མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་ཆུང་བའི་བོད་གཞུང་། རྩོམ་སྒྲིག་པས།

བོད་ཀྱི་དུས་བབ།
༢༠༠༩/༠༦/༠༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༤༥༠ སྟེང་གི་རྩོམ་སྒྲིག་པའི་གཏམ།

ཁ་ཉིན་རོགས་པ་རེ་ཟུང་གིས་བཙན་བྱོལ་བོད་གཞུང་གི་གཞུང་འབྲེལ་སྐད་ཡིག་གི་སྐོར་གླེང་བྱུང་། ང་ལ་སྐབས་དེར་གཞུང་འབྲེལ་ཡི་གེ་བོད་ཡིག་ཡིན་མིན་ལ་དོགས་པ་སྐྱེས་མ་བྱུང་། ངེས་པར་དུ་བོད་ཡིག་ཡིན་དགོས་པའི་ལངས་ཕྱོགས་ཀྱང་གྲུབ་མ་སོང་། ཡིན་ཡང་། ང་ལ་ཕངས་སེམས་ཤིག་ལས་སླ་བོར་སྐྱེས་ཡོང་གི་འདུག

བཙན་བྱོལ་བོད་གཞུང་གི་དམངས་གཙོའི་ཀ་བ་གསུམ་ལས། གྲོས་ཚོགས་ར་བའི་ནང་དུ་བོད་སྐད་མ་གཏོགས་བཤད་མི་ཆོག་ལ། ཚོགས་དུས་རེ་རེའི་གྲོས་ཚོགས་ཀྱི་གསར་ཤོག་ཀྱང་བོད་ཡིག་གི་ནང་འདོན་གྱི་ཡོད། ཆེས་མཐོའི་ཁྲིམས་ཞིབ་ཁང་ཡིན་ནའང་། ཞུ་གཏུགས་སྐབས་གྱོད་ཡ་གང་རུང་གིས་བོད་སྐད་མི་ཤེས་ན་སྐད་བསྒྱུར་ཞིག་འཁྲིད་ཡོང་རྒྱུ་ལས་སྐད་ཡིག་གཞན་པ་བེད་སྤྱོད་བྱེད་མི་ཆོག འཛིན་སྐྱོང་བཀའ་ཤག་གི་ནང་དུའང་ལས་ཀའི་དགོས་མཁོའི་དབང་གིས་མ་གཏོགས་སྤྱིར་བཏང་བཀའ་བློན་རྣམ་པའི་དམ་འབུལ་ནས་བཟུང་བོད་སྐད་དང་བོད་ཡིག་སྤྱོད་ཀྱི་ཡོད། འདི་ནི་ལྟ་གྲུབ་དང་ལག་ལེན་གཉིས་ཀའི་ཆ་ནས་ང་ཚོའི་གཞུང་འབྲེལ་ཡི་གེ་ནི་བོད་ཡིག་ཡིན་པའི་གསལ་བཤད་ཙམ་ཡིན།

ཡིན་ཡང་། བོད་ཡིག་ནི་ང་ཚོའི་གཞུང་འབྲེལ་ཡི་གེ་ཡིན་པའི་རྐྱེན་གྱིས་ང་ལ་ཕངས་སེམས་ཤིག་འདི་ལྟར་སྐྱེས་སོང་། གངས་སྐྱིད་ཀྱི་ར་བ་འདིར་གཞུང་ཞབས་ལས་བྱེད་ ༤༠༠ ལྷག་ཡོད་པ་འདི་དག་གི་ཕལ་ཆེ་བའི་ཁ་ལག་གཉིས་ཀར་མ་ཚུད་པའི་བོད་ཡིག་གི་ལས་དབང་དེ་དྲན་ཡོང་། ལས་བྱེད་འདི་དག་གི་ཕལ་ཆེ་བ་ནི་རྒྱ་གར་གྱི་མཐོ་སློབ་ཁག་ནས་ཡོང་བ་རེད། ཁོང་ཚོ་བོད་ཡིག་གི་འཛིན་གྲྭ་བཅུ་གཉིས་ཐོན་རྗེས་བོད་ཡིག་ལ་ཡུན་རིང་ཞིག་ཏུ་ཁ་བྲལ་འགྲོ་གི་ཡོད། ལོ་བཞི་ལྔ་ཞིག་གི་རྗེས་ནས་གངས་སྐྱིད་དུ་ཡོང་སྐབས་ཁོང་ཚོས་སྔར་སྦྱངས་པའི་འཛིན་རིམ་བཅུ་གཉིས་ཀྱི་བོད་ཡིག་གི་ཤེས་ཚད་དེ་འཛིན་རིམ་བཞི་ལྔ་ཞིག་མར་ཆག་འགྲོ་གི་ཡོད། དེ་ནི་ལོ་དེ་དག་རིང་བོད་ཡིག་ལ་འབྲེལ་བ་མེད་པའི་རྐྱེན་གྱིས་ཡིན། འདི་ལས་ཀྱང་འཇིགས་ཡེར་བ་ཞིག་ནི། མ་གཞི་ནས་ཁོང་ཚོའི་འཛིན་རིམ་བཅུ་གཉིས་ཀྱི་བོད་ཡིག་གི་ཚད་གཞི་ནི་མི་རིགས་གཞན་ཞིག་ལ་བསྡུར་ན། སློབ་ཆུང་སློབ་མ་ཞིག་གི་ཚད་གཞི་ལས་མེད། ཁོང་ཚོས་བོད་ཡིག་གི་ལམ་ནས་ཉིན་ཐོ་འབྲི་གིན་མེད་ལ། འཕྲིན་ཡིག་ཀྱང་སྐུར་གིན་མེད། འདི་དག་ལ་བོད་ཡིག་གི་ལམ་ནས་སྒྲུང་དེབ་ཀློག་རྒྱུ་མེད་ལ། ཚགས་པར་ཡང་འབེལ་བོ་ཞིག་མེད། དེ་བས་ཁོང་ཚོའི་བོད་ཡིག་གི་ཚད་གཞི་ནི་སློབ་ཆུང་སློབ་མ་ཞིག་གི་ཚད་དུ་ཡོད།

གནས་སྟངས་འདི་དྲན་བཞིན་དུ། སླར་ཡང་བཙན་བྱོལ་བོད་གཞུང་གི་ལས་ཁུངས་མ་ལག་དང་། ང་ཚོའི་འཐབ་རྩོད་ཀྱི་ཁ་གཏད་སྟོབས་ཤུགས་ལ་བསམ་བློ་གཏོང་དུས་ཕངས་སེམས་ཤིག་རང་བཞིན་གྱིས་སྐྱེས་ཤིང་། ད་ནི་ང་ཚོའི་གཞུང་འབྲེལ་སྐད་ཡིག་དེ་དབྱིན་ཡིག་མི་བྱ་ཐབས་མེད་རེད་ཨང་སྙམ་པ་ཞིག་དྲན་ཡོང་གི་འདུག

འབྲེལ་ཡོད་གསར་འགྱུར།

Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

ཆུ་ཚོད་ ༡༦ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༡༦ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

ཆུ་ཚོད་ ༡༦ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༡༧ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢

མཆན། 10

  1. བདེ་ཁང་སྲས་ says:
    ལོ་ 16 སྔོན།

    “ཁྱོད་ཀྱིས་སྲིད་གཞུང་གི་ཆེད་དུ་ལས་དོན་གང་ཐུབ་བསྒྲུབ་པར་འབད་པ་ལས། སྲིད་གཞུང་གིས་ཁྱོད་ཀྱི་ཆེད་དུ་ཕན་ཐོགས་གང་བསྒྲུབ་ཐུབ་མིན་ལ་བསྒུག་མ་སྡོད།”
    Abraham Lincoln

    Reply
  2. རི་བོང། says:
    ལོ་ 17 སྔོན།

    གཞུང་ཞབས་མང་ཆེ་བ་ལ་སློབ་ཆུང་ཞིག་གི་ཤེས་ཡོན་ལས་མེད་པ་བདེན་པ་རེད།དེའི་སྐོར་ལ་༸གོང་ས་མཆོག་གིས་བཀའ་སློབ་འཆི་སོས་རིལ་བུ་འདྲ་བོ་ག་ཚད་གནང་ཚར་བ་རེད།དེ་ཚོ་རྣ་རྒྱབ་ཀྱི་རླུང་བུ་དང་མཉམ་དུ་བཏང་ཚར་བ་རེད།བཀའ་ཁྲི་མཆོག་གིས་ཤེས་ཡོན་སྲིད་ཇུས་གསར་བཟོ་གནང་བ་སོགས་སྐུ་ངལ་ཧ་ལས་པ་བརྒྱབ་པ་རེད་ཆེན་པོ་ང་ཡིན་ཟེར་མཁན་ཚོས་ནང་ལའང་ངོས་མི་བྱེད་མཁན་ཅི་ཙམ་འདུག་ད་དེའི་སྐོར་ལ་སྐད་བརྒྱབ་ན་མིད་པ་ན་རོགས་དང་འདང་བརྒྱབ་ན་སེམས་པ་ན་རོགས་རེད།

    Reply
  3. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    དག་གསར་སྤྲད་ནས་ཅི་ཕན་སྒོར་མོ་སྟེར་དགོས། དེ་ཡང་སྤྲོད་སྟེངས་ཡོད་རེད་ཁ་ནས་རིག་གཞུང་བཤད་ལག་པས་དག་གསར་བཟུང་དོན་ལ་སྒོར་མོ་སྤྲོད་དགོས་རེད་འདི་ནི་དེང་སང་གི་འགྲོ་སྟེངས་དང་ཁོང་ཚོའི་དམིགས་འདུན་རེད

    Reply
  4. ཨརྱ། says:
    ལོ་ 17 སྔོན།

    གཞུང་ཞབས་སམ་ལས་བྱེད་དེ་དག་གི་ཤེས་ཚད་སློབ་ཆུང་སློབ་མ་དང་མཚུངས་ཞེས་བཤད་ན་ཡིད་མི་ཆེས་པར་ཁེག་མི་འདུག འོན་ཀྱང་འདི་དངོས་ཡོད་རེད། སྔ་ལོ་ཞིག་ཏུ་ཤེས་རིག་གིས་ལས་བྱེད་རེ་ལ་དག་གསར་རེ་སྤྲོད་དགོས་བྱུང་བ་མ་ཡིན་ནམ། ང་ཚོས་ཀྱང་རང་རང་ས་ནས་སྡུག་སྐད་རེ་བརྒྱབ་ན་ཅུང་ཟད་རེ་ཕན་ངེས་རེད་ལ་ལྷག་དོན་གསར་འགོད་པ་དག་གིས་ནུས་ཤུགས་ཐོན་ངེས་རེད།

    Reply
  5. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    བོད་ཀྱི་གཞུང་ཡིག་དབྱིན་ཡིག་རེད་གཞུང་སྐད་སྤྲགས་སྐད་རེད་ འདི་ལ་ཅིའི་ཕྱིར་དོགས་པ་བྱེད་་་
    དྲ་གྲོགས་རྣམ་པ དོན་མེད་སེམས་ཁུར་མ་བྱེད་ལོ།

    Reply
  6. འཁྱམས་པོ། says:
    ལོ་ 17 སྔོན།

    གྲོས་ཚོགས་ར་བའི་ནང་དུ་བོད་སྐད་མ་གཏོགས་བཤད་མི་ཆོགས་ན་དེ་ཡག་པོ་རེད། འོན་ཀྱང་གཞུང་ཞབས་ཚོར་སློབ་ཆུང་སློབ་མ་ཞིག་གི་ཆུ་ཚད་ལས་མེད་པ་དེ་བདེན་པ་ཡིན་རྒྱུ་མེད་རེད་་་་་ དེ་འདྲ་ཡིན་ན་གལ་སྲིད་ཐ་སྙད་ཁེགས་པོ་ཞིག་དང་གདོང་ཐུགས་ཚེ་ཁོང་ཚོས་ཅི་ཞིག་བྱེད་ཀྱིན་ཡོད་པ་རེད། ཚིགས་འགྲེལ་མཁན་ཞིག་བཙལ་གྱིན་ཡོད་པ་རེད་དམ་ཚིག་མཛོད་ལས་རྔོགས་ཀྱིན་ཡོད་པ་རེད། ཡང་ཅིག་བཤད་ན་སྙན་ཞུ་དང་འབྱོར་ཡིག་སོཊ་ལའང་ཁོང་ཚོ་རྐུབ་སྟེགས་ལས་བསྡད་དེ་འབྲི་མཁན་གཞན་ཞིག་འཚོལ་གྱིན་ཡོད་པ་རེད་དམ།
    ངས་བལྟས་ན་ཁྱེད་ཚོས་གཞུང་ཞབས་དེ་ཚོ་དམའ་གཅོག་རྒྱུ་མང་དྲག་པ་འདྲ། ཡང་མིན་ན་ཀུ་རེ་ཡིན་རྒྱུ་རེད་་

    Reply
  7. བཀྲ་ཤིས་རྒྱ་མཚོ says:
    ལོ་ 17 སྔོན།

    སློབ་མ་སྐྱེ་སྲིངས་བྱེད་རྒྱུ་དེ་དགེ་རྒན་ལ་རག་ལུས་ཡོད་པས་དེང་སྐབས་གཞིས་ཆགས་ཁག་གི་དགེ་རྒན་ཚོར་འཆད་ཁྲིད་ཀྱི་རྨང་གཞི་མེད་པས་གཞན་ལ་ཇི་ལྟར་སློབ་ཁྲིད་བྱེད། ཐུགས་ཡིད་མི་ཆེས་ན་གཞིས་ཁག་ཏུ་ཐེངས་གཅིག་བསྐྱོད་དང་ཕྱོགས་ཙམ་མཁྱེན་ངེས་རེད། བརྡ་སྤྲོད་ཀྱི་རིགས་ཕར་བཞག་ཐ་ན་མིང་ཚིག་རེ་གཉིས་ལ་འགྲེལ་བཤད་རྒྱག་མི་ཐུབ་པའི་དགེ་རྒན་དེ་ཚོས་སློབ་ཕྲུག་གི་སེམས་ངོར་ཅི་ཞིག་འཇོག།
    འདི་ཡང་ཤེས་རིག་ལ་འབྲེལ་བ་ཡོད་པའི་གཞུང་དང་སྡེ་ཚན་ཁག་གིས་དགེ་རྒན་འདེམས་སྟངས་ལན་པས་རེད།

    Reply
  8. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ཤོར་ཟིན་པ་དེ་དག་ཕྱིར་ཡོང་མེད་པ་ཚང་མས་ཤེས་གསལ་རེད། ཤོར་ངེས་པ་དེ་དག་ལ་དངོས་ནས་ཁ་ཡོད་ལག་ཡོད་གནང་མཁན་གྱི་གཞུང་ཞབས་དགོས་ཀྱི་ཡོད་པ་དངོས་ཡོད་རེད། འོན་ཀྱང་། ད་དུང་ཡིག་ཐོག་གི་བགྲོ་གླེང་འདི་དག་གངས་ཅན་སྐྱིད་གཞུང་གི་ལས་བྱེད་དེ་དག་གི་རྣ་ལམ་ནས་སེམས་ནང་དུ་འགྲོ་རྒྱུར་ད་དུང་ཧ་ཅང་རྒྱང་ཐག་ཡོད་སྲིད་པས། ཤུ་རེ་གོ བོད་པ་འདི་ཚང་གི་གཞུང་ཞིག་ཕྱི་ན་ཡོད་ཀྱང་རང་གི་རིག་གཞུང་རང་གིས་ཉམས་ཉེས་གཏོང་བཞིན་ཡོད་ཡ་་་་

    Reply
  9. རྟ་བདུན་དབང་བོ། says:
    ལོ་ 17 སྔོན།

    ཨ་ལ་ལ། བོད་གཞུང་གི་ལས་བྱེད་ཚང་མས་དབྱིན་ཡིག་རང་སྐྱ་ཐུབ་པ་ཞིག་ཡོད་ན་ངོ་སོ་སྟོད། ངས་བལྟས་ན་བོད་ཡིག་དང་དབྱིན་ཡིག་གཉིས་ཀར་རང་སྐྱར་ཐུབ་པ་རེ་གཉིས་ལས་ཡོད་ཀྱི་མ་རེད་སྙམ་གྱིན་འདུག བོད་ཡིག་གཙོ་བོར་བྱས་ཏེ་མཐོ་སློབ་ཅིག་ངེས་པར་དུ་དགོས་པ་རེད། དེ་མེད་པའི་སྐྱོན་གྱིས་ན་གཞོན་ཚོས་བོད་ཀྱི་རིག་གནས་ལ་ནང་ཞན་མ་ཚུད་པ་རེད། དེར་མ་ཚད་གཞུང་གི་གོ་སྒྲིག་འོག་ནས་ལོ་ལྟར་བོད་ཀྱི་རིག་གནས་ལ་འགྲན་སྡུར་ཆེན་པོ་ཞིག་འཛུགས་དགོས་པ་རེད། དེར་འགྲན་སྡུར་ཐོབ་མཁན་ཨང་གྲངས་དང་བོ་གྲས་ལ་བྱ་དགའ་ལེགས་པོ་དང་གཞུང་ཞབས་ཀྱི་གོ་གནས་སྤྲད་ན་ད་གཟོད་གཞི་ནས་ན་གཞོན་ཚོ་བོད་ཀྱི་རིག་གནས་ལ་དོ་སྣང་སླེབས་ཀྱི་རེད། དེ་མིན་ད་བར་དུ་བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་བོད་ཀྱི་རིག་གནས་ལ་ནང་བྱན་ཚུད་པའི་མཁས་པ་ཚོར་མཐོང་ཆེན་པོ་མེད་པ་དང་། བེད་སྤྱོད་མ་བཏངས་པའི་རྐྱེན་གྱིས་བོད་མི་ན་གཞོན་ཚོས་བོད་ཀྱི་རིག་གནས་ཕྱོགས་ལ་དོ་སྣང་ཉམས་པ་རེད། དེ་ནི་བོད་གཞུང་གིས་ལན་པ་རེད།།

    Reply
  10. གནས་ཚང་། says:
    ལོ་ 17 སྔོན།

    ད་ཡིན་ན་འགྲིག་ཤག

    ཏཱ་ལའི་བླ་མ་བོད་ཡིག་ཐད་ཀྱི་ལྕགས་བྱ་ཞིག་ཡིན་ན། བཀའ་ཁྲི་ཟམ་གདོང་བོད་ཡིག་ཐད་ཀྱི་མོ་ཊ་ཞིག་ཡིན་ངེས་ཤིང་། གཞུང་ཞབས་ཁ་ཤས་སྦག་སྦག་ཁ་ཤས་སའེ་ཀད་དམ་ལྕགས་རྟ། འགའ་ཞིག་ཞབས་ཐང་། མང་ཤོས་ཞ་བོ་ཡིན་དོན་ཅི། ཁྱོད་རང་ཚོས་ལྕགས་བྱ་དང་མོ་ཊ་ཆེས་མཐོ་ཁྲིམས་ཞིབ་ཁང་ལ་རྩིས་སྤྲོད་བྱེད་མི་རུང་ཞིང་། རྒྱ་ནག་གཞུང་ལ་གསང་བ་འདི་དེ་ལས་ཀྱང་ཤེས་ཀི་འཇོག་མི་རུང་། འོ་ན། ད་ཅི་ཞིག་བྱེད་རན་ནམ། སྒྲོ་ལོ་རེག་ན་བོད་དོན་འགྲུབ་ཟིན་པ་ཨེ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese