མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆིབས་བསུ།

བོད་ཀྱི་དུས་བབ།
༢༠༠༨/༡༠/༢༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་བ་རིན་པོ་ཆེ་མཆོག་དེ་རིང་ཉིན་གུང་རྒྱབ་ཏུ་ཕྱིར་བཞུགས་སྒར་དུ་ཆིབས་བསྒྱུར་གནང་ཡོད་པ་རེད།

རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་མཁྲིས་རྡོའི་གཤག་བཅོས་ལེགས་པར་བྱུང་རྗེས་ལྡི་ལི་ནས་ཉིན་ཤས་རིང་སྐུ་ངལ་གསོས་ཡོད་པ་དང་། ཕྱི་ཚེས་ ༢༠ ཉིན་ཁོང་ཉིད་ལྡི་ལི་ནས་ཕྱིར་བཞུགས་སྒར་ངྷ་རམ་ས་ལར་ཆིབས་སྒྱུར་གནང་ཡོད་པ་རེད། བཞུགས་སྒར་གྱི་མི་དམངས་ཀྱིས་ངྷ་ཞོད་ནས་ལམ་ཁ་གཡས་གཡོན་དུ་བང་སྒྲིག་ནས་ཕེབས་བསུ་གནང་ཡོད་པ་རེད།

རྒྱལ་བ་རིན་པོ་ཆེ་མཆོག་གི་ཞལ་མདངས་སྔར་བཞིན་འདུག་ལ། ཁོང་གིས་ཞལ་འཛུམ་དང་བཅས་མི་དམངས་ལ་འཚམས་འདྲི་ཕྱག་བརྡ་གནང་བཞིན་ཕེབས་ལ། མི་དམངས་ཀྱིས་ཀྱང་ཁོང་ཉིད་མཇལ་བ་དང་མཉམ་དུ་མིག་ཆུ་དབང་མེད་དུ་འཆོར་མཁན་ཡང་མང་པོ་འདུག

འབྲེལ་ཡོད་བོད་ལུགས་སྨན་པ་ཞིག་གིས་གསུངས་དོན། སྤྱིར་ཡིན་ན་གཤག་བཅོས་གནང་གྲུབ་རྗེས་ལོ་གཅིག་མིན་ནའང་། ལོ་ཕྱེད་ཅིག་གི་རིང་ལ་ངེས་པར་དུ་སྐུ་ངལ་གསོ་དགོས་པ་རེད་ཅེས་འདི་ག་གསར་ཁང་ལ་བརྗོད་བྱུང་། ཡིན་ནའང་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྐུ་ངལ་གསོ་བའི་དུས་ཚོད་ཅིག་མེད་པར། བདུན་ཕྲག་གཅིག་ལྷག་གི་རྗེས་ནས་ཡང་བསྐྱར་ཁོང་ཉིད་ཀྱི་ཆིབས་བསྒྱུར་མཛད་འཕྲིན་ཁག་མཇུག་སྐྱོང་རྒྱུ་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

ཆུ་ཚོད་ ༣ སྔོན་ལ།
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

ཆུ་ཚོད་ ༥ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

ཆུ་ཚོད་ ༦ སྔོན་ལ།
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠

མཆན། 6

  1. གནས་ཚང་། says:
    ལོ་ 17 སྔོན།

    དེ་རང་ནོར་སོང་བ་རེད། སྐབས་དེར་སྐུའི་སྨན་བཅོས་མང་ཚོགས་ཀྱིས་ཧ་གོ་ཡོད་པས། མང་ཚོགས་ཀྱིས་ལས་བྱེད་ཚོར་བསྐུལ་མ་གཏོང་དགོས་ཀྱི་རེད། ཡིན་ནའི། མང་ཚོགས་ལ་གྲགས་འགུལ་མེད་པ་འདི་སྐྱིན་ཆེ་ཞིག་རེད།

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    དྲ་གྲོགས་གནས་ཚང་ལགས། ཐོག་མར་ཁྱེད་ཀྱིས་དྲི་བ་འདི་འདོན་ས་དྲ་གྲོགས་ཚོ་མ་ཡིན་པར་བོད་གཞུང་གི་ལས་ཀྱི་སྣེ་མོ་བ་༧ཁོང་གིས་སྐུ་ཕྱ་དང་ལྟ་རྟོགས་ཐད་དུ་འགན་ལེན་བྱེད་མཁན་དེ་དག་ཡིན་ལ། དེ་དག་གིས་ཁྱེད་རང་ལ་ཁ་གསལ་བོས་ལན་ཞིག་གནང་མ་ཐུབ་པ་ཡིན་ན། ཁྱེད་རང་གིས་དྲ་གྲོགས་ངེད་ཚོས་༧གོང་ས་མཆོག་གི་སྐུའི་བདེ་ཐང་ལ་སེམས་འཁུར་བྱེད་ཀྱི་ཡོད་པ་དེ་ནི་བདེན་པ་ཡིན་ན་ཡང་། ཁྱེད་ཀྱིས་བསམ་པ་ལྟར་ང་ཚོས་བོད་གཞུང་གི་ལས་ཀྱི་སྣེ་མོ་བ་དེ་ཚོ་ལ་གུས་ཞབས་དང་བརྩི་བཀུར་གྱི་རྣམ་པ་ལས་གཞན་འགྲོ་ས་མེད་པའི་ལས་དབང་ཞིག་གོང་གི་ལས་བྱེད་དག་གིས་འོག་གི་མི་དམངས་ཚོ་གནང་ཡོད་པའི་གནས་ལུགས་དེ་ཁྱེད་ཀྱིས་ཤེས་ཀྱི་མེད་སྟབས། ཁྱེད་རང་ལ་ཁག་མེད་ཟེར་ན་འགྲིག གང་ལྟར་ཁྱེད་རང་གིས་དྲི་བ་འདིས་ལན་ངོ་མ་ཞིག་མ་རྙེད་ཐབས་མེད་ཡིན་ཟེར་ན་གོང་དུ་ལམ་ཁ་དེར་བསྐྱོད་རོགས། དེ་ནས་སླར་ལོག་པའི་ལམ་ཁ་དེ་ནས་ཡང་བསྐྱར་འུ་གཉིས་ཀྱིས་བསམ་ཚུལ་གླེང་རེས་བྱེད་ཡ་་་་

    Reply
  3. གནས་ཚང་། says:
    ལོ་ 17 སྔོན།

    དགོངས་དག ངའི་དོགས་གཞི་ཡོང་ས་གཙོ་བོ་གསར་འགྱུར་༼
    སྐུའི་ཉེན་སྲུང༌གི་གནད་དོན༽ཞེས་པ་དེ་ཡིན།

    ༡ རྒྱ་གར་ནང་སྔར་དྲག་སྤྱོད་བྱུང་མ་མྱོང་བ་མ་རེད་ལ། ཐ་ན་ཏཱ་ལའི་བླ་མར་ཁ་གཏད་པའི་དྲག་སྤྱོད་གསལ་བསྒྲགས་ཀྱང་གསར་ལམ་ཁག་ཏུ་ཐོན་མྱོང་བ་རེད། དེ་དུས་ཅིའི་ཕྱིར་སྐུའི་ཉེན་སྲུང་འཐུས་སྒོ་ཇེ་ཚང་དུ་མ་བཏང་བ་ཡིན་ནམ།

    ༢ སྒོས་སུ་གསར་འགྱུར་དེ་ཟླ་བཅུ་བའི་ནང་ཕྱི་ལ་ཐོན་པ་དང་ཡང་ཟླ་བཅུ་བའི་ནང་ལས་ཀ་ལེགས་འགྲུབ་བྱེད་དགོས་དོན་ཅི། ཡང་ཅིག་བཤད་ན། ཟླ་བཅུ་བའི་ནང་བོད་མི་ཚོས་ག་རེ་གླེང་བཞིན་པ་དང་དེས་རྒྱ་གར་ལ་གྲིབ་གཟུགས་མི་མཐོང་བའི་དངངས་སྐྲག་ག་རེ་བསྐྱེད་ཀྱིན་ཡོད་དམ།

    ༣ ཉེན་སྲུང་དང་ལྟ་རྟོག་གཉིས་ལ་ལྷན་རྒྱས་ཀྱིས་གོ་བ་ལེན་སྟངས་ག་རེ་ཡིན་ནམ།

    Reply
  4. གནས་ཚང་། says:
    ལོ་ 17 སྔོན།

    ངས་ལྷན་རྒྱས་དྲི་བ་ཞིག་འདོན་གྱི་ཡིན།
    ༡ གལ་སྲིད་འདི་འདྲའི་དད་པ་ཞིག་ཡོད་ན། ཅིའི་ཕྱིར་སྐུ་རྐྱང་དུ་རྒྱ་གར་ཨེམ་རྗེ་ཁོ་ནའི་གཤག་གྲིའི་འོག་འཇུག་སྲོལ་ཞིག་ཡོད་དམ། བླ་སྨན་ནམ་ཡང་ན་ཕྱི་རྒྱལ་གྱི་ཨེམ་རྗེ་བློས་ཐུབ་ཅིག་སྐུ་རོགས་སུ་ཁྲིད་དགོས་ཞེས་སུ་གང་གིས་ཀྱང་ལབ་མ་སོང་བའི་རྒྱུ་མཚན་ཅི།
    ༢ དོན་དག་འདིའི་སྒང་ནས་བལྟ་སྐབས། སྐུ་ཕྱཱ་ཞེས་པ་ཞིག་མི་སྒེར་ནས་ཚོགས་སྐྱིད་ཁག བོད་གཞུང་བཅས་ནས་མ་ཎི་བགྲང་བ་ལྟར་བྱེད་ཀྱིན་པའང་ཁེ་ཕན་ཙམ་གྱི་ཆེད་རེད། རྒྱུ་མཚན་ནི་གཤག་བཅོས་སྟབས་བསྟུན་དོན་ལྔ་སྣོད་དྲུག་ལས་གང་རུང་ཞིག་རྐུ་ལ་ཤོར་མེད་ཅེས་སུས་ལབ་ཐུབ་བམ།

    Reply
  5. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ༧གོང་ས་མཆོག ཁྱེད་རང་ལ་སྐུ་ངལ་བཟོ་མཁན་སུ་རེད།

    བོད། ཤ་ཁྲག་རུས་གསུམ་གྱིས།

    ཁྱེད་ཀྱིས་ད་དུང་སྐུ་ངལ་གསོ་བའི་གྲ་སྒྲིག་མི་བྱེད་པར
    འགྲོ་དྲུག་སེམས་ཅན་དང་ ནང་དགོས་སུ་བོད་མི་དམངས་ཀྱི་ཆེད་དུ
    ཉིན་མཚན་མེད་པར་སྐུ་ངལ་ཚད་མེད་མྱོང་ན་ཡང་
    བསམ་ཤེས་མེད་པའི་ལས་ངན་ཁྱུ་གཅིག
    ད་དུང་ ཁྱེད་ཀྱི་རྒྱབ་མདུན་གཉིས་སུ
    ངོ་ཚ་དང་ཁྲེལ་གཞུང་མེད་པར
    རང་རློམ་དང་ང་རྒྱལ་གྱིས་ཡར་བླངས་པའི་སྔ་གཞུག་དུ
    ཉམ་ཆུང་བའི་བོད་པ་ང་
    ཐག་རིང་རྣ་བའི་ཐོས་དུས སེམས་པ་གཏིང་ནས་སྐྱོ

    བོད་པ་ཚང་གི་ཀླད་སྟོང་ཁ་ཤས་ཀྱིས
    རང་རང་གི་གྲོད་ཁོག་རྒྱག་རྗེས་སུ
    ཁྱེད་ཀྱིས བཀའ་དྲིན་མི་དྲན
    ཁྱེད་ཀྱིས དགོང་གཞི་མི་ཤེས་པར
    ཁ་སྟོང་ནང་གི་ཚིག་སྟོང་ལ་བདག་པོ་མི་བྱེད་པའི་ཅོལ་ཆུང་བ་འདི་ཚོས
    དོན་དངོས་སུ་ཅི་ཡང་མ་ཤེས་པར་འུར་རྒྱག་པ
    རྒྱང་རིང་ཡུལ་ནས་གོ་དུས སེམས་པ་གཏིང་ནས་སྡུག

    བླ་མ་ལགས ཡིད་བཞིན་གྱི་ནོར་བུ
    གདོང་དམར་གངས་ཅན་བོད་པ་ཚང་ལ
    ཁྱེད་ཀྱིས་མ་གསུང་བ་གང་ཡང་ལུས་མེད
    ཁྱེད་ཀྱིས་མ་སྒྲུབ་པ་ཅི་ཡང་ལྷག་མེད
    ཁྱེད་ཀྱིས་མ་བསྟན་པའི་ལམ་ཁ་གཅིག་གྱང་སྐྱུར་མེད
    ད་དུང་ གངས་ཅན་བོད་པ་ཚང་གི་ཆེད་དུ
    ཁྱེད་ཀྱིས་སྐུ་ངལ་ཚད་མེད་མྱོང་བའི་རྣམ་ཐར
    ལྷ་ཀླུ་མི་གསུམ འབྱུང་བོ་གདོན་འགེགས
    གཟུགས་ཅན་དང་གཟུགས་མེད
    སུ་གང་གིས་སྨྱུག་རྩེ་རུ་ལེན་དཀའ་དུས
    ཁྱེད་ཀྱི་སྐུ་དྲིན་གྱི་ཆ་ཤས་ཙམ་དྲན་ནས མིག་མཐའ་མཆི་མས་བཟུང་

    Reply
  6. sha tak rie sim says:
    ལོ་ 17 སྔོན།

    བོད་པ་ཚང་གི་མིག་ཆུ་ལ་རིན་ཐང་ཡོད་ན། བོད་པ་ཚང་གི་༧གོང་ས་མཆོག་ལ་བཅིངས་པའི་བརྩེ་བ་རྣམ་དག་ཡིན་ན། བོད་པ་ཚང་གི་༧དོན་གྱི་བདག་པོ་༧གོང་ས་མཆོག་གི་སྐྱོང་བའི་བཀའ་དྲིན་ངོ་མ་ཤེས་ཀྱི་ཡོད་ན། གང་ལྟར། བོད་པ་ཚང་གི་འདི་ཕྱིའི་༧སྐྱབས་གནས་མཆོག་གི་སྐུ་ངལ་གསོ་ཐུབ་པའི་དུས་ཤིག་ཡོད་ན་ཅི་མ་རུང་། གངས་ཅན་བོད་པ་ཚང་གི་རྡོག་རྩ་གཅིག་སྒྲིལ་གྱིས་༧གོང་ས་མཆོག་གི་ཐུགས་དགོང་སྒྲུབ་སྲིད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese