རྒྱ་གཞུང་གིས་བོད་མདོ་དབུས་ཁམས་གསུམ་དུ་སྐྱ་སེར་དབྱེར་མེད་ཀྱི་མུ་མཐུད་ཁྲིམས་ཆད་བྱེད་བཞིན་ཡོད་འདུག
ལོ་འདིའི་ལོ་གསར་ཚེས་གཅིག་ཉིན་དང་ཕྱི་ཟླ་ ༢ པའི་ཚེས་ ༢༥ ཉིན་བོད་མདོ་སྨད་མཚོ་ལྷོ་ཀོས་ནན་རྫོང་མང་ར་ཀླུ་ཚང་དགོན་པའི་དགེ་འདུན་པ་ཚོའི་ཞི་བའི་གོམ་བགྲོད་དང་མར་མེ་ཁྲོམ་སྐོར་བྱས་ཏེ་རྒྱ་གཞུང་ལ་ངོ་རྒོལ་བྱས་པར་བརྟེན། དགོན་པའི་དགེ་འདུན་པ་མང་པོ་ཞིག་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་དང་། དེའི་ཁྲོད་ཀྱི་རུ་མང་སྡེ་བའི་རང་ལོ་ ༢༢ ཡིན་པའི་གྲྭ་ལུང་རྟོགས་རྒྱ་མཚོ་དང་རང་ལོ་ ༢༡ ཡིན་པའི་སྐལ་བཟང་རྒྱ་མཚོ། བྱ་གཞུང་སྡེ་བའི་རང་ལོ་ ༢༤ ཡིན་པའི་གྲྭ་བཟོད་པ་རྒྱ་མཚོ། ལོ་བ་སྡེ་བའི་རང་ལོ་ ༢༩ ཡིན་པའི་བཟོད་པ་རྒྱ་མཚོ་བཅས་དགེ་འདུན་པ་བཞི་ལ་བདུན་ཕྲག་འདིའི་ནང་ཀོས་ནན་རྫོང་མི་དམངས་ཁྲིམས་ཁང་ནས་ལོ་གཉིས་རེའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། གཞན། ཀླུ་ཚང་དགོན་པའི་དགེ་འདུན་པ་ཐབས་མཁས་རྒྱ་མཚོ་དང་དཀོན་མཆོག་རྒྱ་མཚོ་རྣམ་གཉིས་ད་ལྟ་འཛིན་བཟུང་བཀག་ཉར་བྱས་ཡོད་པ་མ་ཟད། ལོ་འདིའི་ཞི་རྒོལ་ཁྲོད་ཞུགས་པའི་དགེ་འདུན་པ་གཞན་རྣམས་དགོན་པའི་ནང་སྡོད་ཆོག་མིན་ཐད་དཀའ་ངལ་འཕྲད་བཞིན་ཡོད་པ་རེད།
གདུང་སེམས་མཉམ་བསྐྱེད་ཡོད