མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆུ་དང་སྨིག་རྒྱུ་མ་འདྲེས་པ་གནང་རོགས།

བོད་ཀྱི་དུས་བབ།
༢༠༠༨/༡༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

 

བཀའ་ཟུར་སྐལ་བཟང་ཡེ་ཤེས།

བདུན་འགའི་སྔོན་བོད་ཀྱི་དུས་བབ་གསར་ཁང་ནས་ཕྲན་ལ་དྲི་མོལ་ཞིག་གནང་རྒྱུ་ཡིན་ཚུལ་གསུངས་བྱུང༌། འོན་ཀྱང་ཁོ་བོར་དམིགས་བསལ་ཞུ་རྒྱུ་གང་ཡང་མེད་ཅེས་ཞུས་པ་ཡིན། ཡང་ད་རེས་ཉེ་ཆར་འབྱུང་འགྱུར་ཚོགས་ཆེན་ཚོགས་ཉེའི་སྐོར་བསམ་ཚུལ་སྙིང་བསྡུས་ཤིག་འབྲི་དགོས་བསྐུལ་མ་གནང་བྱུང་བས་གསུང་ངོ་མ་བཟློག་པར་གང་བསམ་ཞུས་ན་སྙམ་ཡང༌། བསམ་རྒྱ་ཆུང་བས་མགོ་གང་བྱས་སོང་ཟེར་ན་རྐུབ་ལུག་གིས་བརྡུང་སོང་ཟེར་བའི་ཚུལ་དུ་མི་འགྲོ་བའི་རེ་བ་ཞུ་གི་ཡོད། ཚོགས་ཆེན་ཚོགས་རྒྱུ་ནི་༧གོང་ས་༧སྐྱབས་མགོན་ཆེན་པོའི་བཀའ་འབྲེལ་ཡིན་པ་ཡོངས་ཁྱབ་ཏུ་གླེང་ཞིང༌། ཚོགས་འདུའི་དམིགས་ཡུལ་ལམ། ཡང་ན་གྲོས་གཞི་ནི་བོད་ནང་གི་ཛ་དྲག་གི་བྱུང་རྐྱེན་དང་རྒྱལ་སྤྱིའི་གནས་བབ་འོག་བོད་ཀྱི་རྩ་དོན་ཐོག་བགྲོ་གླེང་གནང་རྒྱུ་དེ་ཡིན་པ་ངྷ་ས་ས་གནས་འགན་འཛིན་ལས་ཁང་ནས་ཁོ་བོར་ཚོགས་བཅར་བརྡ་ཐོ་གནང་བའི་ནང་འཁོད་འདུག

  སྙིང་པོ་ཞུ་རྒྱུར། བོད་ཀྱི་རྩ་དོན་ཐོག་མི་མང་གིས་འགན་འཁྱེར་བའི་སྒོ་ནས་མ་འོངས་བོད་ཀྱི་གནས་བབ་ཐོག་གོ་བསྡུར་དང༌། གཞན་ལ་སྐྱོན་འདོགས་ཁོ་ནར་གཙིགས་སུ་བཟུང་བ་ཙམ་མིན་པར། ཚོགས་གྲོས་ཀྱི་དོན་ལྟར་འབྱུང་འགྱུར་བོད་དང༌། བོད་མིའི་བདེ་རྩར་བསམ་ནས་ལག་ལེན་གང་ཐུབ་བསྟར་རྒྱུ་དེ་ཡིན། དེ་མིན་ཚོགས་འདུའི་ཐོག་གཏམ་བཤད་རིང་པོ་དང༌། མང་པོ་ཞིག་བཤད་ནས་ཚོགས་འདུ་རྒྱལ་ཁའི་ངང་ནས་གྲོལ་ཞེས་འདྲ་ཆག་གི་བརྒྱུད་བསྒྲགས་བྱ་རྒྱུ་དེ་ནི་དམར་ལུགས་ཡིན་པ་ཙམ་ལས་དེས་དགོངས་གཞི་འགྲུབ་ཐབས་སམ། རྩ་དོན་ལ་སྨན་ངེས་གང་ཡང་མི་ཡོང་བ་ནི་ཚང་མས་བསམ་རྒྱུ་དང༌། ཤོད་རྒྱུ་གཅིག་མཐུན་ལྟ་བུ་རང་ཡིན་གྱི་རེད།

  བོད་ཀྱི་རྩ་དོན་ཟེར་བར་དེང་སང་ཕྱོགས་ཁག་མང་པོ་ཞིག་གིས་དགོས་འདུན་བཏོན་ནས་གླེང་རྩོད་བྱེད་ཀྱི་ཡོད་པ་ནི་ལེགས་པའི་ཕྱོགས་ཤིག་རེད། གླེང་རྩོད་གནང་རྒྱུ་དེའི་གྲས་ལ། འགའ་ཞིག་གིས་དབུ་མའི་ལམ། འགའ་ཞིག་གིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མི་རིགས་ས་ཁུལ་རང་སྐྱོང་དགོས་ཟེར་བ་དང༌། ཡང༌། འདི་གཉིས་མིང་མི་འདྲ་ཡང་དོན་གཅིག་པ་དང༌། ཡང་བོད་རང་བཙན་གཙང་མ་དགོས་ཟེར་བ་སོགས་ཀྱི་འདོད་ཚུལ་འཁྲུགས་ཆ་དོད་པོ་མང་པོ་ཡོད་འདུག

རྡོ་དོན། དབུ་མའི་ལམ་ཟེར་མཁན་ཚོས་དེ་ནི་བོད་རྒྱ་གཉིས་སྨན་གྱི་ལམ་ཡིན་ཟེར་བ་ནས། ངེད་ཚོར་སྨན་པ་དེ་༧གོང་ས་མཆོག་གིས་ཕྱི་ལོ་ ༡༩༨༨ ལོར་ཡོ་རོབ་གྲོས་ཚོགས་སུ་གསལ་བསྒྲགས་བསྐྱངས་པའི་གནད་དོན་དང༌། ཡང་ཕྱི་ལོ་ ༡༩༩༢ ལོར་མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་གསལ་བསྒྲགས་བསྐྱངས་པའི་འབྲུ་དོན་གཞིར་བཟུང་གི་ཐོག་ནས་རང་ཕྱོགས་ལ་སྨན་ཐབས་ཡོང་རེ་བྱ་རྒྱུ་ཞིག་རེད་ཅེས་ཤོད་རྒྱུ་དང༌། བསམ་རྒྱུ་དེ་ཡིན་ཚོད། འོན་ཀྱང་དེང་སྐུ་ཚབ་ཚོ་ཕེབས་ཏེ་དེ་ལྟའི་དགོས་འདུན་ཐོག་གླེང་རྩོད་དམ། གྲོས་མོལ་གནང་གི་ཡོད་མེད་གོང་རིམ་མཛད་གཙོ་ཚོས་མཁྱེན་པ་ལས་བློ་ཆུང་ང་ལྟ་བུས་ནི་ཤེས་ཚོར་གཏན་ནས་མཻད་པས། འདི་ཐོག་ཚོགས་ཆེན་ནང་འཐུས་མིན་གླེང་བཤད་བྱ་རྒྱུ་ནི་མུན་ནག་མདའ་འཕེན་གྱི་ངང་ཚུལ་བཟུང་རྒྱུ་ལས་གཞན་ཅི་ཡང་མེད།

  དེ་ནས་ཡང༌། དེང་སང་གཞུང་འབྲེལ་གྱི་རྩ་འཛིན་གནང་རྒྱུའམ། རྒྱ་ཕྱོགས་ལ་དགོས་འདུན་མོལ་གླེང་གནང་རྒྱུ་དེ་ནི་གོང་དུ་འཁོད་པ་ལྟར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མི་རིགས་ས་གནས་རང་སྐྱོང་ཟེར་བ་དེ་ཡིན་མདོག་ཁ་ཡང༌། རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞི་དང༌། མི་རིགས་ས་ཁུལ་རང་སྐྱོང་ཟེར་བ་དེ་འདི་འདྲ་ཞིག་རེད། དེ་དང་དབུ་མའི་ལམ་གཉིས་གཅིག་གྱུར་ཡིན་པའི་ཡང་དག་གི་སྒྲུབ་བྱེད་འདི་ཡིན། དེའི་འཆར་གཞི་ཞིག་དགོས་པ་འདི་ཡིན་ཞེས་འཛམ་གླིང་ཡོངས་ཁྱབ་སྤྱི་དང༌། ལྷག་པར་བོད་དོན་ཐོག་རྒྱབ་སྐྱོར་འགན་འཁུར་གནང་མཁན་གྱི་རྒྱལ་ཁབ་དང༌། ཚོགས་སྡེ་སོགས་ཀྱིས་མཁྱེན་པ་ཞིག་དགོས་སྙམ་ཡང་དེ་སྐོར་གོང་རིམ་ཚོས་འཆར་འགོད་གནང་ཡོད་པ་ཞུ་མ་དགོས་ཀྱང༌། ཕྲན་ལྟ་བུ་རྨོངས་པ་མང་པོ་ཞིག་གིས་འདི་འགྲིགས་མ་འགྲིགས་གཏམ་བཤད་བྱ་ཁུལ་བྱེད་མུས་ལས་དོན་དངོས་ཐོག་ཞིབ་ཆའི་ཕྱག་བསྟར་འཆར་གཞི་ཤེས་རྟོགས་གང་ཡང་མེད་སྟབས། དེ་ལའང་འདི་བྱ་འདི་འཐུས་ཀྱི་མུན་ནག་སྦར་ཉུལ་རྒྱག་རྒྱུ་རེད། དེ་དང་འབྲེལ་བའི་དཔེ་མཚོན་ཞིག་ཞུས་ན། མི་རིགས་ས་གནས་རང་སྐྱོང་དང༌། ས་ཁུལ་མི་རིགས་རང་སྐྱོང་ཟེར་བ་གཉིས་ལ་རྒྱ་མིའི་རྩ་ཁྲིམས་ནང་གནམ་སའི་ཁྱད་པར་ཡོད་ཀྱང༌། ང་ཚོ་མང་པོ་ཞིག་གིས་འདི་གཉིས་གཅིག་ཏུ་བསྲེས་ནས་གསུང་མཁན་འདུག་པས། དེ་ལ་དཔག་ན་དོན་དངོས་ཐོག་མཁྱེན་རྟོགས་ཇི་ཡོད་དཔོག་ཐུབ་པ་ཞིག་རེད།

ལྷག་པར་མི་རིགས་ས་ཁུལ་རང་སྐྱོང་གི་དགོས་འདུན་བཏོན་ཏེ་གྲོས་མོལ་གནང་སྐབས་ཡུ་རོབ་གྲོས་ཚོགས་ཀྱི་གསུང་བཤད་དང༌། མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་གྱི་དོན་ལྟར་མ་བྱུང་ན་ལོ་རྒྱུས་ཐོག་༧གོང་ས་མཆོག་གི་མཛད་བྱུས་རྗེས་བཞག་གནང་བའི་མི་རིགས་ཚོར་བསམ་ཚུལ་རྣལ་མ་མི་སྐྱེ་བའི་གཞི་རྩ་ཆེ་བས་འདི་སྐོར་ཚོགས་ཆེན་ཐོག་དགོངས་གྲོས་མོལ་གནང་དགོས་སྙམ།

   དེ་ནས་རང་བཙན་གཙང་མ་ཡོང་བར་འཐབ་རྩོད་དགོས་གསུང་མཁན་མང་པོ་ཡོད་ཀྱང༌། ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་རང་བཙན་གཙང་མ་དགོས་རྒྱུ་ཞིག་ལ་གསུང་གི་ཡོད་ན་ནི། གོང་དུ་ཚོགས་ཆེན་གྱི་གྲོས་གཞིར་བཀོད་ཡོད་པ་ལྟར། དེང་རྒྱལ་སྤྱིའི་གནས་བབ་དང༌། རྒྱ་ནག་གི་གནས་བབ་གཉིས་ལ་བསམ་གཞིགས་བྱས་ན་དུས་རྒྱུན་ཁ་དཔེར་སངས་རྒྱས་མ་བྱོན་གོང་བྲམ་ཟེ་མི་རྒས་པའི་ཐབས་ཚུལ་ཞིག་སྟོན་གནང་དགོས་པ་བྱུང་ཡོད་སྲིད་ཀྱང༌། ཕྲན་ལྟ་བུ་གཡས་གཡོན་གང་དུ་ཡང་ཤོད་རྒྱུ་དང་ཐོས་རྒྱུའི་ཁོར་ཡུག་དང་གཉེར་མི་བྱེད་མཁན་གྱིས། འདི་ལ་ནི་དེ་བས་ཀྱང་བསམ་ཚུལ་བཤད་རྒྱུ་དང༌། ལྷག་པར་རང་བཙན་གཙང་མ་དགོས་འདུན་བཏོན་ཏེ་རྒྱབ་སྐྱོར་ཞུ་ཁུལ་བྱས་ཀྱང༌། ཕོ་སྒྲོབ་བཤད་པའི་ཚུལ་ཙམ་ལས་དོན་ཕན་ཡོད་པ་གང་ཡང་ཞུ་རྒྱུ་ཁག་པོ་རེད།

གང་ལྟར་ཡང་དགོས་འདུན་འདི་བཏོན་ཙམ་མིན་པར་དེ་སྒྲུབ་པའི་ཐབས་ལམ་ཡང་བཏོན། དེའི་ཐོག་རང་དོན་ཕྲན་བུ་བློས་གཏོང་གི་བྱ་བཞག་སྒྲུབ་དགོས་པ་ལས། ང་ལ་གསེར་དེ་པོ་གཅིག་དགོས་ཟེར་བ་ཙམ་ལས། འབྱུང་ཐབས་འདི་ཡིན་ཞེས་པ་གང་ཡང་མེད་པར་རྨི་ལམ་བཏང་བསྡད་པ་ལྟ་བུས་ཕན་ཐོག་མེད་པའི་ཁར་བུ་ཡུལ་ན་མེད་པའི་མི་ཟླ་གྲགས་ཀྱི་དཔེ་ལྟར་ཡོང་ཉེན་ཡང་ཡོད།

  གོང་གི་གནས་ཚུལ་ཞུས་པ་འདི་དག་རང་ཉིད་ཀྱི་རྒྱུད་ཚོད་ལ་དཔག་སྟེ་ཞུས་པ་ལས་ཚོགས་ཆེན་ཚོགས་ནས་སུ་ལའང་བསམ་འཆར་བཏོན་ཡས་གང་ཡང་ཡོད་པ་མ་རེད་ཅེས་ཚོགས་ཆེན་ཚོགས་པ་དགོས་མེད་ཡིན་པ་གཏན་ནས་ཞུ་གི་མེད་པས་ཆུ་དང་སྨིག་རྒྱུ་ནོར་ནས་དགོངས་ཕྱོགས་དང་གླེང་ཕྱོགས་མི་མཛད་པ་ཞུ། ལར་ནས་རང་ཚོད་ལ་དཔག་པའི་གནས་ཚུལ་འདི་དག་ཞུས་ན་ང་དང་ང་འདྲ་བ་ཚོགས་འདུར་ཕེབས་མཁན་ཡོད་སྲིད་པས་དེ་དག་གིས་ཚོགས་འདུར་མ་ཕེབས་གོང༌། དོན་གནད་ཚང་མར་ཞིབ་འཇུག་དང་འབྲེལ་མཁྱེན་པ་གནང་ནས་ཚོགས་འདུར་ཕེབས་ཏེ་དགོངས་འཆར་གནང་ན་དོན་སྨན་ཞིག་ཡོང་རེས་ཞུས་པ་ཡིན།

  ཞུ་དོན་གཙོ་བོ་གཞན་ཞིག་ལ་ཚོགས་ཆེན་ཐོག་བགྲོ་གླེང་གནང་རྒྱུ་དེ་དབུ་མའི་ལམ་གྱི་ཤོག་ཁག་ཅིག་དང༌། རང་བཙན་དགོས་འདུན་བཏོན་པའི་ཤོག་ཁག་གཉིས་བར་སུ་ཤོར་སུ་རྒྱལ་ལྟ་རྒྱུའི་ཚོགས་འདུ་ཞིག་ནི་ནམ་ཡང་མིན། རང་བཙན་དང༌། དབུ་མའི་ལམ་ཤོད་དགོས་ཀྱང་སྟོང་བཤད་འདྲ་ཆག་ཙམ་བྱ་རྒྱུ་མིན་པར་གོང་དུ་ཞུས་པ་ལྟར་ཐབས་ལམ་དང༌། དེ་འབྲེལ་ལག་བསྟར་འོས་པ་ཞིག་གསུང་གླེང་གནང་རྒྱུ་དགོས་གལ་རེད་སྙམ། གཞན་ཡང་དབུ་མའི་ལམ་ལ་བོད་མི་མང་གྲོས་ཚོགས་ཀྱི་རྒྱབ་སྐྱོར་ཞུས་ཏེ་གཏན་ལ་ཕབ་ཡོད་ན། དེ་ལ་གཡས་འཐེན་གཡོན་འཐེན་བྱེད་པར་གྲོས་ཚོགས་ཀྱི་སླར་ཡང་གཏན་འབེབ་དགོས་རྒྱུ་ནི་ཞབས་བྲོ་ཨེ་ཡག་བལྟས་ཟིན་པ་ལ་བལྟ་སྐྱོར་རྒྱག་དགོས་ཀྱི་རང་བཞིན་ཆགས་ཟིན་པ་རེད།

  ལྷག་པར་ཉེ་ཆར་བོད་ཁྱིམ་དུས་དྲན་ཐོག་ཆབ་སྲིད་ཀྱི་བཀའ་སློབ་ཕེབས་སྒོའི་སྙིང་པོ་ཞིག་ནི། “ད་ཆ་རྒྱ་ནག་མི་མང་ལ་ཡིད་ཆེས་བརླག་མེད་ཀྱང༌། རྒྱ་ནག་གཞུང་ལ་ཡིད་ཆེས་ཆུང་དུ་ཆུང་དུ་འགྲོ་གི་འདུག” ཅེས་ཕེབས་པའི་དགོངས་དོན་ལ་བསམ་ན་སྐུ་ཚབ་ཕེབས་ནས་ཐུགས་ཡིད་ཇི་འདྲོངས་སུ་འགྲོ་དགོས་པའི་རེ་འདུན་ཆེའང༌། དེའི་ལྡོག་ཕྱོགས་ཀྱི་གསུང་བབ་འདི་སྐུ་ཚབ་རིམ་ཕེབས་གནང་བའི་ཁྱད་ཡོན་ཇི་བྱུང་གསལ་པོ་མཚོན་ཐུབ་པ་ལྟ་བུ་མིན་ནམ་སྙམ་པས་དེ་ལའང་གོ་བསྡུར་གནང་འོས་དང༌། ཡང༌། ཕེབས་དགོངས་སུ་“འགག་རྩའི་སྒང་ལ་སླེབས་སྐབས་རི་བོང་རྡོ་བརྫུས་ལྟ་བུ་བྱས་པས་ལ་དག་ཡག་མི་འདུག”ཅེས་ཕེབས་ཤིང༌། རི་བོང་རྡོ་བརྫུས་ཀྱི་དོན་ནི་མ་ཡིན་པར་ཡིན་མདོག་དང༌། མེད་པ་ལ་ཡོད་མདོག་བྱེད་པའི་དཔེ་ཡིན་པས་འདིར་ཡང་བསམ་གཞིགས་ཞིག་གནང་རྒྱུ་གལ་ཆེ་སྙམ། དེ་ནས་གཞིས་བྱེས་གཉིས་ཀྱི་མི་མང་ལ་ཧ་ཅང་སེམས་འཚབ་ཆེན་པོ་སྐྱེ་གཞི་ཞིག་ནི། ཕེབས་སྒོར་“ཕྱི་ཟླ་ ༩ བའི་ཚེས་ ༡༡ ནས་ངས་ཐག་གཅོད་བྱས་པ་ཡིན”ཞེས་ཕེབས་ཤིང༌། ཐག་གཅོད་རྒྱུ་དེ་ “ད་ནས་ང་དེའི་ནང་ཇུས་གཏོགས་བྱེད་ཀྱི་མིན” ཞེས་ཕེབས་པ་དེ་ཡིན་པ་དང༌། ཇུས་གཏོགས་མ་མཛད་ས་དེ་བོད་དོན་གྲོས་མོལ་སྐོར་ཡིན་བཟོར། དེ་ལ་གཞིས་བྱེས་ཀྱི་རང་རིགས་རྣམས་ཁག་མེད་ཀྱང༌། བྱེས་ཀྱི་གཞུང་འབངས་རྣམས་འདི་མུར་ཁ་རོག་བཞུགས་རྒྱུ་བློས་མི་བཟོད་པའི་གནད་ཅིག་ཡིན་པས་ཚོགས་ཆེན་ཐོག་འདི་སྐོར་ཡང་གྲོས་བསྡུར་གནང་འོས་སྙམ།

  འོན་ཀྱང་སྐུ་ཚབ་རྣམ་པ་སླར་ཡང་ཕྱི་ཟླ་ ༡༠ པའི་ནང་ཕེབས་ཟིན་པ་རིང་མིན་བཞུགས་སྒར་དུ་ཞབས་སོར་འཁོད་རྒྱུ་ཡིན་ཤག་ལ་བརྟེན། སྐུ་ཚབ་རྣམ་པ་སུའི་སྐུ་ཚབ་ཡིན་འང་དོགས་གཅོད་དང་གླེང་བརྗོད་བྱེད་དགོས་པའི་གནས་བབ་ཅིག་ཆགས་སོང་སྙམ་པས་འདི་སྐོར་ལའང་གྲོས་མོལ་གནང་འོས་སྙམ། འདི་ནི་ང་ཚོའི་རྩ་དོན་དང་འབྲེལ་བའི་གལ་ཆེའི་ནང་གི་གལ་ཆེ་ཡིན་སྟབས་བརྒྱུད་རིམ་མ་འཁྲུལ་པ་གནང་རྒྱུ་གལ་གནད་དུ་གཟིགས་པར་མཛོད་རོགས་ཞེས་དང༌། དོན་སྙིང་རྟ་ལ་རུས་པ་དང༌། ཁྱི་ལ་ཆག་སྟེར་བ་ལྟར་མི་ཡོང་བའི་བསམ་གྲོས་ལྷུག་པོར་ཡོང་བའི་རེ་སྐུལ་ཞུ་གི་ཡོད།།

 

འབྲེལ་ཡོད་གསར་འགྱུར།

Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

སྐར་མ ༢ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

སྐར་མ ༦༠ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese