མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚོཌ་ཆེན་གསལ་བསྒྲཌ།

བོད་ཀྱི་དུས་བབ།
༢༠༠༨/༡༠/༠༤
Share on FacebookShare on TwitterShare on EmailShare on Whatsapp

༄༅། །སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སྐུ་ཡིག་བརྒྱུད་བཀའ་སྤྱི་ཕེབས་པ་ལྟར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་ལས་རིམ་གྲོས་ཆོད་ཀྱི་དོན་ཚན་བཞི་པ་ཚོགས་མིའི་ཡོང་ཁུངས་ཁག་གི་ཐད་གཤམ་གསལ་ལམ་སྟོན་ཁག་ཞུ་རྒྱུར།

༡ སྤྱི་ཟུར་དང༌། བཀའ་ཟུར་ཚོགས་བཅར་བ་རྣམས་ཀྱི་ཁོངས་ནས་ལམ་གྲོན་གཏོང་རྒྱུར་སྐུ་ངལ་ཡོད་རིགས་ནས་དམིགས་བསལ་རེ་བསྐུལ་གནང་ཚེ་དགོངས་བཞེས་གནང་རྒྱུ་དང༌། དེ་མིན་ཚོགས་བཅར་བ་གཞན་ཡོངས་རྫོགས་ནས་ཕར་ཚུར་ལམ་གྲོན་ཁྱབ་ཁུངས་སོ་སོ་ནས་ཞུ་ལེན་དགོས་རྒྱུ།

༢ སྤྱི་ཟུར་དང༌། བཀའ་ཟུར། ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་སྤྱི་མཐུན་ཚོགས་པ་རྣམས་ཀྱི་སྐུ་ཚབ་རྣམ་པར་ཚོགས་འདུའི་ཆེད་རྡ་སར་བཞུགས་རྒྱུན་རིང་ཉིན་དོད་དང༌། ཁང་དོད་འབུལ་རྒྱུ་ཡང་བཞུགས་འཚེར་སོ་སོས་ཐབས་འཚོལ་གནང་རྒྱུ་ལས་འདི་ནས་གྲ་སྒྲིག་ཞུ་རྒྱུ་མིན། དེ་བཞིན་ཚོགས་མིའི་ཡོང་ཁུངས་གཞན་རྣམས་ནས་ཀྱང་རྡ་སར་བཞུགས་གནས་སོ་སོས་གྲ་སྒྲིག་གནང་དགོས་རྒྱུ།

༣ ཚོགས་འདུའི་རིང་ཉིན་གུང་གསོལ་ཚིག་དང༌། གསོལ་ཇ་ཐེངས་གཉིས་གཞུང་འབྲེལ་གྲ་སྒྲིག་ཞུ་རྒྱུ་ལས་དེ་མིན་ཉིན་དོད་ཁུངས་སོ་སོ་ནས་ཞུ་ལེན་དགོས་རྒྱུ།

༤ ཆོས་བརྒྱུད་ཆེན་པོ་བཞི་དང༌། གཡུང་དྲུང་བོན་བཅས་སོ་སོའི་གྲྭ་བཙུན་སྐུ་ཚབ་གཏོང་ཕྱོགས་ཐད་ཆོས་བརྒྱུད་སྤྱི་འཐུས་རྣམས་ནས་ཐུགས་འགན་རྐང་བཞེས་ཀྱིས་གྲ་སྒྲིག་འཐུས་གཙང་གནང་དགོས་རྒྱུ།

༥ རྒྱུན་ལྡན་བོད་དོན་ཐོག་ཐུགས་སྣང་དང་འགན་འཁུར་ལས་འགུལ་གནང་མཁན་དགོངས་འཆར་གནང་འདོད་ཡོད་རིགས་ནས་དང་བླངས་ཕེབས་མཁན་གྲངས་རྒྱ་བལ་འབྲུག་གསུམ་ནས་ ༢༥ དེ་མིན་ནས་ ༢༥ ལས་མ་མང་བ་ཞེས་པའི་ཁོངས་ཚོགས་བཅར་བློ་ཡོད་རིགས་ནས་རང་གི་ལོ་རྒྱུས་མདོར་བསྡུས་དང༌། ཞལ་བྱང་བཅས་ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཞེས་ ༢༠ འགྱངས་མེད་འདི་གར་སྙན་ཞུ་གནང་འབྱོར་ཐུབ་པ་དགོས་རྒྱུ་དང༌། དེ་མཚམས་དོ་བདག་སོ་སོར་བརྡ་ཐོ་འབུལ་རྒྱུ།

༦ རྒྱ་བལ་འབྲུག་གསུམ་གྱི་ས་གནས་འགོ་འཛིན་རྣམས་དང༌། ས་གནས་འཐུས་མིའི་ཚོགས་འདུ་ཁག ས་གནས་རང་བདེན་ཚོགས་ཆུང་ཁག ས་འཐུས་མེད་པའི་ས་གནས་ཁག་ནས་མི་མང་གི་སྐུ་ཚབ་བཅས་ནས་ས་གནས་སོ་སོར་ཁུར་མཉམ་ལེན་གྱིས་ཚོགས་ཆེན་གྱི་གྲོས་གཞིའི་སྔོན་ཚུད་ནས་ཁྱབ་ཁོངས་མང་ཚོགས་ཀྱི་བསམ་འཆར་བསྡུ་རྒྱུའི་ལས་རིམ་ཞིབ་པར་བཀོད་དེ་མ་གོ་མ་ཐོས་མེད་པར་བརྡ་ཁྱབ་ཐོག་དགོངས་འཆར་ཁག་ཚོགས་ཆེན་སྐབས་ཡིག་ཐོག་འགོད་འབུལ་ཐུབ་པ་དགོས་རྒྱུ། གོང་མཚུངས་སློབ་གྲྭ་ཁག་གི་འགན་འཛིན་རྣམས་དང༌། ཆོས་བརྒྱུད་ཆེན་པོ་བཞི་དང༌། གཡུང་དྲུང་བོན། རང་སྐྱོང་སྡེ་ཚན་ཁག་བཅས་ནས་ཀྱང་ཁུངས་སོ་སོའི་དགོངས་འཆར་བསྡུ་རུབ་སོགས་གནང་གལ།

༧ ཕྱི་རྒྱལ་སྐུ་ཚབ་དོན་གཅོད་རྣམས་དང༌། བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་རྒྱུན་ལས་རྣམ་པས་ཁྱབ་ཁོངས་ཀྱི་དགོངས་འཆར་བསྡུ་ཕྱོགས་ཐད་གོང་བཞིན་ཐུགས་འགན་བཞེས་གནང་དགོས་རྒྱུ།

༨ ཚོགས་བཅར་བ་ཡོངས་རྫོགས་ནས་ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡༦ འགྱངས་མེད་ཚོགས་དྲུང་ལས་ཁུངས་སུ་འབྱོར་ཐོ་བསྐྱོན་གནང་ཐུབ་པ་དགོས་རྒྱུ་བཅས། ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༨ ལ།

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༦ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༦ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

མཆན། 1

  1. ཡོན་བྷེ། says:
    ལོ་ 18 སྔོན།

    གསར་འགྱུར་འདི་སྤེལ་མཁན་རྒྱ་ནག་གཞུང་རེད་དམ་བོད་པ་སྐྱབས་བཅོལ་ བའི་སྲིད་གཞུང་རེད། ང་ཚོས་རྒྱ་ནག་གཞུང་གི་གསར་འགོད་རང་དབང་སྤྲོད་ཀྱི་མེད་རབས་དང༌། རང་དབང་དང་ལྡན་པའི་གསར་འགོད་ལྷན་ཚོགས་ཤིག་བོད་དུ་གཏོང་དགོས་རབས་སོགས་ཁ་གསོན་པོ་ལུང་བ་གང་དང་གཞུང་བ་གང་ལབ་བབཞིན་ཡོད་པ་མ་རེད་དམ། ད་ངན་རྟགས་ནང་ནས་ལྟོན་རྩིས་མ་རེད་དམ། སྐུ་མཁྱེན་འདི་འདྲ་མ་བྱེད། དེ་ལས་རྒྱ་ནག་གཞུང་གི་གསར་ཁང་གྲགས་ཆེན་ཤིན་ཧྭ་གསར་ཁང་གི་གཙོ་བྱས་ནས་གསར་ཁང་གང་མང་ཞིག་སྐད་གཏོང་རོགས། འདི་གནས་ཚུལ་ཆུང་ཆུང་ཞིག་དང་། ཁྱིམ་ཚང་ཞིག་གི་གནད་དོན་ཐག་གཅོད་དང ་གྲོས་བསྡུར་བྱེད་ཀྱི་ཡོད་པ་མ་རེད། འདི་བོད་སྤྱིའི་བདེ་སྡུག་གི་གནད་དོན་ཞིག་དང་། ལྷག་པར་དུ་བོད་ཀྱི་རྩ་དོན་བསྒྲུབ་ཕྱོགས་ཀྱི་མ་འོངས་པའི་ཁ་ཕྱོགས་དང༌། དམིགས་ཡུལ། སྲིད་བྱུས་བཅས་ཀྱི་་ལངས་ཕྱོགས་ཅི་འདྲ་ཞིག་འཛིན་དགོས་མིན་གྲོས་མོས་བསྡུར་གསུམ་བྱེད་སའི་འཚོགས་འདུ་གལ་ཆེན་ཞིག་རེད། དེ་འདི་ལྟར་ལྐོག་ལྐོག་སུབ་སུབ་ཅིག་གི་ནང་ཐིམ་ག་མ་འཇུག་རོགས་ཞུ་རྒྱུ་ཡིན། མྱི་ཆུང་ང་ལ་དབང་མེད་རུང་སེམས་མི་བདེ་གི།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese