ཟླ་འདིའི་ཚེས་མགོ་ནས་བཟུང་ལྷ་ས་གྲོང་ཁྱེར་གྱི་ཁོངས་སུ་འདུས་པའི་སྟག་རྩེ་རྫོང་དང་། སྟོད་ལུང་བདེ་ཆེན་རྫོང་། འཕན་པོ་ལྷུན་འགྲུབ་རྫོང་། མལ་དྲོ་གུང་དཀར་རྫོང་། ཆུ་ཤུར་རྫོང་སོགས་སུ་རྒྱ་ནག་གིས་མི་འབོར་ཞིབ་བཤེར་བྱེད་ཀྱིན་ཡོད་འདུག
གོང་གི་རྫོང་དང་ཤང་སོགས་སུ་བོད་རིགས་གནས་སྡོད་བྱེད་སའི་གྲོང་ཚོ་གཅིག་གི་ནང་རྒྱ་ནག་གི་འབྲེལ་ཡོད་མི་སྣ་ལྔ་དྲུག་ཅིག་ཡོང་ནས་བོད་ཀྱི་མི་འབོར་ཞིབ་བཤེར་བྱེད་ཀྱིན་ཡོད་པ་དང་། ཁོང་ཚོས་མི་འབོར་ལེན་སྐབས་དྲི་བ་འདི་ལྟར་འདོན་བཞིན་ཡོད་འདུག་ཟེར།
ཁྱེད་ཚང་ལ་མི་ག་ཚོད་ཡོད། ད་སྐབས་མི་དེ་དག་གིས་ལས་ཀ་གང་དུ་བྱེད་ཀྱིན་ཡོད། ཁྱེད་ཚང་ཕྱི་རྒྱལ་ཁག་དང་ལྷག་པར་དུ་རྒྱ་གར་ལ་འབྲེལ་བ་ཡོད་དམ་མེད། གལ་སྲིད་ཡོད་ན་རྗེས་མར་འབྲེལ་བ་མུ་མཐུད་དུ་བྱེད་ཀྱི་ཡིན་ནམ་མིན། ནང་མི་རྒྱ་གར་དུ་ཡོད་མེད་སོགས་འདྲི་གིན་འདུག་ཟེར། ད་དུང་བོད་རིགས་བུད་མེད་ཚོའི་ཁྱོ་ཀ་རྒྱ་མི་ཡིན་ན། དེའི་སྡོད་མིང་འཛིན་བྱང་གི་ཨང་གྲངས་དང་། ཁ་པར་ཨང་གྲངས་སོགས་དགོས་ཀྱི་འདུག་ཟེར།
ཁྱིམ་ཐོའི་ནང་ཡོད་པའི་མི་ཚང་མ་གར་ཡོད་བདེན་དཔང་གསལ་བོ་བཤད་རྒྱུ་མེད་ན་མི་དེ་ཁྱིམ་ཚང་གི་ཁྱིམ་ཐོ་ལས་ཕྱིར་འབུད་གཏོང་རྒྱུ་ཡིན་ལུགས་ཀྱི་ཁྱབ་བསྒྲགས་ཀྱང་བྱས་ཡོད་འདུག
གུས་པར་མཚོན་ན་ཧ་ཅང་གི་སྟབས་མ་ལེགས་པ་ཞིག་རེད་ལ་གནས་ཚུལ་དེས་རྐྱེན་ནས་རྒྱ་གར་དུ་ཡོད་པའི་བོད་པའི་སློབ་ཕྲུག་མང་པོ་ཞིག་ལ་དཀའ་ངལ་འཕར་མ་ཞིག་འཕྲད་རྒྱུ་ཡིན་པ་སྨོས་མེད་རེད།།་་གནས་ཚུལ་ངན་པ་ཞིག་མི་ཡོང་བའི་སྨོན་ལམ་ཡང་ཡང་ཞུ།།
དེ་ནི་རྒྱ་གར་ལ་ཡོད་པའི་བོད་མི་རྣམས་ལ་གནོད་ཤུགས་ཀྱི་ལས་འགུལ་ཞིག་རེད་ལ་།
དེ་མཚུངས་ནང་མི་ལ་ཡང་སྡིག་ར་བྱེད་པར་ངེས།
མ་ཚད་རྗེས་སུ་ཡང་རྒྱ་གར་ལ་སྐྱབས་གཅོལ་འགྲོ་རྒྱུ་ཉུང་དུ་གཏང་ཐབས་ཀྱི་ལས་འགུལ་ཞིག་རེད་། །
འདིར་ཡོད་གཞུང་དམངས་གཉིས་ཀ་གོ་མེད་ཚོར་མེད་དུ་མ་སྡོད་པར་ལས་འགུལ་
ནུས་ཤུགས་ཆེ་རུ་གཏང་དགོས་ཀྱི་འདུག །
དེང་གི་ཆར་བོད་ནང་དུ་ཛ་དྲག་ཆག་འདུག།
ཨ་ཡོ་ཡོ་་་ད་ཡིན་ན་རྒྱ་མི་དེ་ཚོས་དམྱལ་པ་མི་ཡུལ་དུ་བསྒྱུར་ས་རེད།
ཧ་ཧ་ཧ་ ད་རྒྱ་མི་དེ་ཚོ་གང་དྲན་གྱི་ཡོད་ན་ ཤེས་ཀྱི་མི་འདུག་ ཡིན་ཡང་ཕྱོགས་མང་པོ་ནས་བསམ་བློ་ཞིག་གཏང་དགོས་པ་འདུག་སྙམ།
ཡང་རྒྱ་དཔོན་དེ་དག་གིས་ཐབས་བྱུས་གཞན་ཞིག་གི་ཐོག་ནས་ཉེས་མེད་བོད་རིགས་རྣམས་ལ་དཀའ་ངལ་གསར་པ་ཞིག་བཟོ་བཞིན་འདུག ཅ་མ་ཟིང་། དེ་དག་གིས་ལས་ངན་གསོག་སྟངས་ལ་ལྟར་ན། ད་ཚོད་ང་ཚོའི་སྔོན་བསགས་ལས་ངན་འདག་དགོས་ངེས་ཡིན། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། གཞིས་བཞུགས་བོད་མི་རྣམས་ལ་དཀའ་ངལ་མ་འཕྲད་པར་ཤོག
དངོས་ནས་དྲང་གནས་ཀྱི་རྒྱ་འདི་བ་ཚང་གིས་གཏན་ནས་འདུག་གི་འཇུག་ས་མེད་ཀི གཅིག་མིན་ན་གཅིག་ནས་སྣེ་ཞིག་འདྲུད་དེ་འོང་ནས། བོད་ནང་གི་བོད་མི་དག་ལ་སེམས་ཁ་དཀྲུགས་ཀྱིན་འདུག འདི་ནི་གཏན་ནས་ཡག་རྟགས་ཤིག་གང་ལ་ཡིན། དངོས་ནས་བོད་ནང་གི་བོད་མི་དག་གིས་གཟབ་རན་སྔ་ས་ནས་ཡིན་མོད། ད་དུང་། དེ་ལས་ཀྱང་མ་གཟབ་ན་རང་གི་ནང་མི་དག་གི་ཆེད་དུ་རང་ཡང་བཙོན་དུ་འཇུག་མི་སྲིད་པ་མ་རེད།
བོད་མི་ཡོད་དོ་ཅོག་རྒྱ་ནག་སྲིད་གཞུང་གིས་ཆབ་སྲིད་བཙོན་པའི་རྭ་བར་བཙུད་ཚར། མདོར་ན་བོད་མི་རྣམས་བཙོན་པ་རང་རེད་དོ། ཕྱི་ལ་ཡར་རྒྱས་ཀྱི་རྣམ་པ་བཟང་པོ་དངོས་གནས་ཡོད་ཀྱང་། དོན་དམ་དུ་བཟང་བཙོན་ལ་བཞག་ཚར། ད་ཡིན་ན་ངུ་དགོས་སམ། དགོད་དགོས་སམ། བཤད་དགོས་སམ། འཁྲུགས་དགོས་སམ། དེ་མིན་ན་བཟོད་པ་བསྒོམས་དགོས་སམ། ཡང་ན་ཤེས་ཀྱང་མ་ཤེས་མདོག་ལྟར་བྱ་དགོས་སམ།
ཡག་པོ་འདུག་ངས་བཀླགས་ཟིན།
རྒྱ་གར་ན་ཡོད་ནི་ཚོ་ཕ་ཡུལ་དུ་ལོག་ས་མེད་པ་བཟོ་བའི་དམིགས་ཡུལ་ཡིན་ནམ་ཡང་ན་ནང་མི་མ་ཚང་བའི་གནས་ཚུལ་ཡོད་རིགས་ལ་ཉེས་ཆད་གཅོད་རྒྱུའི་རྣབ་སེམས་ཡིན་གང་ཤེས་རྒྱ་འདྲེ་དེ་ཚོས།
དེ་དྲང་པོ་ཡོང་བའི་རེ་བ་དཀའ།