མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་ ༢༠ རྗེས་ཀྱི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན།

བོད་ཀྱི་དུས་བབ།
༢༠༠༩/༠༦/༠༣
Share on FacebookShare on TwitterShare on EmailShare on Whatsapp

སང་ཉིན་གཟའ་ཕུར་བུའི་ཉིན་ནི་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་གྱི་དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་ ༢༠ འགོར་བའི་ཉིན་མོ་ཡིན། ལོ་ ༢༠ རྗེས་ལ་རྒྱ་ནག་གིས་སྐབས་དེའི་དོན་རྐྱེན་སྐོར་མུ་མཐུད་ནས་གླེང་འཇུག་གི་མེད་ལ། དེའི་སྐོར་གྱི་གནས་ཚུལ་གྱི་ཁ་ཤོར་ཏེ་སླར་ཡང་དོན་རྐྱེན་དེ་ཕྱིར་ལོག་ཡོང་བར་འདོད་དེ། དྲ་རྒྱ་རྣམས་བཀག དོགས་ཡོད་ཀྱི་མི་སྣ་ཁག་འཇུས། སྲང་ལམ་མཐའ་དག་ལ་ཉེན་སྲུང་གི་སོ་ལྟ་བྱས་ཡོད།

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། གཟའ་མིག་དམར་གྱི་ཉིན་ནས་བཟུང་པེ་ཅིན་དུ་དྲ་རྒྱ་རྣམས་འགག་འགྲོ་གི་འདུག་ལ། དྲ་རྒྱ་གང་ཞིག་ཁ་ཕྱེ་བར་འགྲོ་སྐབས། དྲ་རྒྱ་འདིའི་ཞབས་ཞུའི་འབྲེལ་ཐག་གློ་བུར་དུ་ཆད་སོང་། ཞེས་བརྡ་ལན་ཞིག་ཤར་གྱི་འདུག་ཟེར། བདུན་ཕྲག་འགའི་ཡར་སྔོན་ནས་རྒྱ་ནག་ནང་དུ་ཡུ་ཊོབ་བརྙན་འཕྲིན་བཀག་འདུག་ལ། ཉིན་ཤས་གོང་ནས་བྷེ་བྷེ་སི་བརྙན་འཕྲིན་ནང་གི་དྲུག་བཞིའི་དོན་རྐྱེན་དང་འབྲེལ་བའི་བརྙན་འཕྲིན་མཐའ་དག་ཁ་མདོག་ནག་པོར་བསྒྱུར་ནས་ལྟ་ཐུབ་ཀྱི་མི་འདུག་ཟེར།

རྒྱ་ནག་གིས་བརྒྱུད་ལམ་ཁག་བཀག་འགོག་བྱས་པ་ཙམ་མིན་པར། དྲུག་བཞིའི་དོན་རྐྱེན་ལ་འབྲེལ་བའི་མི་དང་། དམངས་གཙོ་དོན་གཉེར་བ་སོགས་བཀག་ཉར་བྱེད་ཀྱིན་ཡོད། བདུན་ཕྲག་སྔོན་མའི་གཟའ་སྤེན་པའི་དགོང་མོར་རྒྱ་ནག་གཞུང་དང་ཆབ་སྲིད་ལྟ་བ་ལོག་པར་འཛིན་མཁན་སྐུ་ཞབས་ ཝུ་ཀའོ་ཞིན་ ཞུ་བ་ཧྲང་ཧེ་གྲོང་ཁྱེར་གྱི་ལྷོ་ཕྱོགས་སུ་ཡོད་པའི་ཁོང་གི་རང་ཁྱིམ་ནས་འཛིན་བཟུང་བྱས་ཡོད་འདུག སྐུ་ཞབས་ཝུ་ཡིས་ཁོང་གི་ཕ་ཡུལ་ཀྲེ་ཅིང་ཞིང་ཆེན་ནས་དྲུག་བཞིའི་ལས་འགུལ་སྐབས་སློབ་མར་དྲག་གནོན་བྱས་པའི་སྐབས་ངོ་རྒོལ་ནང་ཞུགས་སྟབས་ ༡༩༨༩ ལོར་འཛིན་བཟུང་གིས་ལོ་གཉིས་རིང་བཙོན་འཇུག་བྱས་པ་རེད།

ཧྥ་རན་སིར་རྟེན་གཞི་བྱས་པའི་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་ཕྱི་ཚེས་ ༢ ཉིན་གནས་ཚུལ་སྤེལ་དོན། ལོ་ངོ་ ༢༠ རྗེས་ལའང་རྒྱ་ནག་གི་གསར་འགོད་པ་རྣམས་ལ་མཚོན་ན་ ༡༩༨༩ ལོའི་དམངས་གཙོའི་ལས་འགུལ་ལ་དྲག་གནོན་བྱས་པའི་གནས་ཚུལ་རིགས་འགོད་རྒྱུ་ནི་མི་སྲིད་པ་ཞིག་རེད། སྐབས་དེའི་བདུན་ཕྲག་འགའི་རིང་གི་ལས་འགུལ་དང་སློབ་ཕྲུག་དམར་གསོད་བྱས་པའི་དོན་རྐྱེན་སྐོར་གྱི་གནས་ཚུལ་ནི་གསར་འགོད་བརྒྱུད་ལམ་དང་དྲ་ཐོག་གང་དུའང་མུ་མཐུད་ནས་དམ་དྲག་བྱས་ཡོད་པ་རེད་ཟེར།

རྒྱ་ནག་གི་འཚོལ་བཤེར་དྲ་ཚིགས་གྲགས་ཅན་ Baidu ཞེས་པའི་ནང་དུ་ དྲུག་པའི་ཚེས་ ༤ བཀོད་ནས་འཚོལ་སྐབས་དྲ་ངོས་ནས་ཕྱིར་ལན་ཡོང་བ་ནི། འཚོལ་བཤེར་དེ་ཁྲིམས་དང་སྒྲིག་གཞི། སྲིད་བྱུས་བཅས་ལ་འགལ་འདུག་ཅེས་ཤར་ཡོང་གི་ཡོད་འདུག དྲ་ཐོག་དེར་དེའི་སྐོར་གྱི་གློག་བརྙན་འཚོལ་སྐབས། དགོངས་དག འཚོལ་བཤེར་གྱི་གློག་བརྙན་དེ་འདྲ་མི་འདུག ཅེས་ལན་རྒྱག་གི་ཡོད་འདུག གལ་སྲིད་འཚོལ་བཤེར་གྱི་དྲ་ཚིགས་དཀྱིས་མ་ཞིག་ནས་དྲུག་བཞིའི་སྐོར་འཚོལ་སྐབས། དོན་རྐྱེན་དེའི་སྐོར་གྱི་རྒྱ་ནག་གཞུང་གི་འགྲེལ་བཤད་ཤར་ཡོང་གི་ཡོད་འདུག འདི་ལྟར། དྲུག་བཞིའི་དོན་རྐྱེན་ནི་ལོ་ ༢༠ རྗེས་སུ་མུ་མཐུད་ནས་དམ་དྲག་བྱས་སྟབས། རྒྱ་ནག་ནང་གི་གཞོན་སྐྱེས་ཕལ་ཆེ་བ་ཞིག་ལ་རྒྱུས་མངའ་མེད་པར་གྱུར་ཡོད་འདུག

༢༠༠༤ ལོར་དྲུག་བཞིའི་དོན་རྐྱེན་སྐོར་གྱི་གནས་ཚུལ་ཞིག་གློག་འཕྲིན་བརྒྱུད་ཕྱི་ལོག་ལ་གཏོང་མཁན་རྒྱ་ནག་གི་གསར་འགོད་པ་ ཧྲི་ཐའོ་ཞུ་བ་དེར་ལོ་ ༡༠ བཙོན་འཇུག་ཁྲིམས་ཐག་བཅད་དེ་ད་ཆར་མུ་མཐུད་དུ་བཙོན་ཁང་ནང་ལྷག་ཡོད། དྲུག་བཞིའི་ལས་འགུལ་གྱི་མགོ་འཁྲིད་མཁན་གཙོ་གྲས་ ལུའུ་ཞའོ་པའོ་ནི་ཉེ་ཆར་བསྐྱར་དུ་འཛིན་བཟུང་བྱས་ཡོད་འདུག དྲུག་བཞིའི་དོན་རྐྱེན་སྐབས་ཆག་སྒོ་ཐེབས་མཁན་རྣམས་ལ་གཞུང་གིས་ངོས་འཛིན་ཡོད་ཐབས་ཀྱི་ལས་འགུལ་སྤེལ་མཁན་ ཧྭོང་ཆི་ ཞུ་བ་ ༢༠༠༨ ལོའི་ཕྱི་ཟླ་ ༦ པ་ནས་འཇུས་ཏེ་མུ་མཐུད་ཁྲིན་ཏུའུ་གྲོང་ཁྱེར་དུ་བཀག་ཉར་བྱས་ཡོད།

རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་གནང་མཁན་ རེ་ནེ་ཤ་ ཞུ་བས་བཤད་དོན། རྒྱ་ནག་གི་དཔོན་རིགས་ཚོས་ཁོ་ཚོའི་ལག་མགོ་ན་ཁྲག་ཡོད་པ་ཤེས་ནས་ཞེད་ཀྱིན་ཡོད་པ་རེད། ཁོང་ཚོས་གལ་སྲིད་བདེན་པ་ལྷང་ལ་བུད་ཚེ། སྐབས་དེའི་འགན་ཡོད་མི་སྣ་དག་ཉེས་ཁྲིམས་ལ་འགེལ་བར་ཞེད་ཀྱི་ཡོད་པ་རེད། ཟེར།

ཡིན་ཡང་། ལོ་ ༢༠ རྗེས་ཀྱི་རྒྱ་ནག་གི་ད་ལྟའི་སློབ་ཆེན་སློབ་མ་རྣམས་ཀྱིས་དྲུག་བཞིའི་དོན་རྐྱེན་ཐད་དེ་ཙམ་གྱི་དོ་སྣང་སྤྲོད་ཀྱིན་མེད། ཉེ་ཆར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བཀོད་པ་ལྟར་ན། ད་ལྟའི་སློབ་ཆེན་པ་རྣམས་ནི་དམངས་གཙོ་ལ་དགའ་མོས་ཡོད་ནའང་། ཁོང་ཚོས་ལོ་ ༢༠ ཡར་སྔོན་ཇི་བཞིན་གྱི་བློས་གཏོང་ཞིག་བྱེད་འདོད་མེད་པར་བརྗོད་ལ། རྒྱུ་རྐྱེན་སྣ་ཚོགས་ནང་གི་གཅིག་ནི། ལས་ཀའི་གོ་སྐབས་ཤོར་བར་དོགས་པ་དང་། གཉིས་ནས། རྒྱ་ནག་གཞུང་གི་དམ་དྲག་ལ་ཞེད་པ། གསུམ་ནས། མ་གཞི་ནས་དཔལ་འབྱོར་མ་གཏོགས་ཆབ་སྲིད་ལ་དོ་སྣང་དང་དབྱིངས་མེད་པ། བཞི་ནས། ཁོང་ཚོས་རྒྱ་ནག་གི་འཕེལ་རྒྱས་ལ་བསྒུག་རྒྱུ་ལས་འོལ་ཚོད་ཀྱིས་དམངས་གཙོའི་ལམ་དུ་འདེད་པར་འདོད་མོས་མེད་པ་བཅས་ཡིན་པར་བཤད།

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༢ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༢ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

མཆན། 1

  1. ཨྱེ་བུ། says:
    ལོ་ 17 སྔོན།

    དྲ་གྲོགས་རྣམས་པ་ཚོ།
    དེ་རིང་འདིར་གསར་བསྒྲགས་བྱ་རྒྱུ་གཅིག་ཡོད།
    སྔོན་ཆད་རྒྱ་ནག་གི་གནམ་བདེ་སྒོ་མོ་ཆེ་འདི་གོང་མའི་བཞུགས་གནས་དང་ཁྱད་པར་ཅན་གྱི་ཕོ་བྲང་གྲགས་ཅན་ཞིག་རེད།
    ཡིན་ཡང་དེང་སང་གནམ་བདེ་སྒོ་ཆེ་འདི་རྒྱ་ནག་གི་དུར་ས་ཆེས་ཤོས་དང་། འཛམ་གླིང་གི་དུར་ས་ཨང་གཉིས་པ་འགྲོ་གི་ཡོད་ས་རེད། དུར་ས་འདིར་རྒྱ་མི་རིགས་ཀྱིས་ནམ་ཡང་བརྗེད་གཡེང་ཡོད་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese