མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ལ་རྒྱལ་ཚོགས་ཀྱི་ཁ་རྡུང་ཕོག་འདུག

བོད་ཀྱི་དུས་བབ།
༢༠༠༩/༠༩/༡༦
Share on FacebookShare on TwitterShare on EmailShare on Whatsapp

འདས་ལོའི་བོད་ནང་གི་དོན་རྐྱེན་དང། ཉེ་ཆར་ཞིན་ཅང་ཟིང་འཁྲུག་ལས་འབྲེལ་ཏེ། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་མི་ཐུབ་པ་དང། མི་རིགས་དབྱེ་འབྱེད་བྱས་པའི་རྐྱེན་གྱིས། དོན་རྐྱེན་དེ་དག་བྱུང་བར་རྒྱལ་ཚོགས་ཀྱིས་སྐྱོན་བརྗོད་བྱས་ཡོད་པ་དང། རྒྱ་ནག་གི་དཔོན་རིགས་ཚོས་ངེེས་པར་དུ་རྩ་ཁྲིམས་ལ་བརྩི་སྲུང་དང་ལེན་བྱས་ཏེ། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱེད་དང། ལྷག་པར་གྲངས་ཉུང་མི་རིགས་ཀྱི་དོན་རྐྱེན་དེར་དོན་འབྲས་སྨིན་པའི་རྣམ་པ་ཞིག་འོང་བར་ནན་སྐུལ་བྱས་ཡོད་པ་རེད།

ཟླ་འདིའི་ཚེས་ ༡༥ ཉིན་གནས་ཚུལ་སྤེལ་བ་ལྟར་ན། རེས་གཟའ་མིག་དམར་ཉིན་ཇེ་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་དུས་ ༡༢ པའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་གཙོ་འཛིན་ལྕམ་སྐུ་ནཱ་ཝཱ་ནེ་ཐམ་པི་ལེ་ Navanethem Pillay མཆོག་གིས་འདས་ལོའི་བོད་ནང་གི་དོན་རྐྱེན་དང། ཉེ་ཆར་ཞིན་ཅང་ཟིང་འཁྲུག་ལས་འབྲེལ་ཏེ། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་མི་ཐུབ་པ་དང། མི་རིགས་དབྱེ་འབྱེད་བྱས་པའི་རྐྱེན་གྱིས། དོན་རྐྱེན་དེ་དག་བྱུང་བར་རྒྱལ་ཚོགས་ཀྱི་ངོས་ནས་སྐྱོན་བརྗོད་བྱས་ཡོད་པ་དང། རྒྱ་ནག་གི་དཔོན་རིགས་ཚོས་ངེེས་པར་དུ་རྩ་ཁྲིམས་ལ་བརྩི་སྲུང་དང་ལེན་བྱས་ཏེ། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱེད་དང། ལྷག་པར་གྲངས་ཉུང་མི་རིགས་ཀྱི་དོན་རྐྱེན་དེར་དོན་འབྲས་སྨིན་པའི་རྣམ་པ་ཞིག་འོང་བར་ནན་སྐུལ་བྱས་ཡོད་པ་རེད།

ཡུ་རོབ་དུ་གནས་སྡོད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཚོགས་པའི་ཚོགས་གཙོ་ཚེ་རིང་བྱམས་པས། ལྕམ་སྐུ་ནཱ་ཝཱ་ནེ་ཐམ་པི་ལེ་ཡིས་བོད་ནང་གི་གནས་སྟངས་ཇི་ཙམ་ལྗིད་པོ་དང། ཛ་དྲག་ཡིན་པར་ཤེས་རྟོགས་ཐུབ་པར་བསྔགས་བརྗོད་ཞུ་རྒྱུ་དང། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་ལས་པ་ཚོས་ངེས་པར་དུ་འོས་འགན་འཕར་མ་ཞིག་འཁྱེར་ཏེ། གཞིས་སྡོད་བོད་མི་ཚོས་མྱངས་དང་མྱོང་མུས་ཀྱི་དྲག་སྤྱོད་དེ་དག་གཙང་སེལ་གནང་དགོས་པ་རེད་ཅེས་གསུངས་ཡོད་ཅིང། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཧྥ་རན་སིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་གི་མགྲིན་ཚབ་པ་ཇེན་ཧྥ་རན་ཀོ་ཧྥེ་ཊོ་རི་ལགས་ཀྱིས་རྒྱ་ནག་གཞུང་གིས་མི་རིགས་ཀྱི་དབྱེ་འབྱེད་ཀྱི་ལག་བསྟར་འོག བོད་དང་ཡུ་གུར་བས་མྱོང་བཞིན་པའི་དཀའ་ངལ་མཐའ་དག་དངོས་བདེན་ཡིན་ཞིང། ད་ཐེངས་ལྕམ་སྐུས་བཏོན་གནང་པའི་བོད་དང་ཡུ་གུར་བ་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་དེ། ཧ་ཅང་གི་འདོད་བློ་ཚིམ་པོ་ཞིག་འདུག་ཚུལ་གསུངས་ཡོད་པ་རེད།
ལོ་འདིའི་ཕྱི་ཟླ་ ༧ པའི་ཚེས་ ༢༧ ཉིན་ལྕམ་སྐུས་གསར་འགོད་པ་དང། རྩོམ་པ་པོ་བྷུ་རར་སོ་ལ་ Buhrer Solal གཉིས་པོར་ཡིག་ཐོག་གི་ལམ་ནས་ལན་འདེབས་གནང་དོན། སྤྱིར་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་ཡང། རྒྱ་མིའི་དཔོན་རིགས་ཚོས་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལ་ལས་འགུལ་སྤེལ་དགོས་རྒྱུ་ནི་གལ་འགངས་ཆེན་པོ་རེད།  རྒྱ་ནག་རང་གི་རྩ་ཁྲིམས་སུ་གྲངས་ཉུང་མི་རིགས་སྲུང་སྐྱོབ་དང། རང་སྲིད་རང་སྐྱོང་གི་ཐོབ་ཐང་ཡོད་ཚུལ་བཤད་ཡོད་ཀྱང། དུས་མཚུངས་སུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་སྟེ། ཚབས་ཆེན་གྱི་དྲག་སྤྱོད་སྤེལ་གྱི་ཡོད་ཚུལ་འཁོད་ཡོད་པ་རེད།

རྩོམ་པ་པོ་བྷུ་རར་སོ་ལ་ཡིས་ལྕམ་སྐུའི་བོད་དོན་དང་འབྲེལ་བའི་སྙན་ཐོར་རང་ཉིད་ཀྱི་བསམ་ཚུལ་དང་འབྲེལ་ཏེ་བཤད་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་དུ་བོད་དོན་གྱི་གནས་ཚུལ་གླེང་བརྗོད་བྱ་རྒྱུར་བཀག་འགོག་བྱས་ཡོད་ཚོད་འདུག ཚོགས་མི་མང་པོ་ཞིག་ནི་བོད་དོན་གླེང་སློང་བྱ་རྒྱུར་འཇིགས་སྣང་བྱེད་ཀྱིན་ཡོད་ལ། ད་ཐེངས་ལྕམ་སྐུས་ཀྱང་ཐུགས་གཟབ་ཕྲན་བུའི་ངང་ནས་བོད་དོན་གླེང་ཡོད་ཀྱང། རྩ་བའི་ཆ་ནས་ཡག་པོ་རེད། འདས་པའི་ལོ་གཅིག་གི་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་ཐོག་ཏུ་སྨན་པའི་ལས་གཞི་གང་ཡང་སྤེལ་ཐུབ་མེད། ད་ཆ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་གཙོ་འཛིན་ལྕམ་སྐུ་པི་ལེ་དང། ཁོང་གི་ཕྱག་རོགས་འགས་བོད་དང་རྒྱ་ནག་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་དང་ལག་བསྟར་གོང་མཐོར་གཏོང་རྒྱུར། དངོས་དོན་གྱི་གནས་ཚུལ་ཉམས་ཞིབ་ཀྱིས་ཞབས་འདེགས་ཞུ་རྒྱུའི་དུས་ལ་སླེབས་པར་བསམ་གྱི་འདུག་ལ། མི་རིགས་གཉིས་ཀྱི་ཞི་བདེ་མཐུན་སྒྲིལ་ཡོང་རྒྱུ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འོས་འགན་ཡང་རེད་ཅེས་གསུངས་ཡོད་པ་རེད།

ཇེ་ནི་ཝའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ནག་སྐུ་ཚབ་དོན་གཅོད་པ་ལི་པའོ་དུང་ Li Baodong གིས་འགྲོ་བ་མིིའི་ཐོབ་ཐང་གི་ལྕམ་སྐུ་པི་ལེ་ཡིས་དངོས་དོན་ལ་ཡིད་འཇོག་མ་བྱས་ཚུལ་སྐྱོན་བརྗོད་བྱས་པ་དང་འབྲེལ། ཁོ་བོས་བཤད་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྷན་ཚོགས་ཀྱིས་གཏན་འབེབས་མཛད་པའི་ལྟ་བ་ཕྱོགས་རིས་མེད་པ་དང། ཕྱོགས་སུ་མི་ལྷུང་བའི་རྩ་དོན་ཁག་ལ་འགན་འཁུར་དང་ལེན་དགོས་པ་དང་། ལར་ནས་བོད་དང་ཞིན་ཅང་གི་གྱོད་གཞི་དེ་དག་ཁ་བྲལ་བས་ངན་སྐུལ་བྱས་ཏེ། དྲག་སྤྱོད་ཀྱི་ལས་འགུལ་འདྲ་མིན་སྤེལ་བ་ལས། རྒྱ་ནག་གཞུང་ཕྱོགས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྲིད་བྱུས་མི་འགྲིག་པ་ལས་བྱུང་བ་ཞིག་གཏན་ནས་མིན་ཚུལ་བཤད་ཡོད་པ་རེད།

གང་ལྟར་ཡང། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་མི་དྷར་ལེན་ཊའི་སྐུ་ཞབས་བྷོ་ཌི་ཝིན་གྱིས་ལྕམ་སྐུ་པི་ལེའི་སྙིང་སྟོབས་ལ་བསྔགས་བརྗོད་གནང་ཡོད་པ་དང། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་རྩ་མེད་ཚོགས་ཆུང་ནས་རྒྱ་ནག་གཞུང་ལ། བོད་དང་ཞིན་ཅང་གཉིས་ཀྱི་ཞི་རྒོལ་གྱི་རྒྱུ་རྐྱེན་གཙོ་བོ་གང་ཡིན་རྟོགས་ཞིབ་བྱེད་དགོས་པའི་ནན་སྐུལ་བྱས་པའི་ཉིན་གྱི་བདུན་ཕྲག་གསུམ་གྱི་རྗེས་སུ་ལྕམ་སྐུ་པི་ལེའི་སྙན་ཐོ་དེ་བཏོན་ཡོད་པ་རེད།

མཐའ་མའི་གསུང་བཤད་ཀྱི་ནང་དུ་ཁོ་མོས་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་ལ། ད་ཡོད་འགྲོ་བ་མིའི་ཐོབ་ཐང་མེད་པའི་མི་རིགས་ཁག་ལ་བདེན་ཁ་སྤྲད་དེ། ཁོང་ཚོ་བློ་ཕམ་དུ་མི་འཇུག་རྒྱུར་ནན་སྐུལ་བྱས་ཡོད་པ་དང། འགྲོ་བ་མིའི་ཐོབ་ཐང་བཙན་འཕྲོག་ཟིན་པའི་སྐྱེ་བོ་སུ་ཡིན་ཡང་དེ་འབྲེལ་གྱི་ལྷན་ཚོགས་སུ་འབྲེལ་གཏུགས་བྱས་ཏེ། ཁོང་ཚོའི་ལམ་སྟོན་དང་རྒྱབ་སྐྱོར་བླངས་ཐུབ་པ་དགོས་ཚུལ་གསུངས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

མཆན། 5

  1. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 17 སྔོན།

    མཉམ་འགྲེལ་རྒྱལ་ཚོགས་ནི་མིང་སྐམ་ཙམ་ཡིན་ལ།་་་་་ཁེ་བཟང་དང་དཔལ་འབྱོར་ལ་རྔམས་པ་ལས་དོན་དངོས་ཀྱི་མི་རིགས་ཀྱི་བདེ་སྡུག་ལ་ནམ་ཡང་སེམས་ཁཱུར་ལེན་གྱི་མེད།་་་དེ་ནི་ད་ལྟའི་བོད་མིར་ཁོར་ནར་བལྟས་ན་དེ་ལས་ཤེ་ནུས།

    Reply
  2. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    ད་བར་དུ་མཉམ་འབྲེལ་རྒྱལ་ཚོགས་ཁོ་རང་གི་ནུས་ཤུགས་ལ་བརྟེན་ནས་རྒྱལ་སྤྱིའི་དཀའ་རྙོག་ཅིག་ཐག་བཅད་པ་ཕལ་ཆེར་དཀོན་པོ་རེད།

    དཔེ་བཞག་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནུས་པ་ནི། བོད་ཀྱི་གནད་དོན་འདི་བོད་མི་ཚོའི་རེ་བ་བཞིན་སེལ་ཐབས་སུ་མཉམ་འབྲེལ་རྒྱལ་ཚོགས་ལ་ནུས་པ་ཡོད་པ་མ་རེད། ཡིན་ཡང་། བོད་ཀྱི་གནད་དོན་འདི་རྒྱ་ནག་གི་རེ་བ་བཞིན་ཐག་གཅོད་པ་ལ་མཉམ་འབྲེལ་རྒྱལ་ཚོགས་ལ་ནུས་པ་ཡོད་པ་རེད།

    འདི་ལྟའི་འགལ་བ་ཆེན་པོ་ཞིག་གི་རྐྱེན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ད་ཡོད་ཀྱི་གྲུབ་ཆ་དང་དབང་ཚད་ལ་འགྱུར་བ་གཏོང་དགོས་པར་གླེང་མཁན་མང་པོ་ཡོད་པ་རེད། འོན་ཀྱང་། རྒྱལ་ཁབ་ཁག་ཅིག་གི་ཁ་སྟབས་ལ་གླགས་མ་བརྙེད་པར་ལྷག་ཡོད་པ་རེད།

    Reply
  3. གཡུ་སེང་ཨ says:
    ལོ་ 17 སྔོན།

    མཉམ་འབྲེལ་རྒྱལ་ཚོགས་ལ་ནུས་ཤུགས་འཕར་མ་ཞིག་ཡོད་པ་བདེན་པ་ཡིན་ནམ་གྲོགས་པོ་སུའི་ལན་རྒྱབ་ན་འགྲིག་རེད།ལན་ཞིག་གསུང་རོགས་་་་་་་།

    Reply
  4. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    ལོ་མང་པོ་ཞིག་གི་རྗེས་ལ་གཞི་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱིས་བོད་མི་རིགས་ཀྱི་བདེ་སྡུག་ལ་སེམས་ཁུར་དང་རྒྱ་ནག་ལ་རྣམ་འགྱུར་གསལ་བོ་ཞིག་བསྟན་འདུག་སྙམ།

    Reply
  5. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    མཉམ་འབྲེལ་རྒྱལ་ཚོགས་མིང་ཙམ་མ་གཏོགས་ཉམ་ཆུང་ཞིག་གི་དངོས་ཡོད་ལ་རྒྱབ་རྩ་བྱ་བའི་ནུས་པ་མེད་པ་མཐོང་སོང་། ད་ཡིན་ན་བཀའ་ཁྲིའི་གསུངས་བ་ནང་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱལ་ཁབ་ཁག་ཡིན་ན་མཉམ་འབྲེལ་རྒྱལ་ཚོགས་པོ་ཡིན་ན། རྫ་ཁྲ་རའི་ཕར་ནང་རིག་སོང་འབྲོང་ཡུ་ལི་ཡིན་ཤེས་ཐལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese