མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རི་སྒྱུར་བཅོས་ཆེན་མོ།

བོད་ཀྱི་དུས་བབ།
༢༠༠༨/༡༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཛ་དྲག་གི་ཨ་རིའི་སྲིད་འཛིན་འོས་འདེམས་ཆེན་མོའི་འགྲན་རྩོད་ཁྲོད། དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་བྷ་ར་ཨོ་བྷ་མ་ལ་རྒྱལ་ཁ་ཐོབ་མ་ཐག ཁོང་གིས་བརྗོད་རྒྱུར། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འོས་བསྡུ་ཡི་གྲུབ་འབྲས་འདི་བརྒྱུད་དེ། ཨ་རིའི་ནང་སྒྱུར་བཅོས་ཆེན་པོ་ཞིག་གཏོང་མགོ་བཙུགས་ཡོད་ཟེར།

ཟླ་འདིའི་ཕྱི་ཚེས་ ༤ ཉིན་གྱི་ཨ་རིའི་ཐེངས་ ༤༤ བའི་སྲིད་འཛིན་འོས་བསྡུ་ཡི་ཛ་དྲག་གི་འགྲན་རྩོད་ཁྲོད། དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་བྷ་ར་ཨོ་བྷ་མ་ལ་འོས་གྲངས་བརྒྱ་ཆ་ ༥༢ དང༌། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་རྗིང་མེ་ཁིན་ལ་འོས་གྲངས་བརྒྱ་ཆ་ ༤༦ བྱུང་སྟེ། མཐའ་མའི་རྒྱལ་ཁ་དེ་ཨ་རིའི་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་བྷ་ར་ཨོ་བྷ་མ་ལ་ཐོབ་སྟེ། ཨ་རིའི་ལོ་རྒྱུས་ནང་ཤ་མདོག་ནག་པོའི་མི་རིགས་ཤིག་ལ། སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བསྐྲུན་ཡོད། བྷ་ར་ཨོ་བྷ་མ་ནི་དགུང་ལོ་ ༤༧ ཡིན་ཞིང་ཨ་རིའི་སྲིད་འཛིན་རིམ་པ་ ༤༤ དེ་ཆགས་ཡོད་ལ། ལོ་རྗེས་མའི་སྤྱི་ཟླ་ ༡ ཚེས་ ༢༠ ནས་དངོས་སུ་སྲིད་འཛིན་གྱི་ལས་འགན་བཞེས་རྒྱུ་ཡིན་འདུག ཁ་སང་ཨོ་བྷ་མ་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པ་ཁྱབ་བསྒྲགས་བྱས་མ་ཐག ཁོང་གིས་དེར་ཡོད་ཨ་རིའི་མི་དམངས་ཉིས་འབུམ་བཞི་ཁྲི་ ༢༤༠༠༠༠ ལྷག་ལ་གསུང་བཤད་གནང་དོན། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འོས་བསྡུ་ཡི་གྲུབ་འབྲས་འདི་བརྒྱུད་དེ། ཨ་རིའི་ནང་སྒྱུར་བཅོས་ཆེན་པོ་ཞིག་གཏོང་མགོ་བཙུགས་ཡོད། ད་ལྟའི་ཆར་ང་ཚོར་ལས་འགན་ཆེན་པོ་དང༌། དཀའ་ངལ་མང་པོ་ཞིག་ཡོད་ནའང་དེ་དག་ལ་གདོང་ལེན་དང་སྒྱུར་བཅོས་ཀྱི་སེམས་ཤུགས་ཀྱང༌། བདག་ལ་དེ་རིང་ལས་ཆེ་བ་ཞིག་ནམ་ཡང་སླེབས་མྱོང་མེད། ང་ཚོ་ཚང་མས་ཁུར་མཉམ་ལེན་གྱིས་དེ་དག་བདེ་བླག་ངང་འགྲུབ་ཐུབ་པར་ཡིད་ཆེས་ཡོད། ཅེས་བརྗོད་ཡོད་ལ། སྐབས་དེར་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་རྗིང་མེ་ཁིན་གྱིས་ཀྱང༌། ཐེངས་འདིར་བདག་ལ་འོས་འདེམས་ཀྱི་རྒྱལ་ཁ་མ་ཐོབ་པ་དེ་ང་ཚོས་ཤོག་ཁག་དང་རྒྱབ་སྐྱོར་བ་ཚོས་ཧུར་ཐག་གིས་མ་འདང་བ་མིན་པར། མིན་པར་ང་རང་ཉིད་ཀྱི་ནུས་པ་དང་འཇོན་ཐང་གིས་མ་འདང་བ་རེད། ཨ་རིའི་མི་དམངས་ཀྱིས་སེམས་ཐག་གཅོད་པོས་སྐུ་ཞབས་ཨོ་བྷ་མ་ལ་རྒྱབ་སྐྱོར་བྱས་ཡོད་སྟབས། ཉི་མ་དེ་རིང་ནས་བཟུང་ང་ཚོ་ཨ་རིའི་མི་དམངས་ཀྱི་སྲིད་འཛིན་བྷ་ར་ཨོ་བྷ་མ་ཡིན། ང་རང་གི་སྲིད་འཛིན་བྷ་ར་ཨོ་བྷ་མ་ཡིན། ཞེས་བརྗོད་ཡོད།

ཐེངས་འདིར་ཨ་རིའི་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཨོ་བྷ་མ་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་མ་ཐག་འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་འཚམ་འདྲིའི་གློག་འཕྲིན་བཏང་ཡོད་པ་དང༌། ཕྱི་ཚེས་ ༥ ཉིན་བོད་གཞུང་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་ལགས་ཀྱིས་ཀྱང༌། བཙན་བྱོལ་བོད་གཞུང་གི་ཚབ་བྱས་ཏེ། ཨ་རིའི་སྲིད་འཛིན་གསར་བ་ཨོ་བྷ་མ་ལའཚམ་འཕྲིན་ཞིག་སྐུར་ཡོད་པ་དང༌། འཚམ་འཕྲིན་དེའི་ནང༌། ཨོ་བྷ་མཱ་ཡི་སྙིང་སྟོབས་དང་ཤེས་རབ་ཀྱིས་ཨ་རིའི་རྒྱལ་ཁབ་འདི་ལེགས་བཅོས་དང་ཞི་བདེ། རླབས་ཆེན་གྱི་འཕོ་འགྱུར་གསར་བ་ཞིག་འབྱུང་བར་སྨོན་འདུན་ཞུས་ཡོད། དེ་བཞིན་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་དང་སྲིད་བློན་ཝོན་ཅ་པའོ་གཉིས་ཀྱིས་ཀྱང་གློག་འཕྲིན་བཏང་ཡོད་ལ། ཧུའུ་ཅིན་ཐའོ་ཡི་གློག་འཕྲིན་ནང༌། རྒྱ་ནག་གཞུང་དང་ང་རང་ཉིད་ཀྱིས་ནམ་ཡང་ཨ་རི་དང་རྒྱ་ནག་བར་གྱི་འབྲེལ་ལམ་ལ་ཆ་མཐོང་ཆེན་པོ་བྱེད་ཀྱིན་ཡོད་ལ། ལོ་རྒྱུས་ཀྱི་དཀྱོག་མཚམས་གསར་བའི་ཁྲོད་ངེད་གཉིས་མཉམ་འབྲེལ་ཡོང་བར་རེ་སྒུག་བྱས་ཡོད། ཅེས་བཀོད་འདུག

བྷ་ར་ཨོ་བྷ་མ་ཡི་ཕ་ལགས་ནི་མི་རིགས་ཤ་མདོག་ནག་པོ་དང་མ་ལགས་ནི་མི་རིགས་ཤ་མདོག་དཀར་པོ་གཉིས་ཀྱི་བུ་རུ་ ༡༩༤༡ ལོར་ཨ་རིའི་ཧ་ཝ་ཡེ་ཞེས་པའི་མངའ་སྡེ་ནང་འཁྲུངས། དེ་ནས་ཧ་ཝ་ཡེ་དང་ཧིན་རྡི་ཉེ་ཤི་ཡ་སོགས་ནས་ཚར་ལོངས་བྱུང་ཞིང༌། ཨ་རིའི་ཀོ་ལོན་བྷེ་ཡ་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་རྗེས་སྤྱི་ཚོགས་ཞབས་ཞུའི་ལས་ཀ་བྱས་ཡོད་པ་དང༌། རྗེས་སུ་ཨ་རིའི་ཧ་ཝ་ཊི་གཙུག་ལག་སློབ་གྲྭ་ཆེན་མོ་ནས་ཁྲིམས་ལུགས་ལ་སློབ་སྦྱོང་བྱས་ཤིང༌། ༢༠༠༤ ལོར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མིར་འོས་འདེམས་བྱུང་ཡོད།

 

 

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 11

  1. འབྲོང་བུ says:
    ལོ་ 17 སྔོན།

    གཙོ་བོ་ལག་ལེན་བྱེད་རྒྱུ་གལ་ཡ་་་་་་་་་་་་་་་་

    Reply
  2. བསོད་ནམས says:
    ལོ་ 18 སྔོན།

    དགོངས་དགས་གྲོགས་པོ་འཁྱམས་པོ་ལགས། ངས་ཁྱེད་རང་གིས་ང་ལ་ཟུར་ཟ་བྱེད་གིས་ལར་ནས་ཞུ་གིས་མེད།

    Reply
  3. འཁྱམས་པོ། says:
    ལོ་ 18 སྔོན།

    དྲ་གྲོགས་བསོད་ལགས། ངས་ཤོད་རྒྱུ་དེ་ཡང་། འཛུབ་མོ་ལྔ་བོ་དེ་ཆིག་སྒྲིལ་དགོས་པ་ལས་དེ་ལས་འཛུབ་མོ་གཅིག་ལ་རྨས་སྐྱོན་ཡོད་མེད་ཤོད་ཀྱིན་མེད། ད་དུང་ཁྱེད་ཀྱིས་་སྔོན་ཤྱཀ་ཐུབ་པས་ཡང་ཕ་དང་མ་ནི་བསད་བྱ་ཡིན་གསོངས་པ་་་ཞེས་པ་དེས་བསྟན་དོན་དེའང་བརྗོད་བྱ་འདི་འདྲ་ཞིག་ལ་བསྟན་པ་ཨེ་ཡིན་ནམ་སྙམ།
    གང་ལྟར་ངས་ཁྱེད་ལ་ཕོག་ཐུགས་རེ་བཟོས་ཡོད་ན་དགོངས་དྭགས་ཞུ། ང་ནི་འཁྱམས་པོ་ཞིག་གིས་ཟོལ་སྟོད་དང་ངོ་སོའི་རྒྱན་ཚིག་དེ་འདྲ་བཤད་ཤེས་ཀྱིན་མེད་ལ་ཤོད་རྒྱུར་ཡང་མི་འཐད་སེམས་ལ་བསམ་པ་དེ་ཁ་ནས་ཤོད་པའི་དྲང་བདེན་པ་དག་ལ་དགའ་ལ་རང་ཡང་དེས་ཁུངས་སུ་རྟོགས། ད་དུང་གོང་འཁོད་ཀྱི་དམིགས་དོན་གཙོ་བོ་དེའང་ཁྱེད་ལ་བརྗོད་བྱ་དེ་ཁ་ཇེ་གསལ་དུ་ཅུང་ཙམ་གཏོང་འདོད་པ་ལས་ཟུར་ཟ་དང་ཕོག་ཐུགས་ཤིག་གཏོང་འདོད་པ་རྩ་བ་ནས་མིན། མ་ཟད་ང་དྲ་ཐོག་འདིར་ཡོང་དོན་ཡང་དྲ་གྲོགས་ཡོངས་དང་ཕན་ཚུན་བསམ་ཚུལ་བརྗེ་རེས་ཀྱིས་དྲ་ངོས་འདིའི་དྲ་གྲོགས་ཚོ་དང་མཉམ་དུ་བོད་སྤུན་ཟླ་འཆམ་མཐུན་ཆིག་སྒྲིལ་གྱི་བྱ་པ་ཞིག་ལ་བརྩོན་འདོད་པ་ལས་གཅིག་གིས་གཅིག་ལ་ཕྲག་དོགས་དང་གོ་མིང་། སྤུན་ཟླ་ནང་ཁུལ་ལ་གཏོར་བཤིག་དང་ཟུར་ཟ་ཞིག་གི་ཆེད་དུ་ང་འདིར་འཁྱམས་ཡོང་པ་མིན།

    Reply
  4. བསོད་ནམས says:
    ལོ་ 18 སྔོན།

    གྲོགས་པོ་འཁྱམས་པོ་ལགས། འཛུམ་མོ་ལྔ་ནས་གཅིག་ལ་རྨས་སྐྱོན་ཞིག་ཡོད་ན་དེ་ལ་ཕན་པས་སྨན་བཅོས་ཡག་པོ་ཞིག་མེད་པར་ཁུ་ཚུར་ཡག་པོ་ཞིག་་གཞུ་ཐབ་བྲལ།
    གཅིག་གིས་གཅིག་ལ་ཟུར་ཟ་བྱེད་རས་བྱས་ན་ཕོག་ཐུག་འགྲོ་བ་ལས་འཆམ་མཐུན་ཆིག་བསྒྲིལ་ཡོང་པ་ཁག་པོ་རེད་བསམ་གིས་ལགས། སྔོན་ཤྱཀ་ཐུབ་པས་ཡང་ཕ་དང་མ་ནི་བསད་བྱ་ཡིན་གསོངས་པ་ལས་ཟུར་ཟ་དེ་འདྲ་གང་ཡང་གནང་མེད་མོད།

    Reply
  5. འཁྱམས་པོ། says:
    ལོ་ 18 སྔོན།

    དྲ་གྲོགས་བསོད་ནམས་ལགས། ཧ་ཅང་ཡག་པོ་རེད་ཁ་བཙུམས་ནས་མ་བསྡད་པར་སོ་སོའི་བསམ་ཚུལ་རེ་ཁྱེར་ཡོང་པ། འོན་ཀྱང་སྟག་སྨྱོན་ལགས་ཀྱི་གོང་འཁོད་བསྟན་དོན་དེས་བརྗོད་བྱ་གཙོ་བོ་ནི།
    དཔེར་ན། ང་ཚོས་ལག་པའི་འཛུབ་མོ་ལྔ་དེ་སོ་སོའི་སར་ཡོད་ཀྱང་ཕ་རོལ་ལ་ཁུ་ཚུར་ཅིག་གཞུ་དུས་ཆ་ཚང་མཉམས་དུ་བསྡུས་ནས་ཡོད་པ་བཞིན་ད་དུང་དེས་རྩ་བ་ནི་ལག་པ་རང་ལ་ཐུགས་ཡོད། ང་ཚོས་སྤྱི་ཚོགས་ནང་བོད་རིགས་ཕྱོགས་འགལ་བ་དེ་ཚོས་སྒེར་དོན་དང་ཁྱབ་སྲིད་གང་གི་དབང་གིས་ཡིན་ཀྱང་ཕན་ཚུན་ལ་བསམ་ཤེས་ཀྱིས་རྩ་་བའི་བོད་དོན་དང་བོད་སྤྱི་ཚོགས་འཆམ་མཐུན་བོད་ཀོང་བུ་གཅིག་བསྒྲིལ་ལ་འབད་རྒྱུ་དེ་ཡིན་པ་ལས་གཏོར་བཤིགས་གང་ཡང་བསྟན་མེད་པ་འདྲ།

    Reply
  6. བསོད་ནམས says:
    ལོ་ 18 སྔོན།

    གོང་སྟག་སྨྱོན་ལེགས
    ངས་བསམ་ན་ཁྱེད་རིང་གིས་བོད་རིགས་ཕྱོལས་འགལ་བ་ཁ་ཤེས་ཞིག་གི་འགོ་ལ་དམིགས་ནས་གོང་གི་ལག་ཆ་དེ་ཁ་ལ་ཁུར་བ་ཞིག་རེད། དེ་ནི་སྤྱི་ཚོགས་ལ་ཕན་བྱེད་ཕར་ཞོག་ཏོར་བཤིག་གཏོང་བྱེད་ཞིག་ལ་འཐོང་།

    Reply
  7. ཁ་སྒང་བ། says:
    ལོ་ 18 སྔོན།

    རླབས་ཆེན་རེད་ཡེ་ན།

    Reply
  8. གནས་ཚང་། says:
    ལོ་ 18 སྔོན།

    སྟག་སྨྱོན་ལགས་ཀྱིས་ཡག་པོ་གསུངས་ཤག དེ་བདེན་པ་རེད་ལ། ང་ཚོས་ངེས་པར་དུ་སློབ་དགོས་པའང་དེ་རེད།
    ལྷན་རྒྱས་ཞུ་རྒྱུར། མ་གཞི་ནང་ཆོས་སེམས་འདུལ་བྱེད་ཅིག་ཡིན་པར་ཚང་མ་ལོར་ངོས་ལེན་ཡོད་མོད། ཅིའི་ཕྱིར་བོད་མིའི་སེམས་འདུལ་ཐུབ་ཀྱི་མེད་པ་རེད་དམ།

    Reply
  9. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 18 སྔོན།

    དྲ་གྲོགས་སྟག་སྨྱོན་ལགས། ཨ་རིའི་སྒོར་མོ་གོང་ཆེན་ཡིན་ན་ཐང་། དུས་ཚོད་ཕྲན་བུ་རེ་བཙལ་ནས་རང་གི་གཟུགས་པོའི་བདེ་ཐང་ལ་འགན་འཁུར་ནས་རང་ཉིད་ནམ་ཞིག་གསོན་པོའི་ངང་དུ་རང་གི་ཕ་ཡུལ་བོད་དུ་ལོག་དགོས་བསམ་ནས་མུ་མཐུད་དུ་དྲ་རྒྱ་འདིས་ཟིན་བྲིས་བ་དང་དྲ་ཚིགས་འདི་ལ་བསམ་ཚུལ་གང་མང་མང་རེ་འཁྱེར་ཡོང་རོགས་ཞུ་རྒྱུ་ཡིན། ནམ་རྒྱུན ་དུ་བོད་པ་ཚང་གི་སྐྱོན་རྐྱང་རྐྱང་འཚོལ་བ་ལས་བོད་པ་ཚང་གི་ཡོན་ཏན་ཁ་ཤས་རེ་གསུང་རོགས་ཞུ། ཧ་་་་ ཧཧཧ་་ ཨ་རིའི་སྒོར་མོ་ དངོས་ནས་གོང་ཆེན་ཡིན་ནོ་ངས་ཀྱང་ཤེས་ཡོད། གཅིག་བྱས་ན་ང་ཚོས་ཨ་རི་ཚང་ལ་འགོ་འདོག་བྱེད་ཐུབ་མིན་ཚོད་ལྟ་རེ་བྱས་ཀྱང་མ་འགྲིག་པ་ཅི་ཡོད། ཨ་ལ་ཀུ་རེ་ཡིན། སྟག་སྨྱོན། ཤུ་རེ་བྱོས་དང་ང་ཚོ་ནམ་ཡང་དྲ་ཐོག་འདིས་སྐུ་མགྲོན་ནས་དྲ་ཐོག་འདིས་བདག་པོ་ཉན་དགོས་པ་རེད།

    Reply
  10. སྟག་སྨྱོན། says:
    ལོ་ 18 སྔོན།

    ཨ་རིའི་འོས་འདེམས་འདིའི་ནང་ང་ཚོར་མེད་པ་དང་། ང་ཚོས་ལེན་དགོས་པའི་ནོར་བུ་ལྟ་བུ་དེ། ཕམ་ཁ་ངོས་ལེན་བྱེད་དགོས་པ་དང་། ཕམ་མཁན་གྱི་ཕྱོགས་ཁག་གིས་དམངས་གཙོའི་ལམ་ནས་ཐག་གཅོད་བྱུང་བའི་གྲུབ་འབྲས་དེ་ལ་བསམ་པ་རྣམ་དག་གིས་བརྩི་བཀུར་ཞུ་ཐུབ་དགོས་པ་དེ་རེད། ཐོབ་མཁན་གྱིས་མུ་མཐུད་དགྲ་བོ་ཞིག་ཕམ་པར་བརྒྱབ་པའི་བསམ་བློ་མེད་པར་མུ་མཐུད་མཉམ་ལས་དང་བརྩི་བཀུར་རྣམ་དག་ཞུ་དགོས་པ་དེ་རེད།
    གལ་སྲིད་བོད་པ་ཡིན་ན་དེ་འདྲའི་ཛ་དྲག་གི་འགྲན་རྩོད་བྱས་ནས་མཐར་གཅིག་ལ་རྒྱལ་ཁ་ཐོབ་པ་དང་། ཞེ་ནད་དེ་ལས་ཆེ་རུ་སོང་སྟེ་ཆོལ་ཁ་དང་ཆོས་རྒྱུད་སོགས་སྤྱད་ནས་སྤྱི་ཚོགས་མུ་མཐུད་མི་འཆམ་ཁ་འཐོར་དུ་གཏོང་རྒྱུར་འབད་བརྩོད་ལྷོད་མེད་བྱེད་པ་མ་ཟད། ད་དུང་རྒྱ་ནག་ནག་ལ་སོང་ནས་དངུལ་ཁྱེར་ཡོང་སྟེ་རང་གི་ཁ་གཏད་ཀྱི་ཕྱོགས་ཁག་དང་བོད་པའི་སྤྱི་ཚོགས་ལ་གཏོར་བཅོམ་བྱེད་གི་རེད། མདོར་བསྡུས་ན། བོད་པ་མུ་མཐུན་སྟོབས་ཤུགས་ལྡན་པའི་ངང་ནས་འཚོ་དགོས་ན། ཚོགས་པ་ཚང་མའི་སེམས་ནང་ད་ལམ་ཕམ་མཁན་གྱི་སྲིད་འཛིན་འོས་མི་འཇོན་མེ་འཁན་གྱི་མཐའ་མའི་བཀའ་སློབ་ “ཨ་རིའི་མི་དམངས་ཀྱིས་སེམས་ཐག་ཆོད་པོས་སྐུ་ཞབས་ཨོ་བྷ་མ་ལ་རྒྱབ་སྐྱོར་བྱས་ཡོད་སྟབས། ཉི་མ་དེ་རིང་ནས་བཟུང་ང་ཚོ་ཨ་རིའི་མི་དམངས་ཀྱི་སྲིད་འཛིན་བྷ་ར་ཨོ་བྷ་མ་ཡིན། ང་རང་གི་སྲིད་འཛིན་བྷ་ར་ཨོ་བྷ་མ་ཡིན” ཞེས་པའི་བསམ་པ་རྣམ་དག་འདི་འདྲ་ཞིག་དགོས་པ་རེད། དེ་མིན་ན་འོས་བསྡུས་རེ་རེའི་རྫོགས་པ་དང་རྙོག་དྲ་རེ་རེ་ལྷག་ཡོང་གི་རེད། རྒྱ་ནག་ལ་དངུལ་སློང་མཁན་གྱི་བོད་མི་ཇེ་མང་དུ་འགྲོ་ཉེན་ཡོད་པ་རེད། ང་ཚོས་འདི་སློབ་དགོས་པ་རེད།
    གུས་པ་དྲ་རྒྱའི་ཐོག་མ་ཡོང་ན་ད་དུང་ཆུ་ཚོད་ཁ་ཤས་གྲོན་ཆུང་དང་ངལ་གསོ་ཕྲན་བུ་བརྒྱག་ཐུབ་པའི་ཁེ་བཟང་ཡོད་ཀྱང་། བོད་མིར་ཕན་ས་རེད་བསམ་པའི་བསམ་ཚུལ་རེ་བྱུང་བ་དང་། དྲ་ཐོག་འདིར་ཡོང་ནས་རང་དབང་མེད་པར་འབྲི་ཤོར་འགྲོ་བ་ལས། གྲགས་འདོད་དང་རང་ངོམ་མ་ཡིན་པ་ཐུགས་ལ་ཉར་རོགས། སྐབས་རེ་གཟུགས་པོ་འཁྲུ་རྒྱུའི་དུས་ཚོད་སྤྱད་ནས་བསམ་ཚུལ་འགོད་ཡོད། འཁྲུས་གཞོང་ནང་ཉལ་བསྡད་པ་ལས་བསམ་ཚུལ་རེ་བཤད་ཐུབ་ན་ཕན་སྲིད་བསམ་ནས་དཀའ་ལས་བརྒྱག་གི་ཡོད།

    Reply
  11. དབྱངས་ཅན་རོལ་བའི་འོ་མཚོ་། says:
    ལོ་ 18 སྔོན།

    ཐེངས་འདིར་ཨ་རིའི་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཨོ་བྷ་མ་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་བརཨ་རིའི་རྒྱལ་ཁབ་འདི་ལེགས་བཅོས་དང་ཞི་བདེ། རླབས་ཆེན་གྱི་འཕོ་འགྱུར་གསར་བ་ཞིགབྱུང་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese