མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་གནས་ཁྲིམས་ཞིབ་ཁང་ལ་ལས་ཀ་མི་འདུག

བོད་ཀྱི་དུས་བབ།
༢༠༠༩/༠༩/༡༧
Share on FacebookShare on TwitterShare on EmailShare on Whatsapp

གསར་འགོད་པ། ཨ་རིག་འགྱུར་མེད་ཀྱིས་ལྷོ་ཕྱོགས་ནས་སྤེལ།

སྤྱི་ཚོགས་ནི་དུས་རྒྱུན་ནས་ཉོག་འཛིང་གིས་གྲུབ་པ་ཞིག་ཡིན་ལ། གྱོད་དང་ཁ་མཆུ་ཡང་གཏན་ནས་མེད་པ་ཞིག་ག་ལ་ཡིན། ཡིན་ནའང་། ང་ཚོའི་སྤྱི་ཚོགས་ཁྲོད་མཚམས་རེར་མང་ཚོགས་ལ་བདེ་སྡུག་ཅིག་ཞུ་ས་མི་རག་པར་ལྷག་གི་ཡོད་ལ། ཡང་སྐབས་རེར་བདེ་སྡུག་ཞུ་ས་དང་གྱོད་སྣ་ཁ་མཆུ་གཏུགས་ས་ཚོ་བེད་མེད་དུ་ལྷག་གི་ཡོད། དེ་གཉིས་བར་ན་ནམ་རྒྱུན་ནས་ལྷུ་ལག་ཅིག་བསྒྲིག་མ་ཐུབ་པར་ལུས་ཡོད།

སྦེལ་ ཀོབ་ས་གནས་བོད་ཀྱི་དུས་བབ་ཡན་ལག་ལས་ཁུངས་ཀྱི་མདུན་ངོས་སུ་མེ་སོར་ས་གནས་བོད་ ཀྱི་ཁྲིམས་ཞིབ་ཁང་ཡོད་ལ། དེ་རུ་ཉིན་ལྟར་ལས་བྱེད་བཞི་རེས་ཕྱག་ལས་གནང་གིན་ཡོད། འོན་ཀྱང་། མང་ཚོགས་ཁྲོད་ས་གནས་ཁྲིམས་ཞིབ་ཁང་ནི་སྦེལ་ཀོབ་ཀྱི་ལས་མེད་ལས་ཁུངས་ཤིག་གམ། ཡང་ན་དུས་རྒྱུན་སྒོ་བརྒྱབས་ཡོད་པའི་ལས་ཁུངས་ཤིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། དེ་ཡང་ལོས་ཡིན། ས་གནས་ཁྲིམས་ཞིབ་ཁང་འདི་ཕྱི་ལོ་ ༢༠༠༢ ལོར་གསར་འཛུགས་གནང་བ་དང་། འདིའི་ཁྱབ་ཚད་ནི་ལྷོ་གཞིས་ལྔ་ཡིན་མོད། ས་གནས་ཁྲིམས་ཞིབ་ཁང་འདི་བཙུགས་ནས་ད་བར་གྱོད་གཏུགས་བྱེད་མཁན་ཐེངས་བཞིར་བྱུང་ བ་ནས། གཅིག་ཁྲིམས་བཤེར་བྱས་ཏེ་ཁྲིམས་ཐག་ཆོད་པ་ཙམ་ལས། གཞན་གསུམ་ཁྲིམས་གཏུགས་ཀྱི་ཆ་རྐྱེན་མ་ཚང་བ་དང་། འགྲོ་ལུགས་བསྒྲུབས་མེད་པ་སོགས་ཀྱི་གནས་སྟངས་འོག་དང་ལེན་བྱས་མེད། ཕྱི་ཚེས་ ༡༦ ཉིན་འདི་གའི་གསར་འགོད་པ་ས་གནས་ཁྲིམས་ཞིབ་ལས་ཁུངས་སུ་བསྐྱོད་དེ། ཁྲིམས་ཞིབ་པ་མཚོ་སྣ་གཡུ་ཐོག་ལྷག་པ་ལགས་སུ་ལས་ཁུངས་འདིའི་སྐོར་གྱི་གནས་ཚུལ་ འགའ་བཅར་འདྲི་ཞུས་པར་ཁོང་གིས་གསུངས་དོན། ད་ལྟ་ང་ཚོ་བཙན་བྱོལ་ནང་ཡོད་སྟབས་ཆ་རྐྱེན་སོགས་ཀྱིས་འདང་གི་མ་རེད་མ་གཏོགས། ཁྲིམས་དེབ་ལྟར་ན་ས་གནས་ཁྲིམས་ཞིབ་པ་དང་བསྐོར་སྐྱོད་ཁྲིམས་ཞིབ་པ། ཆེས་མཐོའི་ཁྲིམས་ཞིབ་པ་སོགས་གསུམ་ཡོད་ནའང་། ང་ཚོའི་སྤྱི་ཚོགས་ནང་ས་གནས་ཁྲིམས་ཞིབ་པ་མ་གཏོགས་འཛུགས་ཐུབ་ཡོད་པ་མ་རེད།

༸གོང་ ས་མཆོག་གིས་ག་དུས་ཡིན་ནའང་། སྤྱིར་ས་གནས་སུ་བོད་གཞུང་གི་སྐུ་ཚབ་ས་གནས་མགོ་འཛིན་ཡོད་ནའང་། ཁག་ཅིག་གིས་ས་གནས་མགོ་འཛིན་ལ་ཁྲིམས་གཏུགས་བྱས་ཚེ་ཕྲུ་གུའི་སྐྱོབས་གསོ་དང་ སློབ་ཡོན། ཉམ་ཐག་རོགས་རམ་སོགས་གཅོད་སྲིད་པའི་ཞེད་སྣང་བྱེད་ཀྱིན་ཡོད། དེར་བརྟེན་ཁྲིམས་ཁང་ཞིག་ཡོད་ཚེ་ཁྲིམས་ཁང་དེ་འཛིན་སྐྱོང་བཀའ་ཤག་དང་། སྤྱི་འཐུས་ལྷན་ཁང་སོགས་གཅིག་ལའང་འཁྱོག་མི་དགོས་པར་ཁྲིམས་མགོ་རང་ཐོན་ཞིག་ ཡིན་སྟབས། ཉམ་ཐག་འགྲོ་ཆོག་སའི་ལམ་ཞིག་རེད་ཅེས་གསུང་གི་ཡོད་ལ། དེ་ནི་༸གོང་ས་མཆོག་གི་དགོངས་གཞི་རེད། བཅའ་ཁྲིམས་དང་ཁྲིམས་དེབ་ནང་དུའང་བཟོས་ཡོད་པ་རེད།

དེ་ བཞིན་ང་ཚོའི་སྤྱི་ཚོགས་ནང་བཟའ་མི་ཕན་ཚུན་བར་དང་གྲོང་པ་ཁྱིམ་མཚེས་བར། གྲོགས་པོ་གྲོགས་མོའི་བར་སོགས་ནམ་རྒྱུན་རྩོད་ཉོག་གཏན་ནས་མེད་པ་མིན་ནའང་།  ང་ཚོ་བོད་མི་ཚོའི་གོམས་གཤིས་སུ་ཁྲིམས་ལ་གཏུགས་ཟེར་དུས། རྣམ་རྟོག་ཟོས་ཏེ། དེ་ནི་ཐབས་སྐྱོ་བ་དང་གནས་ཚུལ་ཛ་དྲག་པོ་ཞིག་ཡིན་པའི་ངོས་འཛིན་བྱེད་པ་རེད།

བོད་ མི་ཚོས་ད་ལྟའི་བར་དུ་ཁྲིམས་གཏུགས་བྱེད་ཚུལ་དེ་རྩ་ནས་ཤེས་ཀྱི་ཡོད་པ་མ་རེད། དྲང་མོར་ཞུས་ན་བོད་པའི་སྤྱི་ཚོགས་འདི་ཆབ་སྲིད་གནས་སྟངས་ཐད་སྐྱོ་བོ་ཞེ་དྲག་ རེད། དཔེར་ན་ད་ལྟའི་བོད་མི་ཚོས་བཙན་བྱོད་གཞུང་ཟེར་དུས། དེའི་ངོ་བོ་གང་ཡིན་པ་དང་དེའི་ནང་དུ་ནང་སྲིད་ལས་ཁུངས་དང་ཤེས་རིག་ལས་ཁུངས། ཆོས་དོན་ལས་ཁུངས་སོགས་ནང་གསེས་སྡེ་ཙན་གང་དག་ཡོད་མེད་ཤེས་ཀྱི་མེད་པར། གཞུང་ཟེར་དུས་སྡེ་ཚན་གཅིག་རང་ཡིན་པར་ངོས་འཛིན་བྱེད་མཁན་ཡོད།

དེ་ མིན་ཁྲིམས་གཏུགས་བྱེད་པར་ཆ་རྐྱེན་མང་བོ་ཚང་དགོས་པ་རེད། གྲོགས་པོ་ནང་ཁུལ་དང་སྤྱི་མི། གཞིས་མགོ་སོགས་ཀྱིས་འདུམ་སྒྲིག་ཐད་བྱ་ཐབས་ཅི་ཡོད་བྱས་ཏེ། དེ་ནས་ཐག་གཅོད་མ་བྱུང་ཚེ་ཁྲིམས་གཏུགས་བྱེད་དགོས་པ་ལས། ཐད་ཀར་ཁྲིམས་གཏུགས་བྱས་ཚེ་ལེན་གི་ཡོད་པ་མ་རེད།

སྤྱིར་ ཁྲིམས་ཞིབ་ཁང་གིས་གོ་སྒྲིག་བྱས་ཏེ་མང་ཚོགས་ཁྲོད་ཟབ་སྦྱོང་མང་བོ་སྤྲད་ཡོད་ ནའང་། བོད་མིའི་གོམས་གཤིས་ནང་ཟབ་སྦྱོང་སྤྲོད་ས་དང་བཀའ་སློབ་ལམ་སྟོན་གནང་སར་ཡོང་ མཁན་དཀོན་པོ་རེད། དེ་ལས་ཕ་གི་ཞིག་ཏུ་གཞས་སྣ་འཁྲབ་སྟོན་བྱེད་ཀྱིན་འདུག རྩེད་མོ་འགྲན་བསྡུར་བྱེད་ཀྱིན་འདུག ལྷོ་མོ་འཁྲབ་ཀྱིན་འདུག་ཟེར་དུས་མང་བོ་ཞིག་འཛོམས་གི་ཡོད་པ་རེད། དེར་བརྟེན་གཞུང་ངོས་ནས་ཟབ་སྦྱོང་སྤྲད་ནའང་མང་ཚོགས་ཀྱིས་ཤེས་རྟོགས་གོང་འཕེལ་ དུ་འགྲོ་ཐུབ་ཀྱི་མེད་པ་རེད་ཅེས་ས་གནས་ཁྲིམས་ཞིབ་ཁང་དུ་ཁྲིམས་གཏུགས་བྱེད་ མཁན་ཡོང་གི་མེད་པའི་རྒྱུ་རྐྱེན་ནི་སྤྱི་ཚོགས་ཁྲོད་ཉོག་དྲ་མེད་པས་མིན་པར་ བོད་མི་ཚོའི་གོམས་གཤིས་དང་། ཤེས་ཡོན་གྱི་གནས་ཚད་དམའ་བས་ཡིན་སྐོར་གསུངས་ཡོད། དེ་བཞིན་ཁོང་ལ་མང་ཚོགས་ཁྲོད་ས་གནས་ཁྲིམས་ཞིབ་ཁང་ནི་ལས་མེད་ལས་ཁུངས་ཤིག་རེད་ ཟེར་མཁན་ཡོང་གི་ཡོད་ལ། དོན་ལའང་ནམ་རྒྱུན་ཁྲིམས་གཏུགས་བྱེད་མཁན་མེད་སྟབས། ད་ལྟའི་ཆར་ལས་མེད་ལས་ཁུངས་ཤིག་གི་ངོ་བོར་ཡོད་པ་རེད། འདིའི་ཐད་དུ་གཟིགས་སྟངས་གང་འདྲ་ཡོད་ཅེས་བཀའ་འདྲི་ཞུས་པར་ཁོང་གིས་གསུངས་དོན།
སྐད་ ཆ་དེ་བདེན་པ་རེད། ང་འདིར་མ་སླེབས་སྔོན་དུ་ངས་ཀྱང་གོ་མྱོང་། ཁྲིམས་ཞིབ་ཁང་ག་དུས་ཡིན་ནའང་སྒོ་བརྒྱབས་བརྒྱབས་པ་རེད་ཟེར་མཁན་ཡོང་གི་འདུག སྤྱིར་མང་གཙོ་ཟེར་བ་འདིའི་ནང་དུ་ག་རེ་བཤད་ནའང་འགྲིག་གི་ཡོད་པ་རེད། ཤར་ནུབ་རེད་ཟེར་བ་དང་ནུབ་ཤར་རེད་ཟེར་ནའང་ཆོག་གི་རེད། མང་གཙོ་རེད། བཤད་ཆོག་གི་མ་རེད་ཟེར་བ་ཞིག་མང་གཙོའི་ཚིག་གི་ནང་དུ་ཡོད་པ་མ་རེད། ཡིན་ནའང་། ང་ཚོའི་བོད་མི་ཚོས་གནད་འགག་དང་དགོས་དབང་དེ་རྩ་བ་ཉིད་ནས་ཤེས་རྟོགས་ཐུབ་ཀྱི་ ཡོད་པ་རེད། ཁྲིམས་ཞིབ་ཁང་སྒོ་བརྒྱབས་ཡོད་ཚེ་ཁག་ཡོད་པ་མ་རེད། ང་ཚོ་འགྲོ་ས་མི་འདུག་ཟེར་ས་ཡོད་པ་རེད། འོན་ཀྱང་ཁྲིམས་ཞིབ་ཁང་ཆུ་ཚོད་ཉེར་བཞིར་སྒོ་ཕྱེས་ཡོད་པ་ལྟ་བུ་རེད་མོད། ཁྲིམས་ཞིབ་པ་དང་ཁྲིམས་དྲུང་སྤྱི་ཚོགས་ནང་ཕར་ཁྲིམས་རྩོད་བྱེད་ས་འཚལ་དུ་འགྲོ་ གི་མ་རེད། དེ་ནི་མང་གཙོ་ཚད་ལྡན་གྱི་སྤྱི་ཚོགས་ནང་དུའང་དེ་ལྟར་རེད། ཚུར་མ་ཡོང་ན་གང་ཡང་བྱེད་ཀྱིན་ཡོད་པ་མ་རེད། གལ་སྲིད་ཁྲིམས་ལ་གཏུགས་ན་ཁྲིམས་ཞིབ་ཁང་སྒོ་འབྱེད་འབྱེད་པ་རེད། ཅེས་གསུངས་ཡོད།

འདིའི་ དཔེ་མཚོན་བཟང་ཤོས་ནི་སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་གཞིས་གྲོང་ལྔ་བའི་ས་ཞིང་རྩོད་ཉོག་གི་ཉོག་དྲ་དེ་ཡིན་ལ། རྩོད་ཉོག་དེ་ནི་གཞིས་མགོ་སྐབས་གསུམ་རིང་ཐག་གཅོད་མ་བྱུང་བ་མ་ཟད། ད་ལྟའང་ས་གནས་མགོ་འཛིན་གྱིས་ཐག་གཅོད་ཅི་བྱས་ལ་འདོད་བློ་ཁེངས་ཀི་མེད་སྐོར་ཉེ་ཆར་བོད་ཀྱི་དུས་བབ་དྲ་ཤོག་དང་བོད་ཀྱི་བང་ཆེན་གཉིས་སུ་བཀོད་ཡོད།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 2

  1. སྒོམ་སྡེ་དོན་གྲུབ་རྒྱལ་མཚན། says:
    ལོ་ 17 སྔོན།

    ཁྲིམས་ཞིབ་ཁང་ལ་ལས་ཀ་མེད་པ་དེ་ལ་གནས་ཚུལ་གཞན་མེད་པ་མ་རེད་དམ། སྤྱི་ཚོགས་ནི་སྙཽགས་འཛིན་ཆེ་བའི་རང་བཞིན་ཞིག་རེད། ཁྲིམས་ཁང་ནིརྒྱ་མ་ལྟུ་བུ་རེད་ཀྱང་རྒྱ་ཤིང་ཐད་ལྕི་ཡང་ཤོར་ན་ག་ལེར་རྒྱ་མ་བེད་མེད་འགྲོ་བ་ནི་སྨོས་མེད་རེད། དེ་གའི་ས་གནས་ཀྱི་ཁྲིམས་ཞིབ་ཁང་གིས་ལས་དོན་སྒྲུབ་ཕྱོགས་ངས་མི་ཤེས་ཀྱང་ལས་མེད་དུ་ཆགས་འགྲོ་བ་དེར་བསམ་བློ་ཞིག་གཏོང་རྒྱུ་ཡོད་པ་རེད། ཕྱོགས་གཅིག་ནས་བཤད་ན་ས་གནས་གང་ནས་ཁྲིམས་ཁང་ལས་མེད་དུ་ཆགས་ན་ས་གནས་དེར་སྤྱི་ཚོགས་བརྟན་ལྷིང་ཡོད་པའི་རྟགས་མ་རེད་དམ།

    Reply
  2. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    ས་གནས་ཕར་ཞོག ཆེས་མཐོའི་ཁྲིམས་ཞིབ་ཁང་དུའང་བྲེལ་བ་མི་འདུག

    རྒྱ་གར་གྱི་ཤན་ཤུགས་ཞེ་བསམ་པས་ཐེབས་ཡོད་པ་འདྲ། རྒྱ་གར་ནང་དུ་ད་ལྟ་ཁྲིམས་བཤེར་འགྲོ་མ་ཐུབ་པར་ལྷག་པའི་གྱོད་གཞི་ Pending cases ག་ཚོད་འདུག་ཤེས་སོང་ངམ། ཕལ་ཆེར་འཛམ་གླིང་གི་ཨང་དང་པོ་ཡིན་རྒྱུ་རེད།

    ཕྱོགས་གཞན་ནས་བཤད་ན། རྒྱ་ནག་ལས་ཡག་གི་རེད། རྒྱ་ནག་ན་ཁྲིམས་ཐོག་ལ་འབོད་མ་ཐུབ་མཁན་དང་ཡོང་མ་ཐུབ་མཁན་ག་ཚོད་ཡོད་ཀྱི་རེད།

    ཁ་ཉིན་ཧུའུ་ཅིན་ཐོ་ཡི་བུ་ཡི་ལྐོག་ཟ་རུལ་སུངས་ཀྱི་སྐོར་ཞིག་ཕྱི་ཕྱོགས་ནས་གླེང་རུང་མཐའ་མར་གྲགས་འགུལ་མི་འདུག འདི་དཔེ་མཚོན་ཙམ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese