མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲིམས་ཞིབ་པ་གསར་པ་གཉིས།

བོད་ཀྱི་དུས་བབ།
༢༠༠༩/༠༩/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཁྲིམས་ཞིབ་པ་གསར་པ་གཉིས་གྲོས་ཚོགས་ནས་འོས་གཞིར་བཏོན་ཡོད་པ་དང་རིང་མིན་བསྐོ་འཇོག་གནང་རྒྱུ་རེད།

དེ་རིང་གི་བཙན་བྱོལ་བོད་མིའི་གྲོས་ཚོགས་ཚོགས་དུས་སྟེང་བོད་གཞུང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ངག་དབང་འཕེལ་རྒྱས་ལགས་དང། རྡེ་ར་རྡུན་གྱི་ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་ལགས་གཉིས། གྲོས་ཚོགས་ཀྱི་ནང་དུ་བཙན་བྱོལ་བོད་གཞུང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང། ཁྲིམས་ཞིབ་པའི་འོས་མིར་འདེམས་ཐོན་བྱུང་ཞིང་། རིང་མིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་རྣམ་གཉིས་དངོས་སུ་བསྐོ་བཞག་དང་འབྲེལ་དམ་འབུལ་ཞུ་རྒྱུ་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༩ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 12

  1. ཁ་བའི་འདབ་མ says:
    ལོ་ 16 སྔོན།

    བཀུར་འོས་སྨོན་མལ་མཐར་ཕྱིན་ལགས་ཀྱིས་འགྲེལ་བ་གནང་བར་བཀའ་དྲིན་ཆེ།

    དྲ་གྲོགས་དབང་འཇིགས་ལགས། ངས་བསམ་པར་བཙན་བྱོལ་གཞུང་གི་ཁྲིམས་ཞིབ་པར་ཐག་གཅོད་པའི་ནུས་པ་ཡོད་ནའང་དེ་ལ་གྲུབ་འབྲུས་ཐོན་མིན་ནི་མི་དམངས་ཀྱིས་ཁྲིམས་གཅོད་ལ་བརྩི་འཇོག་བྱ་མིན་ལ་རགས་ལུས་ཀྱི་རེད། རང་དབང་ཅན་གྱི་རྒྱལ་ཁབ་དག་ལ་(law enforcement) ཡོད་པས་སུ་ཡིས་ཁྲིམས་མ་བརྩི་ན་ཁྲིམས་གནོན་བྱེད་ཆོག་གི་ཡོད་པ་རེད། ཁྲིམས་གནོན་སྡེ་ཚན་དེ་འདྲ་ངེད་ཚོ་བཙན་བྱོལ་གཞུང་ལ་མེད་པར་མཁྱེན་གསལ་རེད། འདི་ནི་ངའི་བསམ་ཚུལ་ཡིན་ལགས།

    Reply
  2. jig,wang says:
    ལོ་ 16 སྔོན།

    ང་ཚོ་གཙན་བྱོལ་གཞུང་གི་ཁྲིམས་ཞིབ་པས་ཐག་བཅད་ལ་ནུས་པ་དང་གྲུབ་འབྲས་ག་རེ་ཡོད། གལ་སྲིད་ནུས་པ་གྲུབ་འབྲས་མེད་ན་འདེམས་པ་ལ་དགོས་པ་ཅི་ཡོད།

    Reply
  3. བསེ་རུ། says:
    ལོ་ 16 སྔོན།

    བཀུར་འོས་སྤྱི་འཐུས་ཤིག་འདི་ལྟར་དྲ་ཐོག་ཏུ་ཕེབས་ཏེ།
    དགོངས་ཚུལ་དང་གསལ་འདེབས་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་མ་ཟད།
    ད་དུང་སྤྱི་འཐུས་གང་མང་མང་ཞིག་དྲ་ཐོག་གི་སྨྱུག་ཐོགས་པ་ཚོ་དང་བགྲོ་གླེང་རེ་གནང་བར་ཕེབས་རྒྱུ་དང་། དེ་མིན་ཀློག་པ་པོ་མི་ཉུང་བ་ཞིག་ལ་གཟུར་གནས་ཀྱི་ལམ་སྟོན་དང་སྐབས་བསྟུན་གྱི་བགྲོ་གླེང་རེ་གནང་ཐུབ་ན་ཅི་འདྲའི་དགོས་མཁོ་ཆེ་བ་ཞིག་མ་རེད་དམ།།

    Reply
  4. སྨོན་ལམ་མཐར་ཕྱིན། says:
    ལོ་ 16 སྔོན།

    ༢༽ འདེམས་སྒྲུག་ཚོགས་མིའི་དུས་ཡུན་ལོ་གསུམ་རེ་རེད། འོན་ཀྱང་བསྐྱར་དུ་བསྐོ་གཞག་བྱུང་ན་དགག་བྱ་མེད་པ་ཡིན།
    ༣༽ ཚོགས་མིའི་འདེམས་སྟངས་བཅའ་ཁྲིམས་སུ་ཁ་གསལ་འཁོད་པ་ལྟར་ཁྲིམས་ཞིབ་པ་ཆེ་བ་དང་། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། བཀའ་བློན་ཁྲི་པ་བཅས་ནས་མི་འགྲོ་གསུམ་མམ་ལྔ་འདེམས་དགོས་པ་ཡིན།
    ༤༽ལས་ཐོག་ཁྲིམས་ཞིབ་པ་ཆེ་བ་སུ་ཡིན་དེ་འདེམས་སྒྲུག་ཚོགས་མི་འདེམས་མཁན་གྱི་ཁོངས་སུ་ཡོད་ཀྱང་འདེམས་སྒྲུབ་ཚོགས་མིའི་ཁོངས་སུ་མེད་པ་ཡིན།

    Reply
  5. སྨོན་ལམ་མཐར་ཕྱིན། says:
    ལོ་ 16 སྔོན།

    ༡༽(ཚོགས་ཆུང་གིས་ཉིས་ལྡབ་ལས་མ་ཉུང་བའི་འཆར་ཕུལ་)ཞེས་པའི་དོན།
    འདེམས་སྒྲུག་ཚོགས་ཆུང་གིས་སྐབས་སུ་བབ་པའི་མི་གྲངས་ག་ཚོད་དགོས་པ་དེའི་ཉིས་ལྡབ་ལས་མ་ཉུང་བ་ཞིག་གི་མིང་ཐོ་༸གོང་ས་མཆོག་ལ་འཆར་གཞི་འབུལ་དགོས་པ་སྟེ་མི་གཅིག་དགོས་ན་གཉིས་ལས་མ་ཉུང་བ་ཞིག་གི་མིང་ཐོ་ཡར་འབུལ་དགོས་པའི་དོན་ཡིན།

    Reply
  6. ཁ་བའི་འདབ་མ says:
    ལོ་ 16 སྔོན།

    བཀུར་འོས་སྨོན་ལམ་མཐར་ཕྱིན་ལགས། ལན་གནང་བ་ཐུགས་རྗེ་ཆེ།
    ཚོགས་ཆུང་གིས་ཉིས་ལྡབ་ལས་མ་ཉུང་བའི་འཆར་ཕུལ་གསུངས་བ་འདིའི་དོན་ག་རེ་རེད།
    འདེམས་སྒྲུག་ཚོགས་མིའི་དུས་ཡུན་རིང་ཐུང་ག་ཚོད་རེད་དམ།
    འདེམས་སྒྲུག་ཚོགས་མིའི་འདེམས་སྟངས་ག་འདྲ་སེ་རེད།
    ཁྲིམས་ཞིབ་པ་ཆེན་བ་ཡང་མིང་ཐོ་འདེམས་མཁན་དུ་འདུག་པ་འདི་ལ་ཡ་མཚན་པོ་བྱུང་། དྲི་བ་མང་ཙམ་བྱུང་སོང་བས་སྐུ་བསུན་པོ་མི་ཡོང་བར་ཞུ།
    བཀྲིན་ཆེ།

    Reply
  7. སྨོན་ལམ་མཐར་ཕྱིན། says:
    ལོ་ 16 སྔོན།

    སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་སུམ་ཆ་གཉིས་ཡན་གྱི་
    འདི་ལྟར་ལྷག་མ་ཤོར་འདུག་པས་དགོངས་སེལ་ཞུ།

    Reply
  8. སྨོན་ལམ་མཐར་ཕྱིན། says:
    ལོ་ 16 སྔོན།

    ཁ་བའི་འདབ་མ་ལགས། དེའི་སྐོར་ངས་གསལ་པོ་གསལ་རྐྱང་ཤེས་ཀྱི་ཡོད།
    བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དྲུག་པ།
    ཁྲིམས་ལུགས་དབང་འཛིན།
    དོན་ཚན་རེ་གསུམ་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ།
    1 ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་སོ་སོ་ནི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། བཀའ་བློན་ཁྲི་པ་བཅས་ནས་བསྐོ་འཛུགས་བྱས་པའི་མི་འགྲོ་གསུམ་མམ་ལྔ་ཡོད་པའི་འདེམས་སྒྲུག་ཚོགས་ཆུང་གིས་ཉིས་ལྡབ་ལས་མ་ཉུང་བའི་འཆར་ཕུལ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོས་འོས་འཛུགས་གནང་བར་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་སུམ་ཆ་གཉིས་ཡན་གྱི་མོས་མཐུན་བྱུང་ན་དེ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོས་རྒྱལ་ཁབ་ཀྱི་དབུ་འཛིན་མཚན་ཐོག་ནས་བསྐོ་གཞག་མཛད་རྒྱུ།
    ཞེས་གསལ་བ་ལྟར་ཕྱག་ལེན་བསྟར་དགོས་ཀྱི་ཡོད་རེད། ད་ལྟའི་ཆར་འདེམས་སྒྲུག་ཚོགས་ཆུང་གི་ཚོགས་མི་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་དང་། ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བློ་བཟང་དར་རྒྱས་ལགས། བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་བཅས་རེད།
    ད་ལྟའི་ཁྲིམས་ཞིབ་པ་ཆེ་བ་རྣམ་རྒྱལ་ཚེ་རིང་ལགས་མི་རིང་བར་ཁྲིམས་ཞིབ་པ་ཆེ་བའི་ལས་རྒྱུན་ལོ་ལྔ་གཙང་གི་ཡོད་པ་དང༌། ཁྲིམས་ཞིབ་པ་ཨ་མྱེ་ཚང་ཐུབ་བསྟན་བཀྲ་ཤིས་ལགས་ད་ལོ་ཕྱི་ཟླ་བདུན་པ་ནས་རྩ་དགོངས་ཞུས་པར་བརྟེན་ད་ལན་གྲོས་ཚོགས་སུ་བཅའ་ཁྲིམས་ནང་གསལ་འོས་འཛུགས་གནང་དོན་ལྟར་ད་ལྟའི་ཆེས་མཐོའི་ཁྲིམས་ཞིབ་པ་ངག་དབང་འཕེལ་རྒྱས་ལགས་ཁྲིམས་ཞིབ་པ་ཆེ་བ་དང༌། རྡེ་ར་དྲུན་གྱི་ས་གནས་ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་ལགས་ཆེས་མཐོའི་ཁྲིམས་ཞིབ་པར་སྤྱི་མོས་ཀྱིས་འདེམས་ཐོན་བྱུང་བ་ཞིག་རེད།
    གསར་འགོད་པ་ལགས། བཙན་བྱོལ་བོད་མིའི་ཁྲིམས་དང་སྒྲིག་གཞི་གང་གི་ནང་དུ་ཡང་ཁྲིམས་ཞིབ་པ་རྒན་པ་ཟེར་བ་ཞིག་གསལ་ཡོད་མ་རེད་ཞུ།

    Reply
  9. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    ཡང་དུག་སྦྲང་ནང་དུ་ཤོར་ཚར་འདུག གང་ན་བོད་པ་ཡོད་ན་དེ་ལ་ཐུབ་ཚོད་དང་མཐོང་ཆུང། ་གང་ན་བོད་ཡིག་ཡོད་ན་དེ་ལ་བཙན་འཛུལ་ཡོད་ཐག་ཆོད་རེད། རྒྱལ་ཁབ་མེད་ན་་་་་་་་་་་་་་་་་་་་་་་་་་་

    Reply
  10. Ogyen Chungwa says:
    ལོ་ 16 སྔོན།

    It is really very sad to know that TGIE has nominated such a selfish, crooked and greedy person like Mr. Ngawang Phegye to the post of justice commissioner. Due to his misjudgement in THF, Mussoorie, the institution is running under great problem. It is news that could give great joy to Chinese and sadness to the patriotic people of Tibet.

    Reply
  11. ཁ་བའི་འདབ་མ says:
    ལོ་ 16 སྔོན།

    སྤྱི་འཐུས་གྲོས་ཚོགས་ཀྱིས་ཁྲིམས་ཞིབ་པ་ཚོ་འོས་མི་ལ་འདེམས་པ་རེད་ཟེར།
    བཀའ་ཤག་ནས་བཀའ་ཁྲི་ཡིས་ཁྲིམས་ཞིབ་པའི་འོས་གཞི་འདེམས་དགོས་ཀྱི་མ་རེད་པས། འདི་ནི་ངས་བཙན་བྱོལ་བའི་ཁྲིམས་ལུགས་ལ་ཆ་རྒྱུས་མེད་ནས་དྲིས་བ་ལགས། སུས་ལན་སྤྲོད་ནའང་དགའ་བསུ་སྔོན་ནས་ཞུའོ།

    Reply
  12. གཉན་མདང་ཕོ་ཉ། says:
    ལོ་ 16 སྔོན།

    ཁོང་གཉིས་ལ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
    ཁྲིམས་ཁང་འདིའི་འགན་ཁྱེར་མཁན་དག་གིས་རྒྱལ་ཁབ་གཞན་པའི་ཁྲིམས་ཁང་སོགས་བརྒྱུད་རྒྱ་གཞུང་ལ་གནཽན་ཤུགས་སྤྲད་ནས་བོད་ནང་གི་ཆབ་སྲིད་བཙོན་པ་ཚོ་སྐྱབས་ཐབས་བྱེད་རོགས།
    རེ་བ་རྒྱབ་ཡོད་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese