མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་རེབ་ཀྱི་དགྲ་བོ་བོད་མི་ཡིན།

བོད་ཀྱི་དུས་བབ།
༢༠༠༩/༠༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྨོན་ལམ་ཆེན་མོ་འཚོགས་ལ་ཉེ་བའི་ཉིན་འདི་དག་ལ། བླ་བྲང་རྫོང་ཐོག་ཏུ་དྲག་ཆས་སྤྲས་པའི་དམག་མི་ཇེ་མང་ལ་སོང་ཡོད་པ་དང༌། སྨོན་ལམ་སྐབས་སྲོག་ཤོར་བ་དང་འཇུ་བཟུང་སོགས་ཀྱི་གནས་ཚུལ་ལྷག་ན་ས་གནས་སྲིད་གཞུང་གིས་འགན་གང་ཡང་ལེན་གི་མིན་པ་མང་ཚོགས་ལ་གསལ་བསྒྲགས་བྱས་འདུག

ཕྱི་ཚེས་ ༢ ཉིན་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། མདོ་སྨད་བླ་བྲང་རྫོང་ཐོག་ལ་དམག་མི་མང་པོས་སྐོར་ཞིང༌། སྲང་བར་ཡོངས་རྫོགས་ལ་པར་ལེན་བརྙན་ཆས་འཇོག་བཞིན་པ་དང་དྲ་ཁང་ཚང་མར་དོ་དམ་བྱེད་བཞིན་ཡོད་འདུག  ལོ་རྒྱུན་ལྟར་བླ་བྲང་བཀྲ་ཤིས་འཁྱིལ་དུ་སྨོན་ལམ་ཆེན་མོ་འཚོགས་ཀྱིན་ཡོད་པ་དང༌།  ད་ལོའི་སྨོན་ལམ་དེ་ཟླ་འདིའི་ཚེས་ ༨ ནས་ ༡༡ བར་གྱི་ཉིན་ ༤ རིང་ལ་འཚོགས་ཀྱིན་ཡོད་པ་རེད། དེར་ཕྱོགས་མཐའ་སོ་སོ་ནས་བོད་མི་དད་ལྡན་སྟོང་ཕྲག་མང་པོ་འཛོམས་ཀྱིན་ཡོད་པས། རྒྱ་ནག་གཞུང་གིས་ལོ་སྔོན་མ་ནས་བོད་ཁུལ་ཡོངས་ཀྱི་ས་གནས་གང་ཡིན་ཡང་བོད་མི་འདུ་འཛོམས་བྱེད་སར་དམ་དྲག་ཤུགས་ཆེན་བྱེད་བཞིན་པ་ལྟར།  ཕྱི་ཚེས་ ༡ ཉིན་ནས་བླ་བྲང་རྫོང་ཐོག་ལ་དྲག་ཆས་སྤྲས་པའི་དམག་མི་ཇེ་མང་ལ་སོང་ཡོད་པ་དང༌། བླ་བྲང་མཐའ་འཁཔར་གྱི་ས་ཁུལ་སོ་སོའི་མགོ་གཙོ་ཚོས་མང་ཚོགས་ཀྱི་ཁྲོད་ནས་སྨོན་ལམ་ཆེན་མོར་འགྲོ་མཁན་ཡོད་ན་གཟབ་གཟབ་བྱ་དགོས་ཚུལ་དང༌། གལ་ཏེ་དོན་རྐྱེན་བྱུང་ནས་སྲོག་ཤོར་བ་དང་འཇུ་བཟུང་བྱས་ན་ས་གནས་སྲིད་གཞུང་གིས་འགན་གང་ཡང་ལེན་གི་མིན་པའི་ཉེན་བརྡ་བཏང་ཡོད་འདུག 

དེར་བོད་ནང་གི་མིང་དང་པར་དངོས་སུ་ཡོད་པའི་ཟིན་བྲིས་སྤེལ་མཁན་རྒན་པ་ཞིག་གིས་གངས་ལྗོངས་གཞོན་ནུའི་གླེང་སྟེགས་ངོས་སུ་ཟིན་བྲིས་སྤེལ་དོན།    ཉིན་མཚན་མེད་པར་བོད་མི་སྤུན་ཟླ་ཚོའི་རིག་ས་མཐོང་ས་ནས་དྲག་སྦྱོང་བྱས་ཏེ་བསམ་བཞིན་དུ་བོད་མི་ལ་ཞེ་སྡང་དང་འཇིགས་སྣང་སློང་གང་ཐུབ་བྱེད་ཀྱིན་འདུག ཁོ་ཚོས་སྐད་ཆེན་པོའི་སྒོ་ནས་འུར་རྒྱག་གིན་འདུག་ལ། རྫིག་རྫིག་རྔམ་རྔམ་གྱིས་དགྲ་བོ་ལ་རྒོལ་རྡུང་བྱེད་ཁུལ་དང༌། འཛིན་བཟུང་བྱེད་ཁུལ། འགོག་རྒོལ་བྱེད་ཁུལ་སོགས་བྱེད་ཀྱིན་འདུག་པ་མ་ཟད། མངོན་སུམ་འཛེམས་མེད་ཀྱིས་ད་ཐེངས་ཀྱི་དགྲ་བོ་ནི་བོད་མི་ཡིན་ཟེར་གྱིན་འདུག  ད་ལྟ་བླ་བྲང་གི་ག་ས་གང་དུ་གློག་མིག་གི་བརྙན་འཕྲིན་འཕྲུལ་ཆས་སྒྲིག་འཛུགས་བྱས་ཡོད་པར་མ་ཟད། གློག་ཀླད་དྲ་རྒྱ་སོགས་འཕྲིན་གཏོང་སྒྲིག་ཆས་ཡོད་ཚད་ལ་ཚད་ལས་བརྒལ་བའི་ཚོད་འཛིན་བྱས་ཏེ་དྲ་འབྲེལ་ཁང་གཅིག་ཀྱང་མེད་པར་བྱས་འདུག ཅེས་བྲིས་ཡོད་པ་དང༌།  ཡང་ཁོང་གིས། དེའི་རྐྱེན་གྱིས་ངའི་བསམ་ཚུལ་ཡིན་ན་ད་ཐེངས་རྒྱལ་ཁ་མི་ལོན་ཡང་འདི་ལྟར་འདུག་མི་རུང༌།  ང་ཚོས་གཞི་རིམ་གནད་སར་བཟུང་སྟེ་མང་ཚོགས་ཁྱོན་ཡོངས་ནས་སྐུལ་སློང་གིས་ཡར་ལངས་བྱ་དགོས་པར་འདོད།  རྒྱལ་ལོའི་ཚེས་ ༨ ཉིན་གྱི་དགོང་མོ། བོད་ས་གནས་སོ་སོའི་ལོ་ ༡༨ ཡན་ནས་ལོ་ ༥༥ མན་གྱི་སྐྱེ་ཕོ་མོ་རྒན་གཞོན་ཚང་མ་རང་རང་ས་ཆའི་སྲིད་གཞུང་སྡེ་ཁག་ཏུ་སོང་ནས་བསམ་འཆར་ཡར་ཞུ་བྱ་དགོས། དེའི་བརྒྱུད་རིམ་ཁྲོད་མི་སུ་ཞིག་གིས་ཀྱང་མཚོན་ཆ་འཛིན་མི་ཆོག  གང་དུ་ཡང་འཕྲོག་བཅོམ་བྱ་མི་ཆོག  རྡུང་རྡེག་བྱ་མི་ཆོག  ཁ་ནས་འུར་ཆེན་པོ་རྒྱག་པ་ལས་གཞན་དྲག་སྤྱོད་གང་ཡང་སྤེལ་མི་ཆོག  དེ་ལྟར་ཉིན་བདུན་ལ་བསྒུག་དགོས།  དེ་རྗེས་རྒྱལ་ཁབ་སྲིད་གཞུང་གིས་ད་དུང་ཞི་བས་གྲོས་མོལ་མི་བྱེད་ན་མི་མང་གི་བསམ་འཆར་ལྟར་གནས་ཚུལ་ལ་འགྱུར་ལྡོག་གཏོང་ཆོག  ཚང་མས་རྒྱབ་སྐྱོར་གནང་རོགས་ཞུ།  བསམ་ཚུལ་འདི་མི་ཚང་མས་བརྒྱ་འགྱུར་དུ་བརྒྱུད་སྒྲོག་གནང་རྒྱུ་མཁྱེན།  བསམ་ཚུལ་འདི་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་མི་སུས་ཀྱང་གང་འདོད་དུ་གཏོར་བཤིག་བྱ་མི་ཆོག  རང་རང་ས་ནས་རྩ་འཛུགས་ཡོད་པ་དང་སྒྲིག་ལམ་ཡོད་པ་བྱ་དགོས། ཅེས་ཀྱང་ཟིན་བྲིས་སུ་བཀོད་འདུག 

གངས་ལྗོངས་གཞོན་ནུའི་གླེང་སྟེགས་ཞེས་པའི་དྲ་ཚིགས་འདི་ནི་བོད་མདོ་དབུས་ཁམས་གསུམ་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་ཡོངས་ནས་བེད་སྤྱོད་གཏོང་ཐུབ་པའི་བོད་ཡིག་དྲ་ཚིགས་ཤིག་ཡིན་པ་དང༌། བོད་མི་གཞོན་སྐྱེས་ཚོའི་འབྲེལ་འདྲིས་བྱེད་སའི་ཟམ་པ་ལྟ་བུར་ཆགས་ཡོད་པ་རེད།  

འབྲེལ་ཡོད་གསར་འགྱུར།

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ་འདུག ༢༠༢༦།༠༥།༨ པར་དུས་བབ་ཀྱི་བསྒྲིགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཁྲིམས་གཏུག་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༠༨
Mobile App

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་ལ་ལོ་གཉིས་ཕར་འགྱང་གི་སྲོག་ཁྲིམས་བཅད།

༢༠༢༦/༠༥/༠༨
Mobile App

བོད་ཀྱི་སྐད་ཡིག་དང་ད་ལྟའི་གནས་བབ།

༢༠༢༦/༠༥/༠༨
བསོད་ནམས་དོན་གྲུབ་ལགས་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བསོད་ནམས་དོན་གྲུབ་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

༢༠༢༦/༠༥/༠༧
Mobile App

སྲིད་འཛིན་ཊོམ་ཕུ་མཆོག་གང་མགྱོགས་རྒྱ་ནག་ནང་ཕེབས་རྒྱུ་ཡིན་པས་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་རེད།

༢༠༢༦/༠༥/༠༧
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ།

༢༠༢༦/༠༥/༠༧

མཆན། 5

  1. གདོང་དམར་གྱི་བུ། says:
    ལོ་ 17 སྔོན།

    ཟམ་གདོང་ལ་ག་རེ་བཤད་ནའང་ནོར་ཁྲུལ་ཁས་མི་ལེན་པས་རྡོ་ཡི་མི་ཞིག་ལ་ཐད་ཀར་རེ་འདོད་ཞུ་བ་གླེན་རྟགས་རེད། དེའི་ཕྱིར་གསར་ཤོག་གི་དྲ་རྒྱ་འདི་བརྒྱུད་ནས་སྤྱི་ཚོགས་ནང་ན་གཞོན་གྱི་དཔུང་ཁག་གསར་བ་ཞིག་གིས་རང་ཤེད་ཅན་གྱི་བཀའ་ཤག་གིས་བོད་ནང་གི་བོད་མིའི་སྙིང་སྟོབས་དང་། འཐབ་རྩོད་ལ་ཁྱད་གསོད་བྱས་ཏེ། བོད་དོན་ནི་བླ་མ་ཚོས་ཚན་ཉིད་རྩོད་པ་ལྟར་ལན་ཚ་བོ་འདེབས་ཐུབ་སོང་ན་འགྲིག་པ་ལྟ་བུ་མ་རེད། མ་ཟད་ཆོས་ཕུགས་སྤྲང་ལ་གཏད་ཟེར་བ་ལྟར་ཆོས་ཀྱི་བསམ་བློའི་ངན་ཤུགས་ཀྱིས་བོད་སྤྱི་ཆེས་ཉམས་ང་བའི་གནས་སྟངས་ཤིག་གིས་འཐུས་པར་སེམས་བཞིན་པ་སོགས་ལ་ངོ་རྒོལ་ཡོད་པ་གསལ་སྟོན་བྱས་པ་ཡིན་ལ། མུ་མཐུན་ནས་རྒོལ་ཤུགས་ཆེ་རུ་འགྲོ་གི་རེད།

    Reply
  2. དགྲ་འདུལ། says:
    ལོ་ 17 སྔོན།

    ས་ཡིག་བསྡུ་རུབ་ཀྱི་ལས་འགུལ་འདིའི་མ་ཕྱི་དེ་སུས་བྲིས་ན་ཡག་པོ་ཡོད་རེད། ཇི་ལྟ་བུ་ཞིག་འབྲི་དགོས་པ་རེད། འདིའི་མ་དཔེ་ཞིག་འབྲི་ཐུབ་ན་ཐུགས་རྗེ་ཆེ།

    Reply
  3. གངས་སྐྱིད། says:
    ལོ་ 17 སྔོན།

    ཟམ་གདོང་ལ་བཤད་རྒྱུ་ཡོད་ན་ཟམ་གདོང་གི་གོ་ས་ལ་བཤད་དགོས་པ་ལས། དྲ་ཐོག་འདིར་བཤད་མ་བཤད་ཕན་ཐོགས་མེད་རེད། མ་གཞི་ཟམ་གདོང་ལ་རྒྱབ་ནས་འདྲ་མི་འདྲ་བཤད་མཁན་ཡོད་རེད་ཀྱང་ཟམ་གདོང་ཐུག་དུས་ཅི་གསུང་བཀའ་སྒྲུབ་ཞུ་མཁན་རྐྱང་རྐྱང་ལས་དྲ་ཐོག་འདིར་རྫིག་པོ་བཤད་པ་ནང་བཞིན་མཐོང་མ་མྱོང༌།

    Reply
  4. གདོང་དམར་གྱི་བུ། says:
    ལོ་ 17 སྔོན།

    བོད་གཞུང་གིས་བོད་མིའི་སྙིང་སྟོབས་དང་འཐབ་རྩོད་བེད་སྤྱོད་ཡང་དག་པ་བྱེད་ཤེས་དགོས་པ་ཟམ་གདོང་གི་འོས་འགན་མཐོང་། སྐད་ཆ་རྗིག་པོ་ཁོ་ན་བཤད་ནས་བོད་མིའི་དཀའ་ངལ་ལ་ཕན་ཐོགས་མེད་པ་ཤེས་ཡོད། ཟམ་གདོང་གི་སྐད་ཆ་རྫིག་པོ་དང་ཁྲིམས་འདྲ་མི་འདྲ་བཤད་ནས་མི་དམངས་ལ་ཁྱད་གསོད་མི་བྱེད་པར་ལས་དོན་དངོས་ལ་མཚམས་པའི་ཕྱག་ལས་གནང་རྒྱུ་གལ་ཆེ། མ་འོངས་པ་ལས་ཀྱང་ད་ལྟའི་དཀའ་ངལ་གཙོ་བོ་བྱེད་དགོས། ག་དུས་ཡིན་མ་འོངས་པའི་ཆེད་དུ་སྐད་ཆ་རྫིག་པོ་བཤད་ནས་གང་ལ་མི་ཕན།

    Reply
  5. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    ས་གནས་སོ་སོ་ནས་བོད་མི་རང་ལོ་ ༡༨ ཡན་ནས་ ༥༥ མན་བར་འབྲེལ་ཡོད་ལས་ཁུངས་ཀྱི་སྒོ་རྩར་བཅར་ཏེ་ཞུ་གཏུགས་བྱས་ན་ཡག་པོ་རེད། ཡིན་ནའང་། ངའི་ལྟ་ཚུལ་ཡིན་ན་བོད་མིའི་དཀའ་ངལ་འདི་ཡིག་ཐོག་ལ་ཕབ་སྟེ་ཞིང་ཆེན་སོ་སོ་དང་། རིམ་པ་སོ་སོའི་བོད་རིགས་ལས་བྱེད། དགེ་རྒན། སློབ་ཆེན་སློབ་མ། ཡུལ་སྡེ་སོ་སོའི་མགོ་བ། དགོན་སྡེ་ཁག་གི་བླ་མ་མཁན་པོ་རྣམས། དེ་བཞིན་མང་ཚོགས་དཀྱུས་མ་བཅས་ནས་ས་ཡིག་བསྡུ་རུབ་ལྟ་བུའི་ལས་འགུལ་ཞིག་སྤེལ་ཏེ། ཀྲུང་དབྱང་དང་འཐབ་ཕྱོགས་གཅིག་གྱུར་ཁང་། དེ་བཞིན་ཀྲུང་དབྱང་གི་འབྲེལ་ཡོད་བོད་རིགས་དཔོན་པོ་རྣམས་དང་། གྲངས་ཉུང་མི་རིགས་གཞན་རྣམས་ཀྱི་དཔོན་པོ་རྣམས་བཅས་ལ་ཡུལ་སོ་སོའི་སྐད་ཡིག་གི་ནང་དུ་བསྒྱུར་ནས་ཕུལ་ན་དེ་བ་ཀྱང་ལེགས་པོ་ཞིག་ཡོང་བར་འདོད།

    ལས་འགུལ་གྱི་རིམ་པ་འདི་ནི་བོད་ནང་ད་བར་བྱུང་མ་མྱོང་བ་དང་། དེང་རབས་ཀྱི་རང་དབང་དང་དམངས་གཙོ། མི་སེར་སྤྱི་ཚོགས་ཀྱི་ལས་འགུལ་ཞིག་ཡིན་སྟབས་ནུས་པ་ཆེ་ཞིང་རྡབ་གསིག་ཆུང་བའི་ལས་འགུལ་གྱི་རིགས་ཤིག་རེད།

    ལས་འགུལ་འདི་ནི་ཕྱོགས་གཞན་ནས་བཤད་ན། མང་མོས་འོས་བསྡུ་མ་བྱས་པར་བོད་མི་རིགས་ཀྱི་ཐུན་མོང་གི་མངོན་འདོད་དེ་རྒྱལ་སྤྱིའི་སྒང་ནས་ཤེས་བྱེད་ཀྱི་ཐབས་ལམ་ཞིག་ཀྱང་ཡིན་པར་འདོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese