མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲིམས་གཅོད་ཀྱི་དུས་ཚོད་ཕྱིར་འགྱངས་བྱས་འདུག

བོད་ཀྱི་དུས་བབ།
༢༠༠༩/༠༤/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཕུར་བུ་ཚེ་རིང་རིན་པོ་ཆེ་མཆོག་ལ་ཚེས་ ༢༨ ཉིན་ཁྲིམས་ཐག་གཅོད་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་ཀྱང་། ཚེས་ ༢༧ ཉིན་གློ་བུར་དུ་ཁྲིམས་ཁང་གིས་དུས་ཚོད་ཕྱིར་འགྱངས་བྱ་རྒྱུ་ཡིན་པའི་བརྡ་བཏང་ཡོད་འདུག

ཁམས་དཀར་མཛེས་རྫོང་སྤང་རི་བཙུན་དགོན་གྱི་དགོན་བདག་ཕུར་བུ་ཚེ་རིང་རིན་པོ་ཆེ་མཆོག་ལ་ཐུང་མདའ་བཀག་ཉར་གྱི་ཉེས་འཛུགས་འོག་ཚེས་ ༢༨ ཉིན་ཁམས་དར་རྩེ་མདོ་མི་དམངས་ཁྲིམས་ཁང་གིས་ལོ་ ༡༥ རིང་ལ་བཙོན་མཇུག་ཁྲིམས་ཐག་གཅོད་རྒྱུ་ཡིན་པ་གསལ་བསྒྲགས་བྱས་ཡོད་ཀྱང་། ཚེས་ ༢༧ ཉིན་ཁྲིམས་ཁང་གིས་གྱོད་དོན་ཁྲིམས་གཅོད་ཀྱི་དུས་ཚོད་ཕྱིར་འགྱངས་བྱས་ཡོད་པ་ཕུར་བུ་ཚེ་རིང་གི་ཁྲིམས་རྩོད་པ་གཉིས་ལ་ཁ་པར་ལམ་ནས་བརྡ་བཏང་ཡོད་འདུག ཕུར་བུ་ཚེ་རིང་རིན་པོ་ཆེ་མཆོག་གི་ཁྲིམས་རྩོད་པ་ཅཱང་ཐེན་ཡོན་དང་ལཱི་ཧྤང་པཱང་གཉིས་ཀྱིས་ཁྲིམས་ཁང་གི་གཏན་འབེབས་གཞིར་བཟུང་ཚེས་ ༢༨ ཉིན་ཁྲིམས་རྭར་བཅར་རྒྱུའི་གྲ་སྒྲིག་བྱས་ཡོད་ཀྱང་། ཁྲིམས་ཁང་ནས་ཁ་པར་བཏང་སྟེ་བཙོན་འཇུག་ཁྲིམས་གཅོད་ཀྱི་དུས་ཚོད་གློ་བུར་དུ་ཕྱིར་འགྱངས་བྱས་ཡོད་ཚུལ་བརྗོད་ཡོད་འདུག 

ཁྲིམས་རྩོད་པ་ལཱི་ཧྥང་པཱང་གིས་བརྗོད་དོན། ཁྲིམས་ཁང་གིས་ང་ལ་ཁ་པར་གྱི་ལམ་ནས་གྱོད་དོན་ཐག་གཅོད་གྱི་དུས་ཚོད་ཕྱིར་འགྱངས་བྱས་ཡོད་ཟེར་ཡང་། གྱོད་དོན་ཐག་གཅོད་ཀྱི་ཉིན་གསར་བ་གཏན་འབེབས་བྱས་མ་བྱུང་ལ། དགོས་མཁོ་བྱུང་ན་དེ་དུས་བརྡ་གཏོང་ཆོག་ཟེར། ཞེས་དང་། དེ་བཞིན་ཁྲིམས་རྩོད་པ་ཅཱང་ཐེན་ཡོན་གྱིས། རིན་པོ་ཆེ་ལ་དངོས་སུ་ཁྲིམས་ཐག་གཅོད་རྒྱུ་ཡིན་མིན་བཤད་ཚོད་མི་ཟིན་ཡང། གལ་ཏེ་རིན་པོ་ཆེ་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་དེ་ས་གནས་མི་མང་གིས་ངོ་རྒོལ་གནང་བ་ཡིན་ན་ཆག་སྒོ་ཆེན་པོ་འབྱུང་སྲིད་ལ། ས་གནས་གྲངས་ཉུང་མི་རིགས་ལ་ཆག་སྒོ་མི་འབྱུང་རྒྱུ་ནི་རིན་པོ་ཆེ་ཡི་དགོངས་པ་ཡིན་མ་ཟད། རིན་པོ་ཆེ་ཞིག་གི་སྡོད་གནས་ལ་མཇལ་བ་མང་པོ་ཡར་ཡོང་མར་འགྲོ་བྱ་རྒྱུ་རྒྱུན་ཆད་མེད་ལ། གལ་ཏེ་ཐུང་མདའ་དེ་དངོས་སུ་རིན་པོ་ཆེ་ཡི་སྡོད་གནས་ནས་རྙེད་པ་ཡིན་ཚེ། མི་གཞན་ཞིག་གིས་དེར་བཞག་པ་ཡིན་ཡང་སྲིད། རིན་པོ་ཆེ་ཡི་རིག་མས་བརྗོད་པ་ལྟར་ན། ཁོ་མོས་རིན་པོ་ཆེ་ཡི་སྡོད་གནས་ལ་གཙང་མ་བཟོ་སྐབས་ཐུང་མདའ་དེ་འདྲ་གཏན་ནས་མཐོང་མྱོང་མེད་ཟེར། ཞེས་གསར་ལམ་ཁག་ལ་བརྗོད་ཡོད་འདུག གོང་གི་ཁྲིམས་རྩོད་པ་དེ་གཉིས་ཀྱིས་ཁྲིམས་ཁང་ལ་ཡིག་ཆ་ཞིག་སྤྲད་ཡོད་པའི་ནང་ཕུར་བུ་ཚེ་རིང་རིན་པོ་ཆེ་ཡི་གྱོད་དོན་ཞིབ་བཤེར་གསལ་བོ་མ་བྱས་པར་ཁྲིམས་འགལ་གྱིས་གྱོད་དོན་ཐག་གཅོད་བྱས་ཚེ། ཕུར་བུ་ཚེ་རིང་རིན་པོ་ཆེ་མཆོག་ནི་ས་གནས་མི་མང་གི་ཆེས་བརྩི་བཀུར་དང་དད་པ་བྱེད་སའི་བླ་མ་ཞིག་ཡིན་པས་མི་རིགས་ཁག་གི་མཐུན་སྒྲིལ་ལ་གནོད་སྐྱོན་བཟོ་རྒྱུའི་ཉེན་ཁ་ཡོད་ཅེས་བཀོད་ཡོད་འདུག དེ་བཞིན་ཁྲིམས་རྩོད་པ་དེ་གཉིས་ཀྱིས་གསར་ལམ་ཁག་ལ། ཕུར་བུ་ཚེ་རིང་རིན་པོ་ཆེ་ནི་རྒྱུན་དུ་མི་མང་གི་དཀའ་ངལ་གཙིགས་སུ་འཛིན་མཁན་ཞིག་དང་ཆོས་ལ་དགའ་བའི་བླ་མ་ཞིག་ཡིན། ཁོང་གིས་དཀར་མཛེས་ས་ཁུལ་གྱི་མང་ཚོགས་ཀྱི་འཚོ་བ་ཇི་ལྟར་ཡར་རྒྱས་འགྲོ་བའི་ཕྱོགས་ལ་བསམ་བློ་གཏོང་གིན་འདུག་ལ། མི་མང་ཁྲོད་ཀྱི་དཀའ་ངལ་ཅན་སོགས་ལ་བྱམས་བརྩེ་ཆེན་པོས་རོགས་སྐྱོར་གནང་མཁན་ཞིག་ཡིན་པ་མ་ཟད། རང་གི་རྒྱལ་ཁབ་དང་མི་རིགས་ལ་དགའ་བའི་བླ་མ་ཞིག་རེད། ཅེས་འགྲེལ་བརྗོད་གནང་ཡོད་འདུག

གོང་གི་ཁྲིམས་རྩོད་པ་གཉིས་ཀྱིས་བཤད་པ་ལྟར་ན། ཁོང་ཉིད་བཀག་ཉར་བྱས་ཡུན་རིང་མནར་གཅོད་ཚད་ལས་འདས་པ་བྱས་འདུག ཡིན་ཡང་། ཁོང་གིས་རང་ཉིད་ལ་བཙུགས་པའི་ཉེས་པ་ངོས་ལེན་བྱས་ཡོད་མི་འདུག

ཕུར་བུ་ཚེ་རིང་རིན་པོ་ཆེ་མཆོག་ལ་སྔར་ལོ་སྤྱི་ཟླ་ ༥ བའི་ནང་དུ་ཁམས་དཀར་མཛེས་རྫོང་ཐོག་ཏུ་བཙུན་མ་ཚོས་རྒྱ་གཞུང་ལ་ཞི་རྒོལ་སྐད་འབོད་གནང་བར་འབྲེལ་བ་ཡོད་པའི་ཉེས་འཛུགས་འོག་ཟླ་ ༥ ཚེས་ ༡༨  ཉིན་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག་ལ། ཁོང་བཙན་ཁྲིད་བྱས་རྗེས་སྤང་རི་བཙུན་དགོན་གྱི་བཙུན་མ་ ༨༠ ལྷག་གིས་ཞི་བའི་ངོ་རྒོལ་གནང་ཡོད་འདུག དཀར་མཛེས་ཁུལ་དུ་ཕུར་བུ་ཚེ་རིང་རིན་པོ་ཆེ་ཡིས་རྒན་གསོ་ཁང་ཞིག་དང་སྨན་ཁང་གཉིས། བཙུན་དགོན་གཅིག་བཅས་བརྒྱབ་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

ཆུ་ཚོད་ ༢༠ སྔོན་ལ།
ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

༢༠༢༦/༠༣/༠༩
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

༢༠༢༦/༠༣/༠༩
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

༢༠༢༦/༠༣/༠༩
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese