ད་ལོའི་གསུམ་བཅུའི་དུས་དྲན་ཉིན་ནས་བཟུང་ཉིན་གསུམ་རིང་སྡེ་དགེ་འཇོ་མདའ་རྫོང༌། མཁར་སྒང་ཤང༌། ལྷོ་བོ་སྟོད་མའི་གྲོང་སྡེ་ཁག་བཞིས་ ༢༠༠༨ ལོར་བསད་རྨས་བཟུང་གསུམ་སོང་བའི་བོད་རིགས་སྤུན་ཟླ་རྣམས་ཀྱི་མྱ་ངན་མཚོན་ཆེད། ནོར་ལུག་རྣམས་ལ་ཞིང་ཁའི་ལོ་ཏོག་བཟའ་རུ་བཅུག་ཅིང༌། མཐའ་ན་སྔོ་ཚལ་རིགས་ཀྱང་རྩ་མེད་བྱས་ཡོད་འདུག་ལ། དེའི་རྗེས་ཉེ་ཁོར་གྱི་གྲོང་སྡེ་རྣམས་ཀྱིས་ཀྱང་དེ་བཞིན་བྱས་ཡོད་འདུག ཉེ་ཆར་གྲོང་སྡེ་ཁག་བཞི་ལ་རྒྱ་གཞུང་གིས་སྣུམ་འཁོར་སྤྲད་པ་མ་བླངས་པའི་ཁར། ན་གཞོན་ཁག་ཅིག་གིས་མི་འདོད་པའི་རྣམ་འགྱུར་འདྲ་མིན་བསྟན་ཡོད་སྟབས། ཟླ་འདིའི་ནང་རྒྱ་དམག་དང་ཉེན་རྟོག་པ་མང་པོ་ཡོང་ནས་བོད་མི་ན་གཞོན་ ༨ འཛིན་བཟུང་བྱས་ཡོད་འདུག་ལ། ཁོང་རྣམས་ནི། རི་མགོ་དགོན་པའི་རང་ལོ་ ༢༥ ཡིན་པའི་བླ་མ་དཔལ་ཆེན་དབང་རྒྱལ་དང་རང་ལོ་ ༡༩ ཡིན་པའི་བླ་མ་དཔལ་ཆེན་གྱི་སྤུན་མཆེད་སྐལ་བཟང་རྒྱལ་མཚན། རང་ལོ་ ༣༡ ཡིན་པའི་བུ་ཆོས་དགའ། རང་ལོ་ ༢༥ ཡིན་པའི་བསྟན་པ་རྣམ་རྒྱལ། རང་ལོ་ ༢༠ ཡིན་པའི་བསྟན་པ་རྣམ་རྒྱལ་གྱི་སྤུན་མཆེད་ཐུབ་བསྟན་རྣམ་རྒྱལ། རང་ལོ་ ༡༧ ཡིན་པའི་རི་མགོ་དགོན་པའི་ཨོ་རྒྱན་བསོད་ནམས། རང་ལོ་ ༢༦ ཡིན་པའི་དཔལ་འབྱོར། རང་ལོ་ ༢༡ ཡིན་པའི་ཐུབ་བསྟན་བཅས་ཡིན།
འཛིན་བཟུང་བྱས་པ་རྣམས་ལས་སྐལ་བཟང་རྒྱལ་མཚན་དང༌། ཐུབ་བསྟན། ཨོ་རྒྱན་བསོད་ནམས་གསུམ་གློད་བཀྲོལ་བཏང་ཡོད་འདུག་ཀྱང་། བཀག་ཉར་སྐབས་ཉེས་བརྡུང་ཚབས་ཆེན་བཏང་བར་བརྟེན་སྐལ་བཟང་རྒྱལ་མཚན་དང༌། ཐུབ་བསྟན་གཉིས་ཉིན་ཤས་རིང་སྨན་ཁང་ནས་སྡོད་དགོས་བྱུང་ཡོད་འདུག བཀག་ཉར་བྱས་པ་རྣམས་ལ་རྒྱ་གཞུང་གིས་ཁྱོད་ཚོའི་ལས་འགུལ་དེ་དག་ལ་ངན་བསྐུལ་བྱེད་མཁན་སུ་ཡིན་དང༌། འགོ་གཙོ་སུ་ཡིན། རྒྱབ་རྩར་སུ་ཡོད་སོགས་བཤད་དགོས་བའི་ཚ་འདྲི་བྱས་ཡོད་འདུག གཞན་ཡང་དམག་མི་དང་ལས་བྱེད་པས་ཡུལ་མི་རྣམས་ལ་དམ་དྲག་ཤུགས་ཆེན་བྱས་དང་བྱེད་མུས་ཡིན་སྟབས། ཁོང་ཚོས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་གསར་འགྱུར་བརྒྱུད་ལམ་ཁག་ནས་འཛིན་བཟུང་བཀག་ཉར་དུ་ཚུད་པ་རྣམས་གློད་བཀྲོལ་ཡོང་ཐབས་དང༌། བོད་མི་རྣམས་ལ་རྡུང་རྡེག་དྲག་གནོན་མི་ཡོང་བའི་སྐྱབས་འཇུག་གནང་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད་འདུག ཅེས་བོད་མི་མང་སྤྱི་འཐུས་ཆབ་སྲིད་སྡེ་ཚན་ནས་མཁོ་སྤྲོད་བྱས།
ངེས་དོན་གྱི་དཔའ་རྒོད་དངོས་གནས་ཁོ་ཚོ་རེད། ག་དུས་ཡིན་ན་རྗེས་སུ་ཡིད་རངས་ཞུ་གཞིན་ཡོད།
རང་བཙན་གྱི་ལམ་དུ་བསྐྱོད་དགོས།
སྡེ་དགེའི་ཕྱོགས་ནས་སེམས་ཤུགས་ཆེན་པོས་རྒྱུན་འཐུད་ཀྱིས་ལས་འགུལ་ཡ་མཚན་པོ་སྤེལ་བཞིན་པ་ནི་དངོས་དོན་རེད།
ཁོང་ཚོས་ན་ནིང་གི་ཆོལ་གསུམ་ཆིག་བསྒྲིལ་གྱི་ལས་ཡ་ལངས་ཛ་དྲག་ཅན་དེ་ཁུ་སིམ་པོ་ཞིག་གིས་ཡལ་མ་བཅུག་པ་ད་རུང་ཡང་རྒྱ་གཞུང་ལ་ངོ་རྒོལ་ཕྱོགས་ཡོངས་ནས་བྱེད་བཞིན་སྡད་ཡོད།
འདིའི་མུ་འཐུད་ནས་འགྲོ་བཞིན་པའི་ང་རྒོལ་འདི་འཛམ་གླིང་གི་ཁྱོན་ལ་བདེན་དོན་ར་སྤྲོད་ཀྱི་རམས་འདེགས་ཧ་ཅང་གལ་ཆེན་ཞིག་ཆགས་ཀྱིན་ཡོད་ལ།
བོད་མི་སྤྱི་བྱིངས་ལའང་བོད་མི་ངོ་འཕྲོད་བཅུག་པ་དང་།
བོད་མི་རྒན་དར་བྱིས་གསུམ་ལ་བོད་ཀྱི་གནས་སྟངས་དེ་གང་འདྲ་ཡིན་མིན་རྡོ་རིང་བཞིན་སེམས་ངོར་བསླངས་ནས་
ནམ་ཡང་དྲན་བསྐུལ་རེའང་བྱེད་བཞིན་ཡོད།
དེ་ལས་ཀྱང་ང་ཚོ་རང་དབང་ལུང་བའི་བོད་མི་ཚོ་ལ་ཁོང་ཚཽའི་ངོ་རྒོལ་འདིས་ཆ་འཕྲིན་ནམ།
གདུང་ཤུགས་ཀྱི་ཚ་འབོད་ཆེན་པོ་རེ་བྱེད་བཞིན་པའང་ཤེས་དགོས།
དེར་བརྟེན་ཁོང་ཚཽའི་གནས་སྟངས་ངོ་སྤྲོད་ཆེད་དང་
ཁོང་ཚཽ་ལ་གདུང་སེམས་མཉམ་བསྐྱེད་མཚཽན་ཆེད་དུ་
ད་རུང་བོད་མིའི་དཀའ་སྡུག་འདི་གོ་རྟོགས་འཕེལ་བ་སོགས་ལ་དམིགས་ནས་
རང་དབང་ལུང་བའི་བོད་མི་ཚོས་ལས་འགུལ་ཞིག་སྤེལ་ཐུབ་དགོས་པ་ནི་གལ་ཆེན་མཐོང་གི་འདུག
ལས་འགུལ་རེ་སྤེལ་དང་
རང་དབང་གིས་འཚོ་བའི་བོད་པ་
ཁོང་ཚོའི་ཆེད་དུ་
གཞིས་ལུས་པ་
རྒྱ་ཆེའི་མི་དམངས་ཀྱི་
དཀའ་སྡུག་སྟོང་གི་དོན་དུ་
གཞུང་འབྲེལ་མིན་པའི་ཚོགས་ཁག
བཙན་བྱོལ་ནང་གི་བོད་གཞུང་་་་་་་་་་
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད༎
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ༎
དཀའ་བ་བརྒྱ་ཕྲག་བསྒྲུབས་པའི་སྐྱེ་བོ་རྣམས༎
གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད༎
ང་ཚོ་དུས་ཇི་སྲིད་བར་འདི་ལྟའི་ཐུབ་ཚོད་འོག་འདུག་དགོས་སམ།
http://www.youtube.com/watch?v=8cKLwtEZzlA&feature=related
འབྲེལ་ཐག་འདི་ལ་ཚང་མས་གཟིགས་རོགས་ཞུ།