མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་ཉིལ་གྱི་གོད་ཆག

བོད་ཀྱི་དུས་བབ།
༢༠༠༩/༠༩/༢༤
Share on FacebookShare on TwitterShare on EmailShare on Whatsapp

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྐ་གསར་སྡེ་བར་ས་ཉིལ་གྱི་གོད་ཆག་བྱུང་སྟེ། མི་གཅིག་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་མི་མང་པོ་ཞིག་ལ་རྨས་སྐྱོན་ཕོག་ཡོད་འདུག

ཕྱི་ཚེས་ ༢༣ ཉིན་འབྲེལ་ཡོད་མི་སྣ་ཞིག་གིས་འདི་གའི་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཚེས་ ༡༤ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༨ པ་ཡས་མས་སུ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཉེ་འགྲམ་ན་ཡོད་པའི་རྐ་གསར་སྡེ་བའི་རྒྱབ་རི་རྟ་འགྱིང་ཞེས་པ་དེར་ཆར་བ་ཤུགས་ཆེན་བབ་པར་རྐྱེན་བྱས་ཏེ་ས་ཉིལ་གྱི་གོད་ཆག་བྱུང་ཡོད་འདུག་ལ། ས་ཉིལ་གྱི་གོད་ཆག་དེ་རྐ་གསར་དགོན་པ་དང་སྡེ་བའི་བར་དཀྱིལ་དུ་བྱུང་བར་བརྟེན་རྐ་གསར་དགོན་པའི་རང་ལོ་ ༢༣  ཡིན་པའི་གྲྭ་ནོར་བུ་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་། དེར་ཡོད་གནས་སྡོད་བོད་མི་ཁ་ཤས་ལ་རྨས་སྐྱོན་ཕོག་ཡོད་འདུག   དེ་བཞིན། གོད་ཆག་འདིས་དགོན་པའི་གྲྭ་ཤག་ ༡༠ ལྷག་ས་འོག་ཏུ་མནན་ཡོད་འདུག  ད་ལྟའི་ཆར་རྐ་གསར་སྡེ་བའི་སྡེ་མི་ཡོངས་རང་སྡེ་ནས་འདུག་ཐབས་མེད་པར་གནས་སྤོར་གྱིས་སྡེ་བའི་ཉེ་འདབས་ཀྱི་ཐང་སྟོང་ཞིག་ཏུ་སྦྲ་གུར་ནང་གནས་སྡོད་བྱས་ཡོད་འདུག 

དེ་བཞིན་འབྲེལ་ཡོད་མི་སྣས་བརྗོད་དོན། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས་གནས་ཚུལ་བསྒྲགས་པ་ལྟར་ན། ཐེངས་འདིའི་གོད་ཆག་ཁྲོད་རྐ་གསར་སྡེ་བའི་ས་ཞིང་དང་ཁང་པ། ཤིང་སྡོང་སོགས་ས་འོག་ཏུ་མནན་ཡོད་པ་དེ་དག་ལ་རྒྱ་སྒོར་ས་ཡ་ ༡ ལྷག་གི་གྱོང་གུད་ཐེབས་ཡོད་ཚུལ་བརྗོད་ཀྱིན་ཡོད་ཀྱང་། འབྲེལ་ཡོད་མི་སྣས་ཐད་ཀར་ས་གནས་ས་ཐོག་ཏུ་འབྲེལ་བ་བྱས་ཏེ་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་བའི་ཆ་ནས་བཟུང་རྨ་ལྷོ་ཁུལ་གྱི་རྒྱ་གཞུང་འབྲེལ་ཡོད་མི་སྣས།  དོན་རྐྱེན་འདི་ལ་རྐྱེན་བྱས་ཏེ་རྒྱ་ནག་ནང་ཁུལ་དང་བོད་ཁུལ་གྱི་ས་ཆ་གང་མང་ལ་ཞལ་འདེབས་སློང་གིན་ཡོད་འདུག་ལ།  ཞལ་འདེབས་ཀྱི་མ་དངུལ་དེ་ད་ལྟའི་ཆར་ཡང་གནོད་འཚེ་ཐེབས་ཡུལ་གྱི་མི་མང་ལ་རག་གིན་མེད་པའི་གནས་སྟངས་ཆགས་ཡོད་པ་དང་།  ས་གནས་མི་མང་གིས་དེ་ནི་རྒྱ་ནག་གཞུང་གི་གཡོ་ཇུས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱིན་འདུག ཅེས་བརྗོད་བྱུང་ལ།   ད་ལྟའི་ཆར་སྡེ་མི་ཡོངས་ཀྱིས་འདི་ལོ་འདི་ལྟ་བུའི་རང་བྱུང་གི་གོད་ཆག་ཆེན་པོ་ཞིག་བྱུང་ཡོད་པ་དང་། ལོ་རྗེས་མར་ཡང་བསྐྱར་འདི་ལྟ་བུའི་གོད་ཆག་འབྱུང་སྲིད་སྟབས། དགོན་པ་དང་སྡེ་མི་ཡོངས་གྲོས་བསྡུར་བྱས་ཏེ། འདི་ལོ་ས་གཞན་ཞིག་ཏུ་གནས་སྤོར་བྱེད་མི་ཐུབ་ཀྱང་ལོ་རྗེས་མར་ས་གཞན་ཞིག་ཏུ་གནས་སྤོར་བྱ་དགོས་པའི་ཐད་ལ་གླེང་སློང་ཤུགས་ཆེར་བྱེད་ཀྱིན་འདུག་ལ། ད་ལྟའི་ཆར་སྡེ་མི་ཡོངས་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷག་འདུག ཅེས་བརྗོད་བྱུང་།  

ཐེངས་འདིའི་ས་ཉིལ་གྱི་གོད་ཆག་བྱུང་སྟེ་ཉིན་གྲངས་ ༡༠ ཕྱིན་ཡོད་ཀྱང་། ད་ལྟའི་ཆར་ཡང་ཉིན་ལྟར་ས་ཉིལ་འབྱུང་བཞིན་ཡོད་འདུག་ལ། ཁོང་ཚོ་མ་མཐར་ཡང་ཟླ་གཉིས་ལྷག་གི་རིང་ལ་སྡེ་འདབས་ཀྱི་སྦྲ་གུར་ནས་འཚོ་བ་བསྐྱལ་དགོས་ཚུལ་བརྗོད་བྱུང།

འབྲེལ་ཡོད་གསར་འགྱུར།

Front Slider

༧རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཐུགས་དགོངས་དང་དེའི་གལ་གནད་སྐོར་ལ་གླེང་མོལ།

༢༠༢༥/༠༧/༢༦
Mobile App

དྷ་ས་ཁུལ་གྱི་ཁང་རྙིང་དག་ལ་ཀ་བ་ཡོད་མེད་སོགས་ཞིབ་འཇུག་གནང་གལ་ཆེ་སྐོར་བརྗོད་སོང་།

༢༠༢༥/༠༧/༢༥
༧གོང་ས་མཆོག་ནས་ཟངས་དཀར་དུ་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་སྩལ།༢༠༢༥།༠༧།༢༥ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

བོད་ནང་དུས་ལོག་བྱུང་སྐབས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་བྱས་པར་ཧ་ཅང་ཕན་ཐོགས་བྱུང་ཞེས་གསུངས།

༢༠༢༥/༠༧/༢༥
དྲ་འབུས་སིམ་འཛུལ་བྱས་པའི་བོད་ཀྱི་ཐེབས་རྩའི་དྲ་རྒྱ།
Mobile App

གོ་སྟོན་སྐབས་མཉེན་ཆས་རྫུན་མ་བཟོས་ཏེ་བཙན་བྱོལ་བོད་མིར་འཇབ་རྒོལ་བྱས་ཡོད།

༢༠༢༥/༠༧/༢༥
Newcastle Lord Mayor Ross Kerridge and Chinese Consul General Wang Yu.
Mobile App

རྒྱ་ནག་གཞུང་ཚབ་པས་གནས་མཁར་གསར་གྱི་བོད་མི་དང་ཐའེ་ཝན་གྱི་མི་མང་ལ་རོགས་རམ་གནང་རྒྱུ་མེད་པའི་ངན་སྐུལ་བྱས།

༢༠༢༥/༠༧/༢༥
Mobile App

བོད་མི་མང་སྤྱི་འཐུས་ཁག་ཅིག་ཞུ་གཏུག་བྱས་པའི་གནད་དོན་ཐོག་གསར་འགོད་གསལ་བསྒྲགས་བྱས་སོང་།

༢༠༢༥/༠༧/༢༥

མཆན། 7

  1. གཅེན་པོ། says:
    ལོ་ 16 སྔོན།

    གདུང་སེམས་མཉམ་བསྐྱེད་ཞུ་བ་ལས་བྱ་ཐབས་གཞན་མི་བརྙེད།

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    འབྱུང་བ་འདི་དག་གིས་ཀྱང་བོད་ལ་ཐུབ་ཚོད་ཅིག་གཏོང་གི་འདུག་ནོ་ད་ཅི་རེད། རྒྱའི་བོད་ལ་སྡུག་པོ་བཏང་། ད་ཡང་འབྱུང་བའི་གནོད་ཚབ་མི་ཉུང་བ་ཞིག་བོད་ཁུལ་གང་སར་སླེབས་པ་འདི་ཅི་རེད།

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    དངོས་ནས་དུས་བབ་ཚང་གི་ཁྲིམས་དཔོན་བཟོད་རྒྱམ་ལགས་འདིས་གཅིག་ཀྱང་ཤོར་དུ་འཇུག་གི་མི་འདུག དངོས་ནས་ཧ་ལས་པ་ཞིག་རེད། མི་ཟེར་ན་འདི་འདྲ་ཞིག་དགོས་ཚོད་རེད།

    Reply
  4. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    སྒོར་མོ་སྟོང་གཅིག་དང་ཉིས་བརྒྱ་སྤྲད་པ་ཡིན་ལྟ་བུ་ཟེར་ན་ལས། ཉིས་བརྒྱ་དང་སྟོང་གཅིག་སྤྲད་པ་ཡིན་མི་ཟེར་བ་མ་མིན་ནམ།

    Reply
  5. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    འོ་ན་བྱེ་བ་དང་ས་ཡ་ད་དུང་བཅོས་མེད་པ་ཅི་རེད། ང་ནོར་སོང་བ་ཨེ་རེད།ཧ་ཧ་

    Reply
  6. དོན་གོ says:
    ལོ་ 16 སྔོན།

    ཨ་རོགས་བཟོད་པ། ཁྱོད་ང་ཚོ་དུས་བབ་ལ་མེད་དུ་མི་རུང་བའི་ཀློག་མཁན་གྱི་གྲས་སུ་གདམས་ཡོད་ལ། དུས་ནས་དུས་སུ་ནོར་འཁྲུལ་དང་སྐྱོོན་ཐེར་འདོན་བྱས་པར་དགའ་བསུ་ཞུ་བ་ཡིན། ཧ་ཧ་ཧ་་་་་་་་་་ཁྱེད་ཀྱི་དོ་སྣང་གནང་པར་བཀའ་དྲིན་ཆེ།

    Reply
  7. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    རྩོམ་སྒྲིག་པས་ད་གཞི་ནས་བཀོད་བྱུང་། ཐུགས་རྗེ་ཆེ་ཞུ། འོན་ཀྱང་རྩོམ་སྒྲིག་པ་ལགས། ངས་གསར་འགྱུར་ལས་གོ་ཐོས་ལྟར་ན་རྒྱ་སྒོར་བྱེ་བ་གསུམ་དང་ས་ཡ་གཅིག་ལྷག་གི་གྱོང་གུད་ཐེབས་སྐོར་བཤད་སོང་། ང་ཚོའི་རྩི་ཚུལ་ལའང་ས་ཡའི་རྗེས་སུ་བྱེ་བ་ཟེར་ལ། ས་ཡ་ལས་བྱེ་བ་ཟེར་བ་འདི་གྲངས་ཀ་མང་བ་རེད། དེ་བས་བྱེ་བ་གསུམ་དང་ས་ཡ་གཅིག་ལྷག་ཟེར་དགོས་པ་ཡིན་ཐག་ཆོད་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese