མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་གྲྭ་ཆོས་སྦྱོང་བའི་ཆེད་བཙུགས་པ་མ་རེད།

བོད་ཀྱི་དུས་བབ།
༢༠༠༩/༠༦/༢༦
Share on FacebookShare on TwitterShare on EmailShare on Whatsapp

 ང་ཚོ་བོད་མིའི་རང་དབང་གི་གནད་དོན་འདི་ལྟ་བུ་ཞིག་ཆགས་དོན། ང་ཚོ་བོད་པའི་མི་རབས་ཁ་ཤས་གོང་ནས་འཛམ་གླིང་གི་དེང་དུས་ཤེས་ཡོན་ལ་དོ་སྣང་མ་བྱས་པ་དང་། རང་གི་ཆབ་སྲིད་ཚགས་ཚུད་མ་བྱུང་སྟབས་ང་ཚོར་དཀའ་ངལ་ཞིག་འཕྲད་པ་རེད། ང་ཚོས་རྒྱ་མི་གུང་ཁྲན་གཅིག་པུ་ལབ་རྒྱུ་ཡོད་པ་མ་རེད། སོ་སོའི་ངོས་ནས་ཚགས་ཚུད་མ་བྱས་པར་བརྟེན་ནས་བྱུང་བ་རེད། ཅེས་༧གོང་ས་མཆོག་གིས་གསུངས་སོང།

ངྷ་ས་ནང་ཆོས་གོ་སྒྲིག་ཚོགས་ཆུང་གི་གོ་སྒྲིག་འོག ལོ་ལྟར་༧གོང་ས་མཆོག་གིས་སློབ་གྲྭ་ཁག་གི་སློབ་མ་རྣམས་ལ་དམིགས་བསལ་གྱིས་ནང་ཆོས་ངོ་སྤྲོད་གནང་བཞིན་པ་ལྟར། སྐབས་གསུམ་པའི་ནང་ཆོས་ངོ་སྤྲོད་དེ་ཕྱི་ཚེས་ ༢༤ དང་ ༢༥ ཉིན་གཉིས་རིང་ངྷ་སྟེང་བོད་ཁྱིམ་བདེ་སྐྱིད་ཚེ་རིང་ཚོགས་ཁང་དུ་ཕྱོགས་ཡོང་གི་སློབ་མ་གཙོས། ངྷ་ས་ས་གནས་ཡུལ་མི་དང་ཕྱི་གླིང་བ་སོགས་མི་གྲངས་ ༥༠༠༠ ལྷག་ལ་༧རྒྱལ་སྲས་ཐོགས་མེད་ཀྱི་ལག་ལེན་སོ་བདུན་མ་བརྗོད་གཞིར་བཟུང་སྟེ་ནང་ཆོས་ངོ་སྤྲོད་དང་ལམ་སྟོན་བཀའ་སློབ་གནང་ཡོད། ཉིན་དེར་ངྷ་ས་ནང་ཆོས་གོ་སྒྲིག་ཚོགས་ཆུང་དུ་སློབ་གཉེར་གནང་བཞིན་པའི་སློབ་གཉེར་པ་ཁག་ཅིག་གིས་མཚན་ཉིད་རྟགས་གསལ་གནང་སོང་ལ། དེ་དང་འབྲེལ་ཏེ་༧གོང་ས་མཆོག་གིས་ནང་ཆོས་ངོ་སྤྲོད་དང་སློབ་མ་ཡོངས་ལ་ལམ་སྟོན་བཀའ་སློབ་གནང་དོན། རྟགས་གསལ་གཏོང་བའི་རིགས་ལམ་དེ། བློ་གྲོས་དང་རྣམ་དཔྱོད་གོང་དུ་སྤེལ་བ་དང་བསྒྱུར་བཀོལ་ཡོང་བའི་ཐབས་ལམ་ཞིག་ཆགས་བསྡད་ཡོད། མཚན་ཉིད་སྦྱོང་ཟེར་བ་དེ་ཆོས་པ་ཁོ་ནས་སྦྱོང་ཟེར་བ་རྩ་ནས་མ་རེད། ཆོས་རྭ་ནས་རབ་བྱུང་། རབ་བྱུང་ནས་གཞུང་ཆེན་ལ་སྦྱོང་བ་ལས་གཞན་པར་མི་སྦྱོང་པའི་ལྟ་ཚུལ་དེ་འདྲ་ཡོད་ན། དེ་ནོར་འཁྲུལ་དང་རྗེས་ལུས་ཀྱི་བསམ་ཚུལ་རེད། ཡོན་ཏན་སྦྱོང་མཁན་ཞིག་ཡིན་ཕྱིན་རིགས་ལམ་ལ་སློབ་སྦྱོང་བྱས་པ་ཡིན་ན། ཤེས་བྱའི་སྡེ་ཚན་གང་ཡིན་ཡང་དེ་ཤེས་པ་ཞིག་ཏན་ཏན་ཆགས་ཀྱི་རེད་ལ། རང་ཉིད་ཀྱི་བསམ་བློར་མཚོན་ནའང་གྲུང་དུ་འགྲོ་བར་ཁྱད་པར་ཞིག་ཏན་ཏན་ཡོང་གི་རེད། ཆོས་དང་འཇིག་རྟེན། ཆོས་དང་སྲིད། རིག་གནས་ཆེ་ཆུང་སོགས་གང་ཡིན་ཡང། སློབ་སྦྱོང་སྤྲོད་མཁན་གྱིས་རིགས་ལམ་གྱི་ཐོག་སློབ་གསོ་སྤྲད། སློབ་སྦྱོང་བྱེད་མཁན་གྱིས་ཀྱང་རིགས་ལམ་གྱི་འགྲོ་སྟངས་ཐོག་དཔྱད་པ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།  ཅེས་གསུངས་བྱུང་།

ཡང་༧གོང་ས་མཆོག་གིས་ཆོས་ཟེར་བའི་གོ་དོན་འགྲེལ་བཤད་གནང་དོན། བོད་སྐད་ནང་ཆོས་ཟེར་བ་དེ་བཅོས་བསྒྱུར་བཏང་བའི་དོན་རེད། ལེགས་སྦྱར་ནང་ཆོས་ཟེར་བ་དེ་ངྷར་མ་རེད། སྲུང་བ་དང་འཛིན་པའི་དོན་རེད། རང་གི་ངོ་བོ་འཛིན་པ་དང་མཚན་ཉིད་འཛིན་པའི་དོན་རེད། ང་རང་ཚོས་དངོས་སུ་བཤད་པའི་ཆོས་ཏེ་སྡུག་བསྔལ་ལ་འཛིན་པ་དང་སྡུག་བསྔལ་ལས་སྐྱོབ་པ། སྡུག་བསྔལ་འདི་མཐར་ཐུག་སེམས་སྐྱིད་མ་སྐྱིད་ཀྱི་ཐོག་ནས་སླེབས་འོང་གི་ཡོད་པ་ཡིན་དུས། སེམས་འདུལ་དགོས་བ་ཅིག་དང་། སེམས་འགྱུར་བ་ཞེས་པ་དེ་སེམས་མ་སྐྱིད་པ་དེ་ཉུང་དུ་བཏང་ནས་སེམས་སྐྱིད་པོར་གཏོང་རྒྱུ་མ་གཏོགས་དེ་ལས་ལྡོག་ཏེ་སེམས་སྐྱོ་རུ་འགྲོ་རྒྱུ་དེ་མ་རེད། ཆོས་ཟེར་བ་དེ་སྡུག་བསྔལ་སེལ་བྱེད་ཀྱི་ཐབས་ཤེས་ཤིག་རེད། ཆོས་ཟེར་བ་དེ་མི་ཚེ་སྐྱེལ་སྟངས་ཀྱི་ཐབས་ཤེས་མ་རེད། སྤྱིར་བཏང་ང་ཚོ་མིའི་འཚོ་བའི་ནང་ཧ་ཅང་གསལ་བོ་རེད། མིའི་སེམས་ག་ཚོད་ཀྱི་ཞི་ཞིང་དུལ་བ་ཡོད་པ་དེར་སྡུག་བསྔལ་བྱུང་ནའང། རྣམ་རྟོག་དེ་འདྲ་མི་འདུག སེམས་ལ་ཞི་བདེ་མེད་མཁན་གྱི་མི་དེར་དངུལ་འབོལ་པོ་དང་མཐུན་རྐྱེན་བཟང་པོ་གང་འདྲ་ཡོད་ཀྱང་མི་དེ་སྐྱིད་པོ་ཡོད་པ་མ་རེད། ཕྱི་ལོགས་སུ་གང་འདྲ་བྱས་པ་ཡིན་ནའང་གཙོ་བོ་ནང་སེམས་ཀྱི་མ་མཐུན་པའི་དབང་གིས་མ་སྐྱིད་པ་མང་བ་ཡོང་གི་ཡོད་པ་རེད། ང་ཚོ་མང་པོ་ཞིག་གིས་ཆོས་ཟེར་དུས་སྨོན་ལམ་རྒྱག་རྒྱུ་དང་ཁ་འདོན་བསྔགས་འདྲ་དྲངས་སྡོད་པ་དེ་ཆོས་ཕལ་བ་རེད། ཡང་། རིགས་གཅིག་གིས་ལུས་ཀྱི་དཀའ་སྡུག་རྐྱང་རྐྱང་ལ་བརྟེན་ནས་ཆོས་སྒྲུབ་ཀྱིན་ཡོད་པ་རེད། དེ་གཙོ་བོ་ལུས་ལ་བརྟེན་པའི་ཆོས་ཡིན་པ་རེད། ཤཱཀྱ་ཐུབ་པའི་ཆོས་དེ་ཕྱི་ལུས་ཀྱི་རྣམ་འགྱུར་ལ་ལྟོས་པ་ཞིག་མ་རེད། གཙོ་བོ་སེམས་དེ་གལ་ཆེན་པོར་བཟུང་བ་དེ་འདྲའི་ཆོས་ཤིག་རེད།  ལོ་ནས་ལོར་བསྟུད་དེ་སྒོམ་སོགས་བརྒྱབ་ནས་སྡུག་བསྔལ་སེལ་མ་ཐུབ་པ་ཡིན་ན་ཆོས་ཆོས་སུ་མ་སོང་བ་རེད། ང་རང་ཚོ་མང་པོ་ཞིག་གིས་ཆོས་བྱེད་ཀྱིན་ཡོད་པ་རེད་དེ། ལམ་སང་ཁོང་ཁྲོ་དང་མགོ་སྐོར་གཏོང་བའི་བཟོ་འདྲ་བོ་ཡོང་གི་ཡོད་པ་དེ་དག་སེམས་མ་སྐྱིད་པའི་དབང་གིས་རེད།  དེ་བས། ང་ཚོས་ཆོས་དེ་ཁ་དང་ཚིག་ཙམ་གྱི་ཆོས་མ་གཏོགས་མངོན་དུ་གྱུར་བའི་ཆོས་དེ་ཆགས་ཐུབ་ཀྱི་ཡོད་པ་མ་རེད། ཆོས་ཟེར་བའི་གོ་བ་དེ་རྟོགས་དགོས་ཀྱི་འདུག དེ་རྟོགས་པ་ཡིན་ན་རང་དང་སྤྱི་ཚོགས་ཡོངས་ལ་ཕན་པ་ཞིག་ཆགས་འོང་གི་ཡོད་པ་རེད། སྡུག་བསྔལ་གྱི་རྩ་བ་བདག་དུ་འཛིན་པའི་བདག་འཛིན་དང་རང་གཅེས་པར་འཛིན་པའི་གཅེས་འཛིན་གཉིས་པོ་དེ་སེམས་ཀྱི་གཏིང་ནས་རྐྱེན་ཆ་ཚང་ཞིག་ལ་བརྟེན་ནས་འོང་དུས།  རང་གཅེས་བར་འཛིན་པའི་གཅེས་འཛིན་གྱི་སྡུག་བསྔལ་དང་། བདེན་པར་འཛིན་པའི་བདེན་འཛིན་གྱི་སྡུག་བསྔལ་གྱི་རྩ་བ་དེ་ཤེས་པའི་ཐོག་ནས་དེ་གཉིས་བགོ་བྱ་བྱེད་ཐུབ་ན་ལག་པ་ལྕགས་ཐག་གིས་བཅིངས་ཡོད་ཀྱང་ལྕགས་ཐག་གྲོལ་འགྲོ་བའི་དཔེ་ལྟ་བུ་རེད།  དངོས་གནས་སེམས་ནང་བདེ་སྐྱིད་ཡོང་རྒྱུ་ཞིག་ཏན་ཏན་ཡོད་པ་རེད། དེ་བས། ནང་པའི་ཆོས་བྷི་རྡ་ངྷར་མ་ཟེར་བ་དེ་སངས་རྒྱས་ཀྱི་གསུངས་བཞིན་ཁོང་ཉིད་ཀྱི་གོ་འཕང་དེ་འདྲ་ཞིག་སྒྲུབ་པའི་ཐབས་ལམ་དེ་ལ་ཟེར་བ་རེད། ཅེས་གསུངས་སོང་།

མཐའ་མའི་དྲི་བ་དྲི་ལན་གྱི་སྐབས་སུ། སློབ་ཕྲུག་ཅིག་གིས་ཆོས་ཕྱོགས་ལ་སློབ་གྲྭ་ཁག་གིས་དོ་སྣང་བྱས་ཏེ་གྲུབ་འབྲས་གང་འཚམ་ཐོན་འདུག་ནའང་། ཆབ་སྲིད་ཀྱི་གོ་རྟོགས་ཏེ་ཧ་ཅང་སྐྱོ་བོ་ཡིན་པའི་སྐོར་གྱི་དྲི་བ་དྲིས་པར་༧གོང་ས་མཆོག་ནས་བཀའ་ལན་བསྩལ་དོན། ང་ཚོ་རྒྱ་གར་ལ་ཐོག་མར་འབྱོར་ཏེ་ལོ་གཅིག་ནང་ཚུད་ལ་གཞན་ཅི་ཡང་མེད་དུས་སུ་མ་སུ་རི་སློབ་གྲྭ་དེ་ཐོག་མར་བཙུགས་པ་རེད། དེ་ཆོས་སློབ་སྦྱོང་བྱེད་པའི་ཆེད་དུ་བཙུགས་པ་མ་རེད། ང་ཚོ་བོད་མིའི་རང་དབང་གི་གནད་དོན་འདི་ལྟ་བུ་ཞིག་ཆགས་དོན། ང་ཚོ་བོད་པའི་མི་རབས་ཁ་ཤས་གོང་ནས་འཛམ་གླིང་གི་དེང་དུས་ཤེས་ཡོན་ལ་དོ་སྣང་མ་བྱས་པ་དང་། རང་གི་ཆབ་སྲིད་ཚགས་ཚུད་མ་བྱུང་སྟབས་ང་ཚོར་དཀའ་ངལ་ཞིག་འཕྲད་པ་རེད། ང་ཚོས་རྒྱ་མི་གུང་ཁྲན་གཅིག་པུ་ལབ་རྒྱུ་ཡོད་པ་མ་རེད། སོ་སོའི་ངོས་ནས་ཚགས་ཚུད་མ་བྱུང་བར་བརྟེན་ནས་བྱུང་བ་རེད། དེ་བས། ང་ཚོས་སློབ་གྲྭ་བཙུགས་དོན་དེ་ཆོས་ཕྱོགས་ལ་སློབ་སྦྱོང་བྱས་ཏེ་དགེ་བཤེས་ཆགས་རྒྱུ་དེ་འདྲ་གཙོ་བོར་བཟུང་བ་ཞིག་མ་རེད། བོད་པ་ཞིག་ཡིན་པའི་ཆ་ནས་ཆོས་གལ་ཆེན་པོ་རེད། ང་ཚོ་ནང་ཆོས་ཀྱི་སྤྱི་ཚོགས་ཤིག་ཆགས་བསྡད་ཡོད་པ་རེད། དེ་འདྲ་ཡིན་སྟབས་ནང་ཆོས་ཤེས་དགོས་ཀྱི་འདུག ཅེས་བརྗོད་ཀྱིན་ཡོད་པ་རེད། ཡིན་ནའང་། དེ་གཅིག་པུའི་འདང་གི་ཡོད་པ་མ་རེད། ཆབ་སྲིད་ཀྱི་སློབ་གསོ་སྤྲོད་རྒྱུ་དེ་བོད་པའི་རྩ་དོན་གྱི་གནས་སྟངས་གང་འདྲ་ཞིག་ཏུ་སླེབས་ཡོད་པ་དེར་ཐུག་ཡོད་པ་དང་། དཀའ་ངལ་དེ་སེལ་ཐབས་གང་འདྲ་ཞིག་ཡོད་མེད། གཙོ་བོ་དགེ་རྒན་གྱི་ལམ་སྟོན་ལ་རག་ལས་ཡོད་པ་རེད། ཁྱེད་རང་ཚོ་མང་ཆེ་བ་གཞོན་སྐྱེས་ཡིན་པ་དང་བོད་བསྟན་སྲིད་དོན་དུ་སེམས་ཁུར་གནང་གི་ཡོད་པ་རེད་ལ། གནང་དགོས་པ་ཞིག་ཀྱང་རེད། བོད་ནང་དཀའ་ལས་གང་འདྲ་ཞིག་སྐྱོན་གྱི་འདུག ང་ཚོ་རང་དབང་ལུང་པར་སྨྲ་བརྗོད་རང་དབང་ཡོད་པ་རེད། ག་རེ་ཡིན་ན་བྱེད་ཐུབ་པ་ཞིག་རེད། དེ་འདྲ་ཡིན་དུས། བསམ་ཐུབ་པ་དང་བཤད་ཐུབ་པ། སྒྲུབ་ཐུབ་པ་དེ་འདྲ་དགོས་ཀྱི་ཡོད་པ་རེད། དེ་བཞིན་བསམ་ཕོད་པ་དང་བཤད་ཕོད་པ་གལ་ཆེན་པོ་ཡིན་ནའང། མཐར་འབབ་ས་དེ་འབྲས་བུ་དེར་ཕན་པ་ཅི་ཞིག་འདུག་དེར་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད། དངོས་ཡོད་གནས་ཚུལ་རྟོགས་པའི་ཐོག་ནས་སྙིང་སྟོབས་དང་ལྷག་བསམ་བསྐྱེད་རྒྱུ་དེ་གཙོ་བོ་རེད། ཅེས་གསུངས་སོང།

ཐེངས་འདིའི་ནང་ཆོས་ངོ་སྤྲོད་ཀྱི་ཉིན་གྲངས་གཉིས་རིང་། ས་གནས་ཁག་མི་འདྲ་བ་ ༣༢ ནས་ཕེབས་པའི་སློབ་ཆེན་ཁག་ ༨༢ ཡི་སློབ་མ་དང་། རྒྱལ་ཁབ་མི་འདྲ་བ་ ༦ ནས་ཕེབས་པའི་སློབ་མ་དང་མི་སྣ་འདུས་ཡོད་པ་དང་། བོད་ཁྱིམ་ཁོངས་གཏོགས་ཀྱི་སློབ་གྲྭ་ཁག་མ་འདུས་པའི་གཞོན་སྐྱེས་དང་ཤེས་རབ་དགའ་ཚལ་སློབ་གླིང་བཅས་ཀྱི་སློབ་མ་ ༣༠༠༠ སྟོང་ལྷག་ཚོགས་ཁང་དུ་འདུས་ཡོད་པ་དང་། འཛིན་རིམ་དགུ་བའི་སློབ་མ་དང་ངྷ་སར་གནས་སྡོད་མི་མང་སོགས་མི་གྲངས་ ༥༠༠༠ ལྷག་འདུས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༦ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

མཆན། 9

  1. འབྲོང་བདག says:
    ལོ་ 17 སྔོན།

    ཆོས་མིན་སྲིད་མིན་ཞིག་གིས་ང་ཚོ་ལ་ཕན་ཐོགས་ནི་མ་རེད་།

    Reply
  2. འབྲོང་བདག says:
    ལོ་ 17 སྔོན།

    དངོས་གནས་ཡག་པོ་རེད་སློབ་གྲ་ལ་དེང་རབས་དང་མཐུན་པའོ་སློབ་གསོ་དགོས་ནི་རེད་

    Reply
  3. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    དགེ་རྒན་དེ་ཚོ་སྙིང་རྗེ་གཏིང་ནག་ཟེར་མི་རུང་། དགེ་རྒན་གྱི་ཤེས་ཚད་མེད་བཞིན་དགེ་རྒན་བྱས་ན་ཡོངས་རྒྱུ་འདི་ལས་མེད།

    Reply
  4. ཨ་ལལ says:
    ལོ་ 17 སྔོན།

    གྲོགས་པོ་བློ་ལྡན་ལགས།ཐུགས་ཁྲེལ་མ་བྱེད།ནང་ཆོས་ནི་མིའི་སེམས་ཁམས་ལ་འཕྲོད་ཅིང་ཕན་པའི་ཤེས་ཡོན་ཞིག་ཡིན་པས་དེས་སློབ་མ་ཚོའི་མདུན་ལམ་ལ་གནོད་མི་ནུས།སློབ་མ་ཚོའི་མདུན་ལམ་མ་ཡོང་བ་དེ་ནི་ལོ་ངོ་དུ་མར་འབྲེལ་འདྲིས་བྱས་ཏེ་དུས་ཚོད་ཡོངས་སུ་ཆུད་ཟོས་སུ་བཏང་བའི་དགེ་རྒན་ཁོག་རུལ་གཏིང་ནག་དེ་ཚོ་རེད།

    Reply
  5. བློ་ལྡན། says:
    ལོ་ 17 སྔོན།

    ང་བོད་ཁྱིམ་སློབ་གྲྭའི་འགན་འཛིན་དེ་ཚོར་རྣམ་དོག་ཟ་ཡི་ཡོད། ངོ་ཚ་མེད་པ་འདི་ཚོས་སློབ་མ་ཚོར་ནང་ཆོས་རྐྱང་ཁྲིད། ད་ལྟ་སློབ་མ་ཚོ་མདུན་ལམ་གང་འདྲ་ཞིག་ལ་བསྐྱལ་སོང་།

    Reply
  6. Gangthuk says:
    ལོ་ 17 སྔོན།

    hievery one, dont mix religion and politic, lord buddha cant do that. thats why (gelsey pang ney rubjung gi)

    Reply
  7. ཤེལ་དཀར་བློ་བཟང་། says:
    ལོ་ 17 སྔོན།

    །གང་ལ་གང་འཚམས་དེ་ལ་དེ་སྟོན་པ། །འཕགས་མཆོག་ཕྱག་ན་པད་མོར་གུས་འཕྱག་འཚལ།

    ངྷ་ས་ནང་ཆོས་གོ་སྒྲིག་ཚོགས་ཆུང་ལ་སེམས་དབུས་ནས་བསྔགས་བརྗོད་དང་རྒྱུན་གནས་ཡོང་བའི་རེ་སྨོན་ཡོད།
    ༸རྒྱལ་དབང་མཆོག་སྐུ་ཚེ་ཡུན་དུ་བརྟན་ཅིང་། བདག་སོགས་གངས་ཅན་པ་རྣམས་ལ་དུས་དང་རྣམ་པ་ཀུན་ཏུ་བརྩེ་བས་ཟུང་དུ་གསོལ།།

    Reply
  8. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ཁྱེད་ནི་བླ་མ། ཁྱེད་ནི་ཡི་དམ། ཁྱེད་ནི་མཁའ་འགྲོ བདག་དང་འགྲོ་བ་གངས་ཅན་སྤྱི་བོ་ཡོངས་ཀྱི་མིག་གི་དཔྱིད་དུ་བཞུགས་ཡོད་ཀྱང་། ད་དུང་ལོངས་པའི་ཚུལ་ཏུ་ལུས་པའི་ཉམ་ཐག་གི་སྐྱེ་འགྲོ་ངེད་ཅག་ཐུགས་ནས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་བ་བཀའ་དྲིན་ཆེ། སྐུ་ཚེ་བརྟན་ཞིང་བཞེད་དོན་འགྲུབ་པར་སྨོན།

    Reply
  9. སོག་ཤོད་ལྷག་བསམ། says:
    ལོ་ 17 སྔོན།

    ཡག་པོ་བྱུང་འདུག་དགའ་སུ་ཡོད།
    གོ་སྒྲིག་ཚོགས་ཆུང་ལ་ཐུགས་རྗེ་ཆེ་ཞུ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese