མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་ཧྲིལ་བོ་ཞིག་ལ་བཀའ་བློན་ཁྲི་པ་འཚོལ་རྒྱུ་ཡིན །

བོད་ཀྱི་དུས་བབ།
༢༠༠༩/༠༤/༠༨
Share on FacebookShare on TwitterShare on EmailShare on Whatsapp

བཞུགས་སྒར་ངྷ་རམ་ས་ལའི་བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་བོད་པ་སྐྱབས་བཅོལ་དུ་འབྱོར་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་དང་བསྟུན་ཏེ། རྒྱ་གར་གཞུང་དམངས་ལ་གསོལ་བ་སྨོན་ལམ་ཆོས་ཀྱི་ཆོ་ག་ཞིག་བསྒྲུབ་རྒྱུ་དང་གཞོན་སྐྱེས་ཚོར་ཆབ་སྲིད་ཀྱི་ཟབ་སྦྱོང་སྤྲོད་རྒྱུ། འབྱུང་འགྱུར་ ༢༠༡༡ ལོའི་བཀའ་བློན་ཁྲི་བའི་སྐོར་ལ་ལས་འགུལ་རྒྱ་ཆེན་སྤེལ་རྒྱུ་ཡིན་སྐོར་སོགས་བརྗོད་སོང༌།

 

དེ་རིང་ཞོགས་པ་བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་འབྱུང་འགྱུར་གྱི་ལས་འཆར་ཁག་ཅིག་གི་ཐད་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང༌། སྐབས་དེར་ཚོགས་གཙོ་མཆི་མེད་གཡུང་དྲུང་ལགས་ཀྱིས་ལས་ཁག་ངོ་སྤྲོད་གནང་དོན། ད་ལོ་ང་ཚོ་སྐྱབས་བཅོལ་བ་ཆགས་ནས་མི་ལོ་ ༥༠ འཁོར་བའི་དམིགས་བསལ་གྱི་ལོ་ཞིག་ཡིན་ལ། ༢༠༡༠ ལོ་ནི་ཆབ་སྲིད་ཚོགས་པ་ཞིག་ལ་མཚོན་ན་བཀའ་བློན་ཁྲི་པའི་འོས་གཞི་ཁྱབ་བསྒྲགས་བྱ་དགོས་པའི་ལོ་ཞིག་ཡིན། རྒྱལ་ཡོངས་མང་གཙོ་ཚོགས་པར་ལོ་འདི་གཉིས་ཧ་ཅང་གིས་གལ་ཆེན་ཆགས་ཡོད། ལོ་ ༥༠ འཁོར་བར་རྒྱ་གར་མི་མང་ལ་བཀའ་དྲིན་བརྗེད་དྲན་ཞུ་དགོས་པ་དང༌། མང་གཙོ་ཚོགས་པའི་ངོས་ནས་རྒྱ་གར་མི་མང་ལ། རྒྱ་གར་གཞུང་དང་མི་མང་གི་བདེ་འཇགས་དང་བྱ་བཞག་ལ་གྲུབ་འབྲས་ཐོབ་པར་སྨོན་ལམ་གྱི་ཞབས་བརྟན་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན། རྒྱ་གར་མི་རིགས་འདི་ཆོས་དད་ཆེན་པོ་ཡོད་པའི་མི་རིགས་ཤིག་ཡིན་སྟབས། ཆོས་ཕྱོགས་ནས་སྨོན་ལམ་དང་ལས་འགུལ་སྤེལ་ན་དོ་སྣང་དང་ཕན་པ་ཡོང་གི་རེད། དེ་བཞིན་༧གོང་ས་མཆོག་གིས་ད་ལྟའི་བར་བོད་རྒྱལ་ཡོངས་མང་གཙོ་ཚོགས་པར་བཀའ་སློབ་གནང་བ་རྣམས་ཕྱོགས་བསྡུས་ཀྱི་དེབ་གཅིག་དང༌། དམངས་གཙོའི་རྨང་གཞིའི་ཤེས་བྱའི་སྐོར་ཀྱི་དེབ་ཅིག་བཅས་དེབ་གཉིས་བོད་ཡིག་ནང་དཔར་བསྐྲུན་བྱ་རྩིས་ཡོད།

 

ཨི་ཊ་ལིར་ཡོད་པའི་འཛམ་གླིང་ལས་འགུལ་ཚོགས་པའི་འབྲེལ་མཐུད་འོག བོད་ཀྱི་འབྱུང་འགྱུར་གྱི་མི་རབས་དང་ཁ་ཚ་དགོས་གཏུགས་ཀྱི་ད་ལྟའི་གནས་བབ་ལ་ཁ་ཕྱོགས་ཏེ། ཨི་ཊ་ལིའི་མངའ་སྡེ་སིའི་ན་རུ། ད་ལྟ་རྒྱ་གར་ནང་ཆབ་སྲིད་ཚན་རིག་སློབ་གཉེར་གནང་མཁན་བོད་རིགས་སློབ་ཕྲུག་ ༡༥ ལ། ཉིན་ ༡༥ རིང་དམངས་གཙོ་དང་མགོ་ཁྲིད་ཀྱི་ཟབ་སྦྱོང་རྒྱས་པ་ཞིག་ཨི་ཊ་ལིའི་མཁས་དབང་དང་སློབ་དཔོན་ཁག་གིས་སྤྲོད་རྒྱུར་གོ་སྒྲིག་ཞུ་འཆར་ཡོད། དམིགས་བསལ་ཚོགས་ཆེན་སྐབས་བོད་ཀྱི་ཆབ་སྲིད་སློབ་གཉེར་བ་ཚོར་དམིགས་བསལ་གསོ་སྐྱོང་དགོས་པའི་གླེང་སློང་ཤུགས་ཆེན་བྱུང་བ་བཞིན། ད་ལོའི་ལོ་མཇུག་ལ་རྒྱ་གར་ནང་དུ་བོད་ཀྱི་མཐོ་རིམ་སློབ་མ་ཚོར་མགོ་ཁྲིད་ལས་རིགས་ཀྱི་ཟབ་སྦྱོང་ཞིག་ཀྱང་སྤྲོད་རྩིས་ཡོད། དེ་བཞིན་བཀའ་ཁྲིའི་འོས་འདེམས་ལ། བོད་མི་དམངས་དང་བོད་རྒྱལ་ཁབ་ཀྱི་ལས་དབང་ལ་འགྱུར་བ་གཏོང་ཐུབ་མཁན་གྱི་བཀའ་ཁྲི་ཞིག་ཡོང་ཆེད། མང་གཙོ་ཚོགས་པ་ནི་ཆབ་སྲིད་ཀྱི་ཚོགས་པ་ཞིག་ཡིན་སྟབས་ཆ་ཤས་རྒྱ་ཆེ་ས་ནས་བླངས་ཏེ། ལས་འགུལ་སྤེལ་འཆར་ཡོད། ཅེས་གསུངས་བྱུང༌།

 

ཁོང་གིས། སློབ་ཕྲུག་ཚོའི་ཟབ་སྦྱོང་འདི་ལ་རེ་བ་གང་འདྲ་བརྒྱབས་ཡོད་མེད་ཐད་གསུངས་དོན། ད་ལྟའི་བར་རྒྱ་གར་ལུང་བར་གནད་དོན་འདྲ་མིན་ཐོག་ཟབ་སྦྱོང་རབས་དང་རིམ་པ་མང་པོ་སྤྲོད་ཀྱིན་ཡོད་ཀྱང༌། ཟབ་སྦྱོང་སྤྲད་དེ་མི་འདི་འདྲ་ཞིག་སྐྱེས་སྲིང་བྱས་ཡོད་ཟེར་ནས་སྟོན་རྒྱུ་ཁག་པོ་རེད། དེ་ནི་རྒྱ་གར་ནང་འཚར་ལོངས་བྱུང་བའི་བོད་ཀྱི་སློབ་ཕྲུག་ཚོས། རྒྱ་གར་དུ་སློབ་སྦྱོང་བྱེད་པ་དང༌། རྒྱ་གར་ནང་དུ་ཟབ་སྦྱོང་ལ་ཞུགས་པ། རྒྱ་གར་ནང་ལས་ཀ་བྱེད་ཀྱིན་ཡོད་པ་སོགས་ཀྱིས་ཐོས་རྒྱ་མཐོང་རྒྱ་ཆུང་དྲགས་པ་དང་ཆབ་སྲིད་ལ་དོ་སྣང་མེད་པ་བཅས་འབྱུང་གིན་ཡོད། ང་ཚོས་གཞོན་སྐྱེས་ཆབ་སྲིད་ཚན་རིག་སློབ་གཉེར་བ་ཚོ། མ་འོངས་པ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གར་སྟེགས་སྟེང་ནས་སྐད་ཆ་བཤད་ཐུབ་མཁན་དང་བོད་མིའི་གནས་སྟངས་ལ་འགན་ལེན་ཐུབ་མཁན། བོད་རིགས་གཞོན་སྐྱེས་ཚོ་ཆབ་སྲིད་ལ་དོ་སྣང་སླེབས་ཐབས་བྱ་རྒྱུ་སོགས་ལ་དམིགས་ཏེ། རྒྱལ་ཁབ་ཕྱི་ལོགས་ནས་ཟབ་སྦྱོང་རག་པར་ཐབས་ཤེས་འཐེན་པ་ཡིན་ལ། ཟབ་སྦྱོང་དེ་ཡང་ཟླ་ ༩ ཚེས་ ༡༥ ནས་མགོ་འཛུགས་ཞུ་འཆར་ཡིན། ད་ལྟའི་བར་ང་ཚོས་རྒྱ་གར་ནང་ཆབ་སྲིད་ཚན་རིག་ལ་སློབ་གཉེར་གནང་བཞིན་པའི་བོད་ཀྱི་སློབ་མ་ ༩༠ བརྩད་འཚོལ་བྱུང་ཡོད་ལ། དེའི་ཁྲོད་ནས་སློབ་མ་ ༡༥ གདམས་གསེས་བྱ་རྒྱུ་ཡིན། འདེམས་སྟངས་དེ་ལ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱུན་ལས་གཅིག་དང༌། མང་གཙོ་ཚོགས་པའི་དབུས་རྒྱུན་ཟུར་བ་གཉིས། ཤེས་རིག་ལས་བྱེད་གཅིག་བཅས་མི་དྲུག་གིས་ཚོགས་ཆུང་ཞིག་འཛུགས་རྒྱུ་ཡིན། ཞེས་གསུངས་བྱུང༌།

 

ཁོང་གིས་མུ་མཐུད་དུ་གསུངས་དོན། སྔར་ང་ཚོ་མང་གཙོ་ཚོགས་པས་སྤྱི་འཐུས་འོས་གཞི་ཆ་ཚང་བཏོན་ཡོད་ལ། བཀའ་བློན་ཁྲི་བའི་འོས་གཞིར་ཡང་རྒྱབ་སྐྱོར་བྱས་ཡོད། ཡིན་ན་ཡང་ཡོང་རྒྱུ་བསྡད་པའི་བཀའ་བློན་དང་སྤྱི་འཐུས་དེ་ཚོ་སྔར་དང་མི་འདྲ་བར་གལ་ཆེན་ཆགས་ཡོད། རྒྱུ་མཚན་ནི་འོས་བསྡུ་སྔོན་མའི་སྐབས། ཟམ་གདོང་རིན་པོ་ཆེར་རྒྱབ་སྐྱོར་མང་ཤོས་ཆགས་ཏེ། འགྲན་ཡ་མེད་པའི་སྲོལ་ལྟ་བུ་ཆགས་ཡོད། འབྱུང་འགྱུར་གྱི་བཀའ་ཁྲི་དེ་མི་གསར་བ་ཞིག་ཡོང་དགོས་སྟབས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་དམིགས་བསལ་གྱིས་འགན་ཆེ་ཙམ་ལེན་དགོས། ང་ཚོས་ ༢༠༡༠ ལོ་ཧྲིལ་བོ་འོས་གཞི་ཁྱབ་བསྒྲགས་ཆེད་གཏོང་རྒྱུ་ཡིན། ཞེས་གསུངས་བྱུང༌།

 

 

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 4

  1. གངས་བུ། says:
    ལོ་ 17 སྔོན།

    གོང་གི་ཚིག་རྐང་དེ་ཚོ་དམའ་འབེབས་དང་མཐོང་ཆུང་དང་བརྙས་བཅོས་ཡང་ན་ཟུར་ཟ་སོགས་གང་རེད་ཁྱོད་ཀྱིས་ངེས་ཟིན་པར་གྱིས། ངས་འདི་ནས་གོང་གི་མགོ་བརྗོད་་་་་ལོ་ཧྲིལ་བོ་ཞིག་ལ་བཀའ་བློན་ཁྲི་བ་འཚོལ་རྒྱུ་ཡིན་ཞེས་བྲིས་འདུག་པའི་ཚིག་དེ་གཅིག་པུ་ལ་ཟུར་ཟ་བྱས་བ་ལས་གཞན་གང་ཡང་མེད། ཁྱེད་རང་གིས་རྗེས་ཕྱོགས་བསམ་འཆར་སྤེལ་ན་ཡིག་ནོར་ལ་གཟབ་གཟབ་བྱོས ། འབྲི་མཁན་ངོ་མི་ཚ་ན་ཡང་ཀློག་མཁན་ངོ་ཚ་གི །

    Reply
  2. གངས་རིའི་གླིང་བུ། says:
    ལོ་ 17 སྔོན།

    ཚོ་ ཆད་འདུག་

    Reply
  3. གངས་རིའི་གླིང་བུ། says:
    ལོ་ 17 སྔོན།

    ཁྱེད་ཀྱིས་དེ་འདྲ་རྫིག་པོ་དང་དམའ་འབད་བཤད་དགོས་པ་མི་འདུག་སྙམ། ལས་འགན་འདི་ང་ཚང་མ་ལ་ཡོད་པ་མཁྱེན་དགོས་རེད།ཤེས་ཡོན་པ་དང་སྨྱུག་ཐོག་པ་བསམ་བློ་བ་དག་གི་འགན་བཞེས་སྟེ་མི་དམངས་ལ་ལམ་སྟོན་བཟང་པོ་ཞིག་དང་ཡང་དག་པ་ཞིག་བསྟན་རྒྱུ་གལ་འགངས་ཆེས་ཤོས་ཤིག་རེད་བསམ།རིག་པ་སྒྲིམ་དགོས་ཀྱིས་འདུག་དེ་ལྟར་མ་བྱས་ན་མི་དམངས་ཚ་ོཡང་གཡོ་ཅན་སྐུ་དྲག་ཚོའི་བསླུ་བྲིད་དང་གཡོ་འོག་དུ་ཚུད་པའི་གཉེན་ཁ་ཧ་ཅང་གི་ཆེ།

    Reply
  4. གངས་བུ། says:
    ལོ་ 17 སྔོན།

    བཀའ་བློན་ཁྲི་བ་རྐུན་མས་ཁྱེར་བ་འེ་རེད། བཤད་སྟངས་ལ་བལྟས་ན་རི་སྒང་ནས་བོར་བརླག་བྱུང་བ་ཡིན་ཤས་ཆེ། ཟོག་བཙལ་བཙལ་བྱས་དང་རྙེད་ཤས་ཆེ། བཙལ་ནས་རྙེད་དགོས་ན་མོ་རྩིས་ལུང་གསུམ་རེ་བྱས་ན་འེ་དགའ། ངས་ཡང་འདི་ནས་མོ་ཞིག་རྒྱག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese