ནོར་བཅོས།
ཕྱི་ཟླ་ ༧ པའི་ཚེས་ ༣༡ ཉིན་ཐོན་པའི་བོད་ཀྱི་དུས་བབ་གསར་ཤོག་གི་ཤོག་ངོས་གཉིས་པའི་སྒང་གི་རྩོམ་ཡིག བོད་མིའི་བཀའ་བློན་ཁྲི་པ་གང་འདྲ་ཞིག་དགོས་སམ། ཞེས་པ་དེའི་རྩོམ་པ་པོའི་མིང་འགོད་ནོར་ཐེབས་འདུག་པས། དེའི་རྩོམ་པ་པོ་ནི་དབུས་ཕྲུག་ཚེ་རིང་མིན་པར། བུ་ཆུང་ཚེ་རིང་ཡིན་པས་དེ་དོན་ཐུགས་སྣང་ཡོང་བ་དང་། དགོངས་འགལ་ཁྱོན་ནས་མེད་པ་ཞུ།
བོད་ཀྱི་དུས་བབ་གསར་ཁང་ནས།
ཁམས་པའི་བླ་རྒན་ལགས་ཀྱིས་ནོར་བ་བྲིས་ན་བོད་པའི་ཞབས་འདྲེན་རེད་ཟེར་ནས་ཁོང་གིས་ནོར་བ་བྲིས་འདུག ཁྱེད་ཚོའི་ ཁྱེད་ཚོས
ཁྱེད་ཚོའི་དང་པོ་ནས་ནོར་བ་མ་བྲི་རོགས་བོད་པའི་ཞབས་འདྲེན་རེད།
རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ། ཚགས་པར་སྟེང་དུ་ནོར་བཅོས་ལོས་ཀྱང་བྱེད།
རྩོམ་སྒྲིག་པ་ལགས།
ལས་བྲེལ་གྱི་རྐྱེན་པས་འདི་འདྲའི་ནོར་འཁྲུལ་ཡོང་སྲིད་པ་ཞིག་རེད།
དུས་ཐོག་ཏུ་དྲ་ཐོག་ནས་ཡོ་བསྲང་གནང་བ་ཡ་རབས་ཀྱི་ངང་ཚུལ་ཞིག་ཡིན་པ་བཞིན། གསར་ཤོག་སྟེང་དུ་དེ་བས་ཀྱང་ནོར་བཅོས་གནང་དགོས་པ་ཞིག་རེད།
ད་ལྟའི་ཆར་ཡིག་ནོར་གྱི་ཕྱོགས་ནས་བཤད་ནས་ཇེ་ཉུང་དུ་འགྲོ་བའི་རྣམ་པ་མངོན་བཞིན་འདུག་པས་བསྔགས་བརྗོད་དང་། ད་དུང་ཐུགས་གཟབ་གང་ལེགས་དང་སྔར་ལས་སྤུས་ཚད་མཐོར་འདེགས་བྱེད་དགོས་པ་ནི་སྨྲོས་མ་དགོས་པ་ཞིག་རེད།།