླ་ ༡༡ པའི་ནང་བོད་ཀྱི་རྩ་དོན་ཐོག་གོ་བསྡུར་བྱེད་གི་ཡོད་པ་རེད། སྐུ་ངོ་ནས་རང་ཐག་རང་གཅོད་ཀྱི་གདམ་ཀ་འདི་ཚོགས་ཆེན་སྟེང་འཁྱེར་ཡོང་འཆར་ཡོད་དམ།
ལན། ངས་དམིགས་བསལ་གྱི་འབད་བརྩོན་གང་ཡང་བྱེད་གི་མེད། ཡིན་ནའང་ངའི་རང་ཐག་རང་གཅོད་ཀྱི་ལྟ་བ་དང་གནས་ཚུལ་དེས་གཅིག་བྱས་ན་ཚོགས་ཆེན་ལའང་ཕན་ཐོགས་གི་རེད་བསམ་གི་ཡོད། ང་ཚོས་རྒྱལ་སྤྱིའི་སྒང་ལ་བོད་ཀྱི་རྩ་དོན་ཡིན་ཅེས་ལབ་དགོས་པ་རེད། རྩ་དོན་ག་རེ་རེད། རྩ་དོན་ལབ་ཐུབ་དགོས་པ་རེད་པཱ། རྒྱལ་སྤྱིའི་སྒང་ལ་ཁ་ཤས་ཀྱིས་རང་བཙན་ཡིན་ཅེས་ལབ་ན་རང་བཙན་ཁྱེད་རང་ཚོར་དགོས་ཀྱི་ཡོད་པ་རེད་དེ་ང་ཚོར་སྤྲོད་རྒྱུ་མེད་ཟེར་གི་རེད། རང་བཙན་སྤྲོད་པའི་ནུས་པ་ཡོད་པ་མ་རེད། ང་ཚོར་རང་སྐྱོང་དགོས་ཀྱི་ཡོད་ལབ་ན་ཕྱི་རྒྱལ་ཚོས་རང་སྐྱོང་གི་ཚད་ཆེ་ཆུང་དེ་རྒྱ་མིའི་མཉམ་དུ་སྐད་ཆ་བཤད་ན་མ་གཏོགས་ང་ཚོར་ཡོད་པ་མ་རེད་ཟེར་གི་རེད། ང་ཚོའི་རྩ་དོན་དེ་བོད་མིའི་རང་དབང་། བོད་མི་དམངས་ཀྱི་བདེ་དོན། དེ་གཞི་ལ་བཞག་སྟེ་བོད་མི་རིགས་འདི་འཛམ་གླིང་འདིའི་ནང་གི་མི་རིགས་གཅིག་རེད། དེ་ཡིན་དུས་སྤྱི་ལ་ཐོབ་ཐང་ག་རེ་ཡོད་པ་རེད། དེ་བས་ཀྱང་ཁྲིམས་ཀྱི་ཐོག་ནས་མི་རིགས་གཅིག་པ། རིག་གཞུང་གཅིག་པ། སྐད་ཡིག་གཅིག་པ་ཡིན་པའི་མི་རིགས་དེ་དག་ལ་ཁོ་རང་ཚོའི་སྤྱི་ཚོགས་དེ་གང་འདྲ་འགྲོ་མི་འགྲོ་ཁོ་རང་ཚོར་ཐག་གཅོད་པའི་ཐོབ་ཐང་ཡོད་པ་རེད་ཅེས་ངོས་འཛིན་ཡོད་པ་རེད། འདི་ང་ཚོས་འཛིན་ཐུབ་ན་ཕན་ཐོགས་ཡོད་པ་རེད་བསམ་གི་འདུག
༡༢། གལ་སྲིད་རང་ཐག་རང་གཅོད་ཀྱི་དགོངས་ཚུལ་ཐོག་མ་འོངས་པའི་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་ལས་སྣེ་ལ་འབོད་འགུག་གནང་བ་ཡིན་ན་ཕེབས་ཐུབ་གི་རེད་དམ།
ལན། དེ་འདྲའི་འཆར་གཞི་གང་ཡང་མེད། གང་ཡིན་ཅེ་ན། ང་རང་ལོ་ཆུང་ཆུང་ནས་བཙན་བྱོལ་སྤྱི་ཚོགས་ནང་ལས་ཀ་བྱས་པ་རེད། གཙོ་བོ་དེ་ང་རང་ལས་ཀ་ལ་མགོ་འཁོར། ང་རང་བོད་པ་ཞིག་ཡིན་བསམ་པའི་བསམ་བློ་དེ་ཤུགས་ཆེན་པོ་བྱས་ནས་ལོ་མང་པོར་བསྡད་པ་རེད་མ་གཏོགས། རིམ་པ་བྱས་ནས་ངས་ཅིག་བྱེད་གི་ཡིན་ཟེར་བའི་དམིགས་ཡུལ་མེད། འདིའི་ཐོག་ལ་སྔོན་མ་ནས་ང་རང་གི་བསམ་ཚུལ་ལ་བོད་སྤྱི་བར་ཕན་པ་ལ་ངྷ་རམ་ས་ལ་དང་བཙན་བྱོལ་གཞུང་གི་ཞབས་ཞུ་ཞུ་ཐུབ་ན་ཞེ་དྲག་ཡག་པོ་རེད། ཞུ་མ་ཐུབ་ན་གཞུང་གི་སྒྲིག་འཛུགས་གི་ཕྱི་ལོགས་ན་ཡོད་ནའང་སྤྱི་བར་ཕན་པའི་ལས་ཀ་མང་པོ་བྱེད་རྒྱུ་ཡོད་པ་རེད། ད་ལྟ་ཡིན་ནའང་ང་རང་གིས་ཕྱི་ལོགས་ནས་གང་ཐུབ་ཐུབ་བྱེད་གི་ཡོད།
ཐུགས་རྗེ་ཆེ་།ཁྱོད་ཚོས་དྲ་ཐོག་ནས་ཡིག་གེའི་ཐོབ་ཐང་མ་རྩོད།རྒྱུ་མཚན་ད་ལྟ་བོད་ཆོལ་ཁ་གསུམ་ལ་སྐད་གཅིག་གྱུར་ཅིག་མེད་པའི་ཕན་ཚུན་པར་ལ་ལོ་ཙྭ་དགོས་པའི་གནས་སྟངས་སྐྱོ་བོ་དེ་ཡང་།ཡིག་གེ་གཅིག་གྱུར་ཡོད་པ་ལས་བཟོ་དགོས་ནིརེད་ཅེས་མཁས་དབང་ཚོས་གསུངས་པ་བདེན་ནི་རེད།དཔེར་ན།སྔོན་མ་པ་དང་བ་ལྟ་བུའི་ཁྱད་པར་འབྱེད་མི་འབྱེད་ཆོལ་ཁ་གསུམ་གྱིས་བརྩད་པ་དང་མཚུངས།
སྐུ་ཚབ་ཀྱི་མི་བརྗེ་བོ་བརྒྱབ་པ་ཙམ་གྱིས་ཕན་ཐོགས་ཤིག་ཡོང་གི་རེད་བསམ་གྱི་མི་འདུག ད་ལྟའི་སྐུ་ཚབ་ཀྱི་རིམ་པ་འདི་མཚམས་བཞག་སྟེ་ངོ་བོ་གཞན་པ་ཞིག་ལ་བསྒྱུར་དགོས་པ་རེད། རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ནས་བོད་ཀྱི་སྐུ་ཚབ་བམ། ཡང་ན། བོད་རྒྱའི་བར་འདུམ་པའི་སྐུ་ཚབ་ཅིག་ལ་བསམ་བློ་གཏོང་དགོས་པ་མིན་འགྲོ། དེ་ལབ་ན་ཟླ་ཤས་སྔོན་ལ་ནོར་ཝེའི་གཞུང་གིས་བོད་རྒྱའི་འདུམ་འགྲིག་གི་ཐད་ཕྱག་ལས་གནང་གི་ཡོད་པ་དང་། མུ་མཐུད་དུ་ཧུར་བརྩོན་བྱེད་གི་ཡིན་ཚུལ་ཞིག་གསུངས་འདུག མ་གཞི་ནས་ནོར་ཝེ་གཞུང་གིས་དེང་སྐབས་སིང་གྷ་ལ་དང་གྱེན་ལོག་ཚོགས་པའི་བར་འདུམ་པ་བྱེད་གི་ཡོད་ོ་མིན་ནམ།
ཁ་སང་ངྷ་རམ་ཤྰ་ལའི་མི་རྒན་པ་ཁ་ཤས་སྐད་ཆ་བཤད་རྒྱུ་བྱུང་། ཁོང་ཚོས་གསུངས་པ་ལྟར་ན། གོང་ས་མཆོག་གིས་བོད་མི་ཚོར་བརྡ་ཞིག་བསྟན་ཡོད་པ་རེད་ལ། བརྡ་དེ་ནི་དབུ་མའི་ལམ་ཁོ་ནར་འགྱུར་བ་གཏོང་དགོས་མིན་ཙམ་མིན་པར་དེའི་ནང་དུ་དམིགས་བསལ་སྐུ་ཚབ་བརྗེ་བོ་རྒྱག་དགོས་མིན་ཡང་འདུས་ཡོད་ཟེར། ཡིན་ནའི། བོད་མི་ཚོ་ལྐུགས་དྲག་ནས་ཁོང་གི་དགོངས་པ་དངོས་ཤེས་ཀྱི་མེད་པ་འདྲ། དེ་བས། དབུ་མའི་ལམ་འགྲིག་གི་མེད་པ་རེད་དམ་དམིགས་བསལ་སྐུ་ཚབ་འཇོན་གྱི་མེད་རེད། འདིའི་ཐད་བོད་ནང་གི་བོད་མི་ཚོས་སྐུ་ཚབ་ཚོ་ག་དུས་ཡིན་ནའང་མགོ་བསྐོར་འོག་ཤོར་གྱི་འདུག་ཅེས་སྐུ་ཚབ་མ་འཇོན་པར་མཐོང་གི་ཡོད་ན།
ཕྱི་སྡོད་བོད་མི་ཚོས་གོང་ས་མཆོག་མ་འགྲིག་པར་མཐོང་གི་ཡོད་དམ་སྐུ་ཚབ་མ་འཇོན་པར་མཐོང་གི་ཡོད་དམ།
འོ་ཡ། རྩ་ཚིག་དེ་ཚོ་ནོར་རྒྱུ་མི་འདུག་ག
གི་ཀྱི་གྱི་འི་ཡི་ལྔ་བོ། རྣམ་དབྱེ་གཉིས་བཞི་བདུན་པ་དང་། དེ་ཉིད་ཚེ་སྐབས་རྣམ་ལ་འཇུག་ཅེས་པ་ལ་དོན་གྱི་སྐབས་ཡིན་པ་ལས། བྱེད་འབྲེལ་གྱི་རྩ་ཚིག་རེད་མི་འདུག ངའི་དྲན་སྟངས་ནོར་འདུག
འོན་ཀྱང། བྱེད་ཀྱི་འདུག་དང་བྱེད་ཀྱི་རེད་ལབ་ན་གཙོ་བོ་དུས་སྟོན་གྱི་མི་འདུག་གམ།
རབ་གསལ་ལགས། ངས་དངུལ་མ་ཁྱེར་བར་སློབ་གྲྭར་བསྐྱོད་པ་ཡིན་ལབ་ན། རིན་ཅན་གྱི་ལྷག་བཅས་འདྲ་ཆེ་བ་འདུག དང་པོ་དངུལ་མ་ཁྱེར་བ་བྱས་དེ་ནས་སློབ་གྲྭར་བསྐྱོད་པ་རིམ་ཅན་ལྷག་བཅས་རེད་མི་འདུག་གམ།
མ་གཞི་གླང་དར་སྐབས་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་མང་པོ་ཞིག་མེད་པ་བཏང་བའི་ལོ་རྒྱུས་འདུག་པས། ཧ་ལམ་དེ་ཚོའི་ནང་ན་འདི་དག་ཡོད་སྲིད།
གི་ཀྱི་གྱི་འི་ཡི་ལྔ་བོ། རྣམ་དབྱེ་གཉིས་བཞི་བདུན་པ་དང་། དེ་ཉིད་ཚེ་སྐབས་རྣམ་ལ་འཇུག། ཞེས་པ་ལྟར། བྱེད་ཀྱི་འདུག་རྗོད་ན་བྱ་བ་གང་ཞིག་ད་ལྟ་བྱེད་ཀྱིན་པའི་དུས་སྟོན་པས། ཧ་ལམ་ཚེ་སྐབས་རེད་མི་འདུག་གམ། བྱེད་ཀྱི་རེད་ལབ་ན་མ་འོངས་པར་བྱ་བ་དེ་བྱེད་ངེས་པ་སྟོན་པས་དེ་ཡང་གཙོ་བོ་དུས་སམ་ཚེ་སྐབས་རེད་མི་འདུག་གམ།
དགོངས་དག ཡིག་ནོར་ཤོར་འདུག ༡ བྱེད་ཀྱི་འདུག་དང་བྱེད་ཀྱིན་འདུག་་་་་་་། ༢ རྫོད་མ་རེད་རྗོད་རེད།
དཔེར་ན་བྱེད་ཀྱི་འདུག་དང་བྱེད་ཀྱི་འདུག་ལ་ཁྱད་པར་ཡོད། དེ་བཞིན་བྱེད་ཀྱི་འདུག་རྫོད་ན་བྱ་བའི་དུས་སྟོན་པ་ལས། བྱ་བའི་རྣམ་པ་གང་ཡང་མི་སྟོན་པར་གོ། ཤེད་ཀྱིས་འདེགས་བཞིན་འདུག་རྗོད་ན་གཞི་ནས་བྱ་བའི་རྣམ་པ་སྟོན་གྱི་ཡོད་པ་འདྲ།
ངས་དངུལ་མ་ཁྱེར་བར་སློབ་གྲྭ་ལ་བསྐྱོད་པ་ཡིན་རྗོད་ན་དེ་ནི་དོན་དག་གཅིག་སྟོན་པ་དང། ངས་དངུལ་མ་ཁྱེར་བ་ཡིན། ང་སློབ་གྲྭར་བསྐྱོད་པ་ཡིན་རྗོད་ན། ག་དུས་དངུལ་མ་ཁྱེར་བ་མི་གསལ་ལ། ག་བར་དངུལ་མ་ཁྱེར་བ་སོགས་ཚིག་གྲུབ་དེ་གཉིས་ལ་འབྲེལ་ཡོད་མེད་སོགས་ཁ་གསལ་མེད་པ་ཞིག་རེད།
གལ་སྲིད་ད་ཆ་ཡོད་བསྡད་པའི་བརྡ་སྤྲོད་ཀྱི་ཁྱབ་ཁོངས་ནས་འཚོལ་དགོས་ན་ངས་ནི་གི་སྒྲ་འདི་དག་བྱ་བའི་རྣམ་པ་སྟོན་པའི་སྒྲ་ཞིག་ལ་ཐག་ཉེ་བོར་གོ་གི་འདུག མ་གཞི་འདི་དག་གིས་འབྲེལ་སྒྲ་ལས་ལྷག་པ་ཞིག་བྱེད་སྒྲ་ལ་ནུས་པ་འདོན་བཞིན་པའི་རྒྱུ་མཚན་ཡང་བྱ་བའི་རྣམ་པ་ཞིག་སྟོན་བཞིན་པའི་ཆ་ནས་མིན་འགྲོ་སྙམ།
རེད་ད། སོང་ང། ཡོང་ང་། འདི་རིགས་སྐད་བཤད་དུས་ད་དང་ང་སོགས་ཀྱི་སྒྲ་གདངས་ཡོད་ཀྱང། འབྲི་དུས་ཡིག་ཟོར་ཡང་བའི་ཆེད་དུ་འབྲི་སྲོལ་ཉུང་བ་ཡིན་འགྲོ།
དཔེ་མཚོན་གཞན་ཞིག
ངས་དངུལ་མ་འཁྱེར་བར་སློབ་གྲྭ་ལ་བསྐྱོད་པ་ཡིན། འདི་ནི་རྗོད་དུམ་གཉིས་ལྷན་གཅིག་ཏུ་སྦྱར་བའི་ཚིག་གྲུབ་ཅིག་རེད། ངས་དངུལ་མ་འཁྱེར་བ་ཡིན། ང་སློབ་གྲྭ་ལ་བསྐྱོད་པ་ཡིན། རྗོད་པ་དེ་གཉིས་རེད། རྗོད་དུམ་དང་པོའི་བྱ་ཚིག་འཁྱེར་དེ་ལ་དགག་སྒྲ་སྦྱར་བ་དང་དེ་ནས་བ་ཞེས་པའི་ཚིག་གི་ཆ་ཤས་འདི་སྤྱད་ནས་བྱ་ཚིག་མིང་ཚིག་ཏུ་བསྒྱུར། དེ་ལ་ལ་དོན་གྱི་ཕྲད་སྦྱར་ནས་རྗོད་དུམ་ཕྱི་མ་ལ་སྦྲེལ་ཡོད་པ་ཡིན། འདིའི་རྣམ་གཞག་ཀྱང་སུམ་རྟགས་འགྲེལ་བཤད་དག་ནས་ངས་མཐོང་མ་བྱུང་།
ཨ་སྐད་དུ་ཆུ་ལ་ཆི། ལུག་ལ་ལིག སྟུ་ལ་སྟི་བཅས་ཞབས་ཀྱུ་ཚབ་ལ་གི་གུའི་སྒྲ་ཀློག་ཡོང་གི་འདུག་པས། དེ་ལ་ཡང་སྐད་ཀྱི་ནང་གོ་རྒྱུ་མི་འདུག་ཟེར་ནས་ཆི་དང་ལིག་སོགས་འབྲི་རུང་ངམ།
སྷ་སས་མེ་ཏོག་ལ་མེ་ཏོ། ཡག་པོ་ལ་ཡ་པོ། སྐད་གྲགས་ལ་སྐད་གྲ་ཞེས་རྗེས་འཇུག་མེད་པ་འདྲ་བོ་ཀློག་ཡོང་གི་འདུག་པས། དེ་ཡང་སྐད་ཆ་བཤད་དུས་ནས་གོ་གི་མི་འདུག་བཅས་རྗེས་འཇུག་མེད་པར་འབྲི་འོས་སམ།
དོགས་སློང་ཡིན་ལགས། འགྲན་བསྡུར་མིན། ངོ་མ་ཁྱེད་ཅག་གི་ཕྱག་ལས་ལ་གུས་ཞབས་ཡོད།
ངའི་བསམ་ཚུལ་ལ་འདི་ནི་སྒྲ་གདངས་ཡི་གེར་འབེབས་ཚུལ་གྱི་དྲི་བ་ཞིག་མ་རེད། འདི་ནི་བརྡ་སྤྲོད་གཞུང་ལུགས་ལ་ཁ་གསབ་བྱེད་པའི་གནད་དོན་ཞིག་རེད། འདིའི་གྲས་མང་བ་ཡོད། ཁྱོད་སོང་ཟེར་བ་དང་། ཁྱོད་སོང་ང་ཟེར་བ་ལ་ཡང་ཁྱད་ཡོད། ལག་པའི་རི་མོ་ཟེར་བ་དང་ལེགས་པའི་སྦྱར་བའི་རི་མོ་ཟེར་བ་ལ་ཡང་ཁྱད་ཡོད། རེད་ཅེས་པ་དང་རེད་ད་ཟེར་བ་ལ་ཡང་ཁྱད་ཡོད། ཡང་བ་དང་ཡང་ང་ཟེར་བ་ལ་ཡང་ཁྱད་ཡོད། འདིའི་གྲས་ལ་ཨུ་ཚུགས་བརྒྱབ་ནས་སུམ་རྟགས་ཀྱི་འགྲེལ་བཤད་དེ་ཚོའི་ནང་ཚུད་ཐབས་བྱེད་དགོས་ཨེ་ཡོད་སྙམ།
༼ངེས་པ་སྟོན་པའི་ཚིག་༽ཅེས་ན་གང་འདྲ་ཞིག་ཡིན་དགོས་པ་རེད། དེ་ལས་རྣམ་པ་སྟོན་པའི་སྒྲ་ཞེས་ལབ་ན་གང་འདྲ་རེད། གི་དང་བཞིན་སྟེ། བྱེད་གི་འདུག བྱེད་བཞིན་འདུག་ལྟ་བུ་མང་ཆེ་བས་བྱ་བ་མི་སྟོན་ནའང་བྱ་བ་ཞིག་བྱེད་ཀྱིན་པའི་རྣམ་པ་སྟོན་གི་རེད་སྙམ། དེ་བཞིན་དུ་ངང་གིས། རིམ་གྱིས། ཡུན་གྱིས་ལྟ་བུ་མང་ཆེ་བའི་བྱེད་ལས་ནི་འདྲ་བོ་འདུག་རེད།
ཡི་གེ་འབྲི་དུས་སྐད་གདངས་དག་དག་པར་ལོག་བརྒྱབ་པ་འདྲ་བོ་ཞིག་དགོས་ན་ཉིད་ཀྱི་དེ་རེད་འདུག འོན་ཀྱང་དེ་འདྲ་ཡིན་ན། སྷ་སའི་སྐད་འབྲི་དུས་རྗེས་འཇུག་གཅིག་ཀྱང་མེད་པར་འབྲི་དགོས་པ་ཆགས་ཀྱི་རེད། ཨ་མདོ་སྐད་བཤད་དུས་གི་གུ་དང་ཞབས་ཀྱུ་སྒྲ་མི་གསལ་བས། སྐད་ཀྱི་ནང་ན་མི་འདུག་བཅས་གི་གུ་དང་ཞབས་ཀྱུ་མེད་པ་རྐྱང་བྲིས་ན་ག་འདྲ་ཆགས་ས་རེད།
ངས་རིག་གི་འདུག བྱེད་ཀྱི་རེད་ཅེས་པའི་ཀྱི་ངེས་པ་སྟོན་པའི་ཚིག་རེད་ལབ་ན་ཨེ་འགྲིག་གི།
ང་ལ་ཡོད་ཀྱང་དྲ་ཐག་སྐྱོ་དྲག་ནས་ཁ་བརྡ་བྱས་ན་མཐུད་ཆད་འགྲོ་གི་འདུག སྐད་ཆ་ཞིག་ཡོད་དེ་ཡིག་ཐོག་ནས་བསྐུར་ཡོང་གི་ཡོད།
ང་ལས་ཀ་ཟིན་ནས་ནང་དུ་ལོག་ཡོད། ཉིན་གུང་གི་ཟ་མ་ལ་འཇུ་གྲབས་ཡོད། ཁ་པར་ སི་ཀྱིབ་skype ཟེར་བ་དེ་ཁྱོད་ལ་ཨེ་ཡོད།
ཨོ་ཡ། ད་དུང་སྔ་ཙམ་རེད། དྲ་ཐོག་ན་ཡར་ལྟ་མར་ལྟ་བྱས་ནས་བསྡད་ཡོད།
ད་དུང་གཟིམས་མེད་དམ།
མི་འགྱངས་པར་ངས་དྲ་ཐོག་འདིར་བོད་ཀྱི་བརྡ་སྤྲོད་མཁན་པོ་ཞིག་གདན་འདྲེན་ཞུ་ཐབས་བྱེད། གལ་སྲིད་རྣམ་པ་ཚོར་འདི་ལྟའི་མི་སྣ་ཞིག་ངོ་སྤྲོད་གནང་རྒྱུ་ཡོད་ཚེ་ཐུགས་རྗེ་ཆེ།
གྲོགས་པོ་ཚོ།
ཟེར་གི་རེད། བྱེད་གི་རེད། ཟེར་བ་འདི་འབྲེལ་སྒྲ་ཡིན་པའི་ཁུངས་སྐྱེལ་ཡོད་པ་མ་རེད། དེ་བཞིན་འདི་ནི་རྗོད་པའི་དུས་གསུམ་གྱི་རྣམ་དབྱེ་ཞིག་རེད། འདི་བརྡ་སྤྲོད་གཞུང་ལུགས་ནང་ད་བར་འཁོད་མི་འདུག་བསམས་བྱུང་། ཡིན་ན་ཡང་། རྣམ་དབྱེ་འདི་དགོས་པ་ཞིག་རེད། དབུས་གཙང་སྐད་དུ། “ཁོ་གོམ་པ་རྒྱག་གི་འདུག ཁོ་གོམ་པ་བརྒྱབ་པ་རེད། ཁོ་གོམ་པ་རྒྱག་གི་རེད།” ཅེས་པ་དང་། ཨ་མདོའི་སྐད་དུ། “ཁོ་གོམ་པ་རྒྱག་གོ་གི ཁོ་གོམ་པ་བརྒྱབ་དང་ཐ། ཁོ་གོམ་པ་རྒྱག་ནི་རེད།” ཅེས་པ་ལྟ་བུ་འདི་ཁམས་སྐད་ལ་ཡང་ཡོད་པ་རེད། དེ་ཙམ་ཞིག་ཞུ།
སྟག་སྨྱོན་ལགས། བསླབ་བྱ་གནང་བར་ཐུགས་རྗེ་ཆེ། བྱེད་འབྲེལ་གྱི་ཕྲད་དེ་དག་ངས་ཀྱང་ནམ་རྒྱུན་རང་གི་བློ་ལ་ངེས་པ་དེ་བཞིན་དུ་འཇུག་པར་ཐེ་ཚོམ་སྐྱེས་མྱོང་མེད། ཡིན་ཡང་། འབྲེལ་སྒྲའི་ཕྲད་འདི་དག་གིས་མཚམས་རེར་བྱེད་སྒྲའི་ཕྲད་ཀྱི་ནུས་པ་ཞིག་འདོན་བཞིན་པ་འདི་ནི་དང་ཐོག་གཞུང་ལུགས་གཏན་འབེབ་གནང་དུས་ནས་ཐུགས་མཉམ་མ་བཞག་པའི་སྐྱོན་ཞིག་མིན་ནམ་སྙམ་ཡོད། ཁྱོད་ལྟར་ན། བཤད་ཀྱི་འདུག གོ་ཡི་འདུག གྱོན་གྱི་ཡིན། བྱེད་ཀྱི་རེད། དགའ་ཡི་འདུག ཅེས་པ་ལྟར་འབྲི་དགོས་པ་རེད། འོན་ཀྱང་། མདོ་དབུས་ཁམས་གསུམ་གང་དུ་ཕྱིན་ནའང་ཁྱོའི་འབྲི་སྟངས་ལྟར་བཤད་མཁན་ཡོད་གི་མ་རེད་ལ། མ་གཞི་ནས་གི་སྒྲ་ལས་ཁྱབ་ཆེ་བའི་ཕྲད་ཅིག་བོད་ཁམས་ཡོངས་སུ་མེད་པར་འདོད། ༼གོ་སླ་བ་མང་བོ་ཞིག་གོ་རྒྱུ་མེད་པར་བཟོས་པའི་སྒྲུབ་བྱེད་གསལ་ཤོས་ཤིག་ཀྱང་གི་སྒྲ་འདིའི་སྟེང་ན་འདུག་སྙམ།༽ རིག་གསར་སྐབས་ཅི་བྱུང་མི་ཤེས་ནའང་ཨ་ལགས་དམུ་དགེ་ཚང་གིས་སྐབས་དེའི་གི་སྒྲའི་གོད་ཆག་གི་སྐོར་ཞིག་གསུངས་པ་དེ་ངས་ཀྱང་བཀླགས་མྱོང་། བོད་ཀྱི་རིག་གཞུང་ལ་ཉམ་ཉེས་ཆེན་པོ་བྱུང་བའི་སྐབས་དེར་བོད་ཀྱི་མཁས་པ་ཚོ་ལྟར་ན་ཚབས་ཆེ་ཤོས་ཤིག་ནི་གི་སྒྲའི་གནད་དོན་འདི་ཡིན་པ་འདྲ། ༼གཅིག་བྱས་ན་སྐབས་དེའི་གསར་བརྗེ་ཡང་དག་པ་གཅིག་པུ་ནི་གི་སྒྲའི་གནད་དོན་འདི་ཡིན་ཡང་སྲིད་པ་རེད།༽ ཀུ་རེ་ཡིན། ངས་རྗེས་ཕྱོགས་གྲོགས་པོ་ཚོར་བློ་འདྲི། མཁས་པ་ཚོར་ལམ་སྟོན་ཞུ། གཞུང་ལུགས་ཀྱི་དོན་ལ་དཔྱད། བོད་མི་དམངས་ཀྱི་ངག་ལ་ཉན། དེ་ལྟར་ཐག་གཅོད།
མཐའ་དོན། ཐུགས་རྗེ་ཆེ། རྗེས་ཕྱོགས་མཇལ་ཡོང་།
རྩོམ་སྒྲིག་པ་ལགས། སངས་རྒྱས་ལ་ཀ་ཁ་ཟེར་བའི་དཔེ་རེད་དེ། གང་ལྟར་ཁྱེད་ཚོས་གི་སྒྲ་བེད་སྤྱོད་གཏོང་སྟངས་ལ་ཐུགས་སྣང་གནང་རོགས། རིག་གསར་སྐབས་ཀྱི་བཅད་པ་དེ་ལག་ལེན་བྱེད་དོན་མེད་པར་མཐོང་། དཔེར་ན། ཟེར་གི་རེད། བསམ་གི་རེད། བྱེད་གི་རེད། ཐུབ་གི་རེད། ཞེས་པའི་ཚབ་ལ་ཟེར་གྱི་རེད། བསམ་གྱི་འདུག བྱེད་ཀྱི་རེད། ཐུབ་ཀྱི་རེད་ཅེས་གཞུང་དང་མཐུན་པར་བྲིས་ན་ཡག་པོ་འདུག གོ་བརྡ་གཅིག་པ་སྤྲོད་ཐུབ་ཀྱི་འདུག