མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁོང་ལ་དམངས་གཙོའི་ལམ་ཁ་ཕྱེ་རོགས། རྩོམ་སྒྲིག་པས།

བོད་ཀྱི་དུས་བབ།
༢༠༠༩/༠༨/༣༡
Share on FacebookShare on TwitterShare on EmailShare on Whatsapp

ཐའེ་ཧྥུན་གྱི་དྲག་རླུང་གིས་མི་ ༥༠༠ ལྷག་གི་ཚེ་སྲོག་འཕྲོག་པའི་བསྔོ་སྨོན་ཆེད་དུ་༧གོང་ས་མཆོག་ཕྱི་ཚེས་ ༣༠ ཉིན་གླིང་ཕྲན་དེར་ཆིབས་བསྒྱུར་གནང་སོང་། ཡིན་ཡང་། ན་ནིང་གི་སི་ཁྲོན་ས་ཡོམ་སྐབས་སུ་མི་གྲངས་ ༦༨༠༠༠ ལྷག་རྐྱེན་ལམ་དུ་ཕྱིན་སྐབས་འདི་ལྟའི་གླེང་སློང་བྱུང་ཡང་། དོན་དམ་གྱི་སྐལ་བ་དེ་མ་བྱུང་བ་ནི་མུ་མཐུད་ནས་ཕངས་སེམས་ཀྱི་རྒྱུ་རུ་གྱུར།

འདི་དང་འདྲ་བར་ན་ནིང་བོད་མི་ཚོས་༧རྒྱལ་བ་རིན་པོ་ཆེ་ཕྱིར་བོད་དུ་ཕེབས་འཇུག་དགོས་ཞེས་མདོ་དབུས་ཁམས་གསུམ་ནས་ཞི་བའི་སྐད་འབོད་བྱས་སྐབས་རྒྱ་གཞུང་གིས་ཕལ་ཆེ་བ་བཙོན་དུ་བཅུག བརྒྱ་ཕྲག་འགའ་ནི་རེ་འབོད་འདི་ལ་བརྟེན་ནས་སྲོག་ཐོག་ཏུ་བཏང་སོང་། འདི་དག་ལ་བསམ་སྐབས་༧གོང་ས་མཆོག་ཕྱིར་བོད་དུ་ཕེབས་པ་ལ་ཆ་རྐྱེན་གཅིག་རང་འདུག་ལ། དེ་ནི་བོད་རང་བཙན་གྱི་ལྟ་བ་འདོར་བ་དང་། རང་སྐྱོང་གི་དགོས་འདུན་རྣལ་མ་ཞིག་འདོན་རྒྱུར་ཐུག་མེད་པར། རྒྱ་ནག་འདི་དམངས་གཙོ་ཚད་ལྡན་ཞིག་ལ་འགྱུར་རྒྱུ་དེ་ཁོ་ན་རེད།

པེ་ཅིན་གྱི་དཔོན་རིགས་ཚོས་རྒྱ་ནག་གཅིག་གི་རྩ་དོན་བཤད་ཀྱིན་སྲིད་འཛིན་མ་ཡུན་ཇིག་གི་ལག་མགོ་ནས་འཐེན་གིན་ཡོད་རུང་། ཐའེ་ཝན་མཚོ་འགག་ནི་དམངས་གཙོའི་སྤྱི་ཚོགས་ཤིག་ཡིན་ལ། མཐའ་མའི་ཐག་གཅོད་དེའང་མང་ཚོགས་ཀྱི་རང་ཐག་རང་གཅོད་ལྟར་འགྲོ་དགོས་པ་ལས། སྲིད་འཛིན་ཧུའུ་ཅིན་ཐའོ་ནང་བཞིན་སྲིད་འཛིན་མ་ཡུན་ཇིག་ལ་སྲིད་དབང་གཅིག་སྡུད་ལམ་ལུགས་ཀྱི་ཐག་གཅོད་བྱེད་དབང་མེད། དེ་བས་སྲིད་འཛིན་མ་ཡུན་ཇིག་གིས་ཐའེ་ཝན་མི་དམངས་ཀྱི་སྣེ་ཁྲིད་ནས་རྒྱ་ནག་གི་མི་འབོར་རྒྱ་མཚོ་ལྟ་བུའི་ནང་དུ་བསྲེས་མི་ཐུབ་པ་ནི་མངོན་སུམ་ཡིན། ཕྱོགས་གཞན་ནས་གླེང་ན། ཐའེ་ཝན་མི་དམངས་ཀྱིས་རྒྱ་ནག་དང་མཉམ་དུ་རྒྱལ་ཁབ་འདྲ་མཉམ་གྱི་ལྟ་ཚུལ་ཐོག་ནས་ཕར་ཚུར་འགྲོ་འོང་བྱེད་རེས་དང་། ཚོང་ལས་དང་རིག་གཞུང་གི་ལས་དོན་སྤེལ་རེས་བྱེད་ཀྱིན་ཡོད་ལ། ཇི་སྲིད་རྒྱ་ནག་ཐའེ་ཝན་ལྟ་བུ་ཞིག་ཏུ་མ་འགྱུར་བར་དུ། ཐའེ་ཝན་རྒྱ་ནག་ཅན་དུ་འགྱུར་འགྲོ་བའི་དོགས་པ་སུ་ལའང་མེད་ཚོད་ཡིན། མུ་མཐུད་བཤད་ན། སྲིད་འཛིན་མ་ཡུན་ཇིག་གིས་པེ་ཅིན་ལ་བཟུང་བའི་རྣམ་འགྱུར་དེ་ནི་མཚོ་འགག་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་ལ་གནས་པའི་ཆེད་ཡིན་པ་མ་གཏོགས། ཐའེ་ཝན་འདི་རྒྱ་ནག་སྐམ་ས་ཆེན་པོའི་འོག་ལ་འགྲོ་གི་ཡིན་པའི་གོ་བརྡ་ག་ལ་ཡིན། པེ་ཅིན་ནི་འདི་ལྟར་མཚོ་འགག་གི་གནད་དོན་ཐད་ལ་མགོ་འཐོམ་དུ་གྱུར་ཡོད་ཀྱང་སྲིད།

པེ་ཅིན་གྱི་དཔོན་རིགས་ཚོར་བློས་ཐུབ་ཀྱི་གྲོགས་པོ་ཞིག་དགོས་ན་དེ་ནི་༧གོང་ས་མཆོག་ཡིན། ཁོང་གིས་བོད་དང་རྒྱ་ནག ཐའེ་ཝན་བཅས་འགག་སྒོ་འདི་དག་གི་དཀའ་ངལ་གང་ཡང་སེལ་ཐུབ་ལ། ཏཱ་ལའི་བླ་མ་ཁོ་ནས་སྲིད་འཛིན་མ་ཡུན་ཇིག་ལས་ལྷག་ཅིག་ཐའེ་ཝན་མི་དམངས་ཀྱི་སེམས་ཁམས་གསོ་ཐུབ་ཀྱི་ཡོད་པ་ལྟར། ཧུའུ་ཅིན་ཐའོ་ཡིས་ཀྱང་སློབ་ཚན་འདི་དང་མཉམ་དུ་རང་གིས་བསྟེན་འོས་ཤིང་ཕྱི་ཐག་རིང་བའི་གྲོགས་པོ་ངོ་མ་དེ་སུ་ཡིན་ངོ་རྟགས་ཆོད་དགོས་པའི་དུས་ཡིན།

པེ་ཅིན་གྱིས་ཐའེ་ཝན་ནི་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཞིང་ཆེན་ཞིག་ཡིན་ཟེར། དེར་བརྟེན་པེ་ཅིན་གྱི་ངོས་ནས་བཤད་ན། ༧གོང་ས་མཆོག་ཐའེ་ཝན་དུ་ཕེབས་པ་ནི་རྒྱ་ནག་གི་ཞིང་ཆེན་ཞིག་གི་ནང་དུ་ཕེབས་པའང་ཡིན་སྟབས། སྲིད་འཛིན་ཧུའུ་ཅིན་ཐའོ་ལགས། ད་ནི་སྐུ་ཉིད་ཀྱིས་ཏཱ་ལའི་བླ་མ་མཆོག་རྒྱ་ནག་གི་ཞིང་ཆེན་ཞིག་ནང་ཕེབས་པར་དགའ་བསུ་ཞུ་འོས་ལ། ཡང་ན། མ་ཡུན་ཇིག་ནང་བཞིན། ཁོང་ཕྱིར་ཕེབས་པར་དམངས་གཙོའི་ལམ་ཁ་ཡང་དག་ཅིག་ཕྱེ་འོས་པར་འདོད།།

འབྲེལ་ཡོད་གསར་འགྱུར།

དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

ཆུ་ཚོད་ ༡༠ སྔོན་ལ།
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

ཆུ་ཚོད་ ༡༠ སྔོན་ལ།
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

༢༠༢༦/༠༧/༠༢
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡

མཆན། 13

  1. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    དྲ་གྲོགས་ཚོར་ཐེངས་འདིར་༧གོང་ས་མཆོག་ཐའེ་ཝན་ལ་ཆིབས་སྒྱུར་མ་བསྐྱང་གོང་དུ། གོ་མིན་ཏང་སྲིད་གཞུང་གིས་བདུན་ཕྲག་སྔོན་མའི་ནང་སྐུ་ཚབ་མི་སྣ་ཞིག་པེ་ཅིན་དུ་བཏང་སྟེ། ༧གོང་ས་མཆོག་ཐའེ་ཝན་ལ་ཕེབས་རྒྱུའི་སྐོར་ལ་གྲོས་མོལ་བྱས་འདུག དེའང་ཁ་ཇེ་གསལ་ལ་བཏང་ན་གོ་མིན་ཏང་གིས་ཏཱ་ལའི་བླ་མ་ཐའེ་ཝན་ལ་ཕེབས་རྒྱུའི་ཐད་གུང་ཁྲན་ཏང་ལ་ཆོག་མཆན་ཞུས་པར་ངོས་འཛིན་བྱེད་ཀྱིན་འདུག འདི་ལྟར་ན་ཐའེ་ཝན་ལ་ནང་སྲིད་ཅེས་པ་ཞིག་ཡོད་པ་རེད་དམ། ཡང་ན། འདི་རྒྱ་ནག་གི་ནང་སྲིད་རེད།

    Reply
  2. ཟླ་བ་གཞོན་ནུ། says:
    ལོ་ 17 སྔོན།

    ཡིན་པར་ཆ་བཞག་ཀྱང་། དེ་ཚོས་འདིའི་རིགས་ཏེ་བཤད་དགོས་པ་དེ་དག་བཤད་ཀིན་ཡོད་ན་ནི་དགའ་འོས་པ་ཞིག་རེད་མོད། དེ་ཚོས་དགའ་ནི་ཞིག་བྱེད་ཀྱི་མ་རེད།
    ཁོ་ཚོར་དགོས་པའང་དེ་ཡིན་གྱི་མ་རེད་འདོད།

    Reply
  3. དགྲ་འདུལ། says:
    ལོ་ 17 སྔོན།

    ངས་གོ་བ་ལྟར་ན། རྒྱ་ནག་གི་བོད་དོན་ཉམས་ཞིབ་པ་དང་། གསང་བའི་ལས་ཁུངས་སོགས་ཀྱིས་བོད་ཀྱི་དུས་བབ་སོགས་ཕྱི་ཕྱོགས་ཀྱི་དྲ་རྒྱ་དག་སྔོག་གིན་འདུག་ཟེར། འདི་བདེན་པ་ཡིན་ཚེ་གོང་གི་རྩོམ་སྒྲིག་པའི་གཏམ་འདི་ཡང་རྒྱ་ནག་གི་གསང་བའི་ཡིག་ཆའི་ནང་དུ་ཕྱིན་ཚར་ཡོད་ཀྱི་རེད།

    Reply
  4. ཟླ་བ་གཞོན་ནུ། says:
    ལོ་ 17 སྔོན།

    འདི་སུ་ཞིག་ལ་བཤད་ཀྱིན་ཡོད་མེད་མ་ཤེས།
    འདི་ལྟ་བུ་རྒྱ་ཡིག་འབྲི་ཐུབ་ན་ཕན་ཐོགས་སྲིད་སྙམ་པ་ཞིག་འདུག
    ང་ཚོར་ད་བཤད་མ་བཤད་ཡོད་ནི་མ་རེད།

    Reply
  5. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    ལོ་ 17 སྔོན།

    བཀླགས་ཟིན།བསམ་གཞིགས་བསྐྱར་མ་ཞིག་བྱེད་ཀྱིན་ཡོད།

    Reply
  6. བློ་གྲོས་རྒྱལ་པོ། says:
    ལོ་ 17 སྔོན།

    རྒྱ་མི་རིགས་ལ་གོང་ས་མཆོག་གི་དགོངས་གཞི་ངོ་མ་དེ་ཤེས་སུ་འཇུག་རྒྱུ་དེ་ཡིན་ངེས་སོ།

    Reply
  7. གནས་ཚང་། says:
    ལོ་ 17 སྔོན།

    རྩོམ་སྒྲིག་པའི་དམིགས་ཚད་མཐོན་པོ་རེད། ཡིན་ནའི། ཁ་སང་དེ་རིང་ཐའེ་ཝན་དུ་ངོ་རྒོལ་ཆུང་ཚེགས་བྱུང་བཞིན་པར་ལྟ་སྐབས། གལ་སྲིད་ཏཱ་ལའི་བླ་མ་རྒྱ་ནག་ཏུ་ཕེབས་ཐུབ་ནའང་དེ་ལས་ཀྱང་ངོ་རྒོལ་མང་བོ་བྱུང་སྲིད་པ་གསལ་བོ་རེད། དེ་བས། འདིའི་ཐད་ལྷན་རྒྱས་ཐབས་ལམ་ག་རེ་ཡོད་དམ།

    Reply
  8. གཡུ་དྲུག་དཀར། says:
    ལོ་ 17 སྔོན།

    རེད་རེད། སྐུ་ཞབས་ལུང་རིགས་ལགས། ཚགས་པར་རྩོམ་སྒྲིག་པའི་གཏམ་ཟེར་བ་དེ་མི་མང་པོ་ཞིག་གིས་གསར་ཁང་དེའི་ཁ་ཕྱོགས་ལ་ངོས་འཛིན་པ་དང་། ཡང་མང་པོ་ཞིག་གིས་རྩོམ་སྒྲིག་པའི་གཏམ་ནི་གསར་ཁང་དེའི་རྩོམ་སྒྲིག་པར་ཡིག་རྩལ་བཏང་པའི་རྒྱུག་འབྲས་ལྟ་བུར་ངོས་འཛིན་གྱིན་ཡོད་པས་ལས་སླ་བོ་ཞིག་གཏན་ནས་མིན། དུས་བབ་རྩོམ་སྒྲིག་པའི་གཏམ་ལ་མཚོན་ན་ཁྱེད་རང་དང་དུས་བབ་གསར་ཤོག་གི་ལྕི་ཡང་འདེགས་བྱེད་ཀྱི་རྒྱ་མ་ལྟ་བུར་གྱུར་འདུག
    ད་དུང་མུ་མཐུད་ནས་རྣམ་རིག་ལྕགས་སྐུད་ལྟར་མ་བསྒྲིམ་ཚེ་མ་འོངས་ཛ་དྲག་གི་དུས་རབས་ནང་དུ་ཁྱེད་ཀྱིས་ཉིན་རེར་དོམ་ནག་བཅུ་དང་དམར་འཛིང་བྱེད་དགོས་པའི་དུས་ཤིག་འཆར་སྲིད་པ་ཡིན།

    Reply
  9. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    ང་ལ་མཚོན་ན། རྩོམ་སྒྲིག་པའི་གཏམ་ཞིག་འབྲི་བ་ནི། རི་མགོ་ནས་དོམ་ནག་སྨྱོན་པ་ཞིག་ལ་འཛིང་བ་དང་འདྲ་བོ་རེད། ཐེངས་གཅིག་རེར་ཕར་རྫོག་ཐུབ་པའི་སྐབས་ཡོད་སྲིད་རུང་། སྐབས་མང་ཆེ་བར་དོམ་ནག་དེས་ཁྱོད་རང་ཉིད་ཟ་གི་རེད།

    ངས་ད་བར་དུ་རྩོམ་སྒྲིག་པའི་གཏམ་འབྲི་དུས་ཀྱི་སྣང་ཚུལ་ནི་འདི་འདྲ་ཞིག་རེད། དེར་བརྟེན། ཉིན་བཅུ་རེའི་ནང་དུ་ངས་དོམ་ནག་རེར་འཛིང་དུས་ཕལ་ཆེ་བར་དོམ་ནག་དེས་ང་ཟ་གིན་ཡོད་ལ། ངས་ཉིན་བཅུ་རེའི་ནང་དུ་སྐྱེ་བ་རེ་རེ་བླངས་ཏེ། སླར་ཡང་དོམ་ནག་རེར་འཛིང་གི་ཡོད།

    མི་རྣམས་ཀྱི་བཤད་ཚུལ་ལྟར་ན། འདིའི་སྔོན་གྱི་རྩོམ་སྒྲིག་པའི་གཏམ་ནི་དོམ་ནག་དེས་ང་ལ་སྙོབ་ཐེངས་གཅིག་གིས་ཧམ་བཟའ་བྱས་ཐེངས་དེ་རེད་ཟེར། ད་ཐེངས་ཀྱང་དོམ་ནག་འདི་དང་ངེད་གཉིས་རི་མགོ་ན་འཛིང་བཞིན་པའི་སྒང་ཡིན།

    Reply
  10. གཡུ་དྲུག་དཀར། says:
    ལོ་ 17 སྔོན།

    གུས་པར་འོས་པའི་སྐུ་ཞབས་ལུང་རིགས་ལགས། བཀའ་དྲིན་ཆེ།

    Reply
  11. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    གཡུ་དྲུག་དཀར་ལགས། སྐབས་དེར་༧གོང་ས་མཆོག་སི་ཁྲོན་ས་ཡོམ་འོག་རྐྱེན་འདས་སུ་གྱུར་བ་དང་ཤུལ་ལུས་རྣམས་ཀྱི་ཆེད་དུ་བསྔོ་སྨོན་ཆེད་ཕེབས་དགོས་པ་རེད་ཟེར་མཁན་ནི། བོད་དོན་རྒྱབ་སྐྱོར་བ་སོགས་ཕྱི་ཕྱོགས་ཀྱི་མི་རྣམས་རེད། གླེང་སློང་ཤུགས་ཆེན་པོ་བྱུང་ཡོད་པ་མ་རེད།

    Reply
  12. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ༧གོང་ས་མཆོག་ནི་བོད་རྒྱ་མི་རིགས་གཉིས་ཀྱི་དཀའ་གནད་སེལ་བའི་ལྡེ་མིག་ཡིན་པ་ནི་བཤད་མ་དགོས་པར་འུ་ཅག་གིས་ཤེས་ཀྱང་། རྒྱ་ནག་སྲིད་གཞུང་གིས་དཔོན་ངན་དེ་དག་གིས་ཤེས་རྒྱུ་དང་དང་ལེན་བྱེད་རྒྱུ་ཁག་པོ་རེད་ལ། ལྷག་པར་དུ་ཐེ་བན་མི་མང་གིས་ཁོང་ཚོ་ནི་རྒྱ་ནག་གི་ཆ་ཤས་ཞིང་ཆེན་ཞིག་ཡིན་པར་ཁས་ལེན་བྱེད་མི་སྲིད་པ་རེད། དེ་ལྟར་བྱས་ཉིན་ནས་༧གོང་ས་མཆོག་རྒྱའི་ཞིང་ཆེན་ཞིག་གི་གདན་འདྲེན་བྱེད་དགོས་བྱུང་ན་གོང་རིམ་གྱི་ཆོག་མཆན་མ་ཐོབ་པར་ཡོང་ཐུབ་མེད་པ་སྐུ་ཉིད་ཀྱིས་ཀྱང་མཁྱེན་གསལ་རེད་ལགས།

    Reply
  13. གཡུ་དྲུག་དཀར། says:
    ལོ་ 17 སྔོན།

    སྐུ་ཞབས་རྩོམ་སྒྲིག་པ་ལགས། {ན་ནིང་གི་སི་ཁྲོན་ས་ཡོམ་སྐབས་སུ་མི་གྲངས་ ༦༨༠༠༠ ལྷག་རྐྱེན་ལམ་དུ་ཕྱིན་སྐབས་འདི་ལྟའི་གླེང་སློང་བྱུང་ཡང་}། ཞེས་པ་འདི་རྒྱ་རིགས་ཁྲོད་སྐབས་དེ་དུས་བྱུང་བ་ཞིག་ཡིན་ནམ།
    གལ་སྲིད་སྐུ་ཉིད་ལ་འདིའི་སྐོར་གྱི་ཁུངས་ལྡན་གནས་ཚུལ་འདྲ་ཡོད་ཚེ་མཛད་བྲེལ་ལ་མ་ལྟོས་བར་མང་ཙམ་གསུང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese