འདི་གར་གནས་ཚུལ་འབྱོར་བ་ལྟར་ན། ཁ་སང་ཕྱི་ཚེས་ ༥ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༡ ཡས་མས་སུ་ཁམས་དཀར་མཛེས་བརྒྱད་བཟང་སྡེ་བའི་ཕ་སངས་རྒྱས་བཀྲ་ཤིས་དང༌། མ་བྱང་ཆུབ་གཉིས་ཀྱི་བུ་བློ་བཟང་བྱམས་པ་ལགས་ཀྱིས། དཀར་མཛེས་རྫོང་སྤྱི་བདེ་ལས་ཁུངས་ཀྱི་མགོ་འགྲམ་དུ། བོད་རང་བཙན་གཙང་མ་ཡིན། ༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ཅེས་བཀོད་ཡོད་པའི་ཡིག་ཆ་གཏོར་འགྲེམས་བྱེད་བཞིན་ངོ་རྒོལ་སྐད་འབོད་བརྒྱབས་ཡོད་པ་དང༌། དེར་ཡོད་བོད་རིགས་མང་པོ་འདུ་ཚོམས་ཀྱིས་ཁོང་ལ་སྲུང་སྐྱོབ་བྱ་རྩིས་བྱས་ཡོད་ཀྱང༌། དེ་མ་ཐག་རྫོང་ཉེན་རྟོག་པ་མང་པོ་ཞིག་སླེབས་ཏེ༌། ཉེས་རྡུང་ཚད་མེད་གཏོང་བཞིན་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།