མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙོན་ནང་གི་བཙུན་མ།

བོད་ཀྱི་དུས་བབ།
༢༠༠༩/༡༠/༡༣
Share on FacebookShare on TwitterShare on EmailShare on Whatsapp

 

 

འབྲེལ་ཡོད་ནས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་དོན་ལྟར་ན། ༢༠༠༩ ཟླ་ ༣ ཚེས་ ༢༤ ཉིན་དཀར་མཛེས་ས་ཁུལ་གྱི་བོད་མི་ཚོས་མི་རིགས་དང་རྒྱ་ཁབ་ཀྱི་དོན་དུ་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་སྐབས། ཏྲེ་ཧོར་གྱི་བཙུན་མ་དབྱངས་སྐྱིད་སྒྲོལ་མ་དང་བཙུན་མ་བསོད་ནམས་དབྱངས་ཅན་གཉིས་ཀྱིས་གཅེས་པའི་ལུས་སྲོག་ལ་མ་འཛེམས་པར་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་བུད་དེ། ངོ་རྒོལ་སྐད་འབོད་ཤུགས་ཆེན་བྱས་ཡོད་པ་དང་། སྐབས་དེར་ཁོང་གཉིས་ཀྱིས་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་བརྟན་པ་དང་བོད་ནང་གདན་འདྲེན་གང་མྱུར་ཞུ་དགོས། བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་མི་འདུག ཅེས་འབོད་ཚིག་སྒྲོག་བཞིན་བོད་རང་བཙན་གྱི་ཡིག་ཆ་གཏོར་འགྲེམ་བྱས་སྐབས། དྲག་ཆས་མཚོན་ཆ་ཐོགས་པའི་རྒྱ་དམག་ ༥༠ ལྷག་ཡོང་སྟེ་ཉེས་རྡུང་ཚབས་ཆེན་གཏོང་བཞིན་རླངས་འཁོར་ནང་བཅུག་སྟེ་བཙན་ཁྲིད་བྱས་ཡོད་འདུག དེའི་རྗེས་ཉེན་རྟོག་པའི་རླངས་འཁོར་ཞིག་ཁོང་གི་ཁྱིམ་དུ་ཕྱིན་ཏེ། ༧གོང་ས་མཆོག་གི་སྐུ་པར་འཕྲོག་འཁྱེར་བྱས་ཡོད་པ་མ་ཟད། ངོ་ལོག་པ་དང་རྒྱལ་ཁབ་ཁ་བྲལ་གཏོང་མཁན། ཞེས་ནང་མི་ཚོར་འཇིགས་སྐུལ་བྱས་ཡོད་འདུག

 

ཟླ་ ༣ ཚེས་ ༢༥ ཉིན་གྱི་སྔ་དྲོ་ཡང་བསྐྱར་རྒྱ་དམག་གི་རླངས་འཁོར་གཉིས་ཡོང་སྟེ། སྤུན་མཆེད་ཚངས་དབྱངས་རྒྱ་མཚོ་ལ་འཕྲལ་དུ་དཀར་མཛེས་རྫོང་སྲིད་གཞུང་ལ་ཡོང་དགོས་པའི་བཙན་བཀའ་བཏང་ཡོད་པ་དང་། དེའི་རྗེས་དཀར་མཛེས་རྫོང་སྨན་སུང་གདོང་བཙོན་ཁང་གསར་པའི་ནང་། འདྲི་རྩད་བྱས་ཏེ་ལུས་ལ་ཆུ་ཚ་བོ་གཤོ་བ་སོགས་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་སྟེ། དམྱལ་བ་མི་ཡུལ་ནས་མྱངས་པ་ལྟ་བུའི་བསྡུག་བསྔལ་འོག ཟླ་བ་བཞིའི་རིང་དཀར་མཛེས་བཙོན་ཁང་ནང་བཞག་ཡོད་པ་དང་། ཉེ་ལམ་ཕྱི་ཟླ་ ༧ ནང་དཀར་མཛེས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་ཁྲིད་ཡོད་ཀྱང་། ད་སྔ་ཁོང་གཉིས་ལ་ཁྲིམས་ཐག་བཅད་ཡོད་མི་འདུག

ཧོར་མི་གྲོང་པའི་བཙུན་མ་དབྱངས་སྐྱིད་སྒྲོལ་མ་ལགས་ཀྱི་ཕའི་མིང་ལ་དགེ་འདུན་དར་རྒྱས་དང་མའི་མིང་ལ་པདྨ་མཁའ་འགྲོ་ཟེར་ཞིང་། རྒྱ་མཁའ་གྲོང་པའི་བཙུན་མ་བསོད་ནམས་དབྱངས་ཅན་ལགས་ཀྱི་ཕའི་མིང་ལ་བྱམས་པ་རྒྱ་མཚོ་དང་། མའི་མིང་ལ་གཡུ་སྒྲོན་ལྷ་མོ་ཞུ་བཞིན་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༡ སྔོན་ལ།
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡

མཆན། 9

  1. བསེ་རུ། says:
    ལོ་ 17 སྔོན།

    ཐོག་རྒོད་ལགས།
    ༸གོང་ས་མཆོག་གི་བཀའ་རྩོམ་འདིར་དྲངས་པ་ཤིན་ཏུ་མད་ཀྱང་།
    དག་སྡེབ་ཉམས་སུ་བཅུག་ན། ཕན་པ་ལས་གནོད་པ་ཆེ་བས་དེ་དོན་ཐུགས་གཟབ་གནང་རོགས།།

    Reply
  2. ཐོག་རྒོད། says:
    ལོ་ 17 སྔོན།

    མདོར་ན་བསྟན་འཛིན་ཆབ་སྲིད་རང་རིགས་སླད།།
    གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་ནས།།
    དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས།།
    གྲུ་འཛིན་མགོན་དེས་ཐུགས་རྗེས་སུ་བཟུང་དུ་གསོལ།།

    Reply
  3. ཐོག་རྒོད། says:
    ལོ་ 17 སྔོན།

    རང་ནས་ཡིད་ལ་མནག་པའི་འདོད་པའི་དོན།།
    ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ།།
    ལྷུན་གྲུབ་ཆོས་སྲིད་ཟུང་འབྲེལ་དགའ་སྟོན་ལ།།
    སྤྱོད་པའི་སྐལ་བཟང་མྱུར་བ་ཉིད་དུ་སྩོལ།།

    Reply
  4. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    སྨྲ་ཤེས་གོ་བ་ལོན་པའི་ལས་ཅན་ཡང་།།
    བདེན་པ་བཤད་དབང་མེད་པའི་ལས་ངན་མ།།
    ཁྲག་རྒྱུད་གཅིག་པའི་དཔའ་མོ་ཁྱེད་གཉིས་ཀྱི།།
    སྙན་གྲགས་ཇོ་མོ་གླང་མའི་རྩེ་ན་འཕྱོ།།

    Reply
  5. ནད་པ says:
    ལོ་ 17 སྔོན།

    གངས་ཅན་ཞིང་གི་ཆོས་སྲིད་བྱ་བའི་གདུགས། །འདེགས་པའི་སྲིད་ཞུར་གཏོགས་པའི་སྐྱེ་བོ་ཀུན། །ལྷག་བསམ་རྣམ་དཔྱོད་དཔུང་པ་རབ་བརྟན་ཅིང་། །སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུང་ཤོག །

    Reply
  6. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    བདེན་པའི་ང་རོ་སྒྲོག་པ་ཉེས་པར་བརྩི།།
    མི་རིགས་ལ་རྒྱ་གླེང་མཁན་དགྲ་རུ་བལྟ།།
    བོད་ཀྱི་མི་རིགས་བཤད་དུས་ཁ་བྲལ་ཟེར།།
    འདི་དག་རྫོགས་པའི་དུས་ཤིག་ཅི་ལྟར་རྙེད།།

    Reply
  7. གྲགས་པ་རྒྱ་མཚོ། says:
    ལོ་ 17 སྔོན།

    རྒྱ་ནག་གིས་མདུང་རྩེ་གཏོད་ས་གཙོ་བོ་བོད་པའི་གྲྭ་པ་དང་བཙུན་མ་རྣམས་ཡིན། དེ་དག་གིས་མི་རིགས་ཅུང་ཟད་ཕན་པ་བཏགས་པ་ཤེས་པས་ཡིན།

    Reply
  8. དབང་ལྡན་མཚོ་མོ། says:
    ལོ་ 17 སྔོན།

    འདི་དག་བདེན་པ་ཡིན་ན་ངོ་ནས་བཟོད་ལྷག་བྲེལ།

    Reply
  9. བསེ་རུ། says:
    ལོ་ 17 སྔོན།

    དལ་འབྱོར་ལུས་རྟེན་གཤིན་རྗེའི་གྲོང་ཁྱེར་ན།།
    མནར་གཅོད་གདུག་རྩུབ་འོག་ཏུ་གྱར་བ་འདི།།
    བདེན་དོན་བླ་སྲོག་འཚོལ་བའི་སྙིང་སྟོབས་དང་།།
    ལོ་རྒྱུས་རྨ་ཁ་བཅོས་པའི་ལྷ་རྗེ་ཡིན།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese