རྒྱ་གཞུང་གིས་གནོན་ཤུགས་སྤྲད་པར་བརྟེན་བྷང་ལ་ཌེ་ཤི་རུ་བོད་ཀྱི་དཔར་རིས་འགྲེམས་སྟོན་ཞིག་ལ་འགོག་སྡོམ་བྱས་ཡོད་འདུག
ཕྱི་ཚེས་ ༣ ཉིན་གསར་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། བྷང་ལ་ཌེ་ཤི་རྒྱལ་ས་ཌ་ཀའི་ནང་ཡོད་པའི་ཌི་རིག་དཔར་རིས་འགྲེམས་སྟོན་ཁང་དང་ཡུལ་དེའི་ནང་ཡོད་པའི་ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག་ཌི་རིག་དཔར་རིས་འགྲེམས་སྟོན་ཁང་དུ་བཙན་བྱོལ་དུ་བོད་མིའི་གནས་སྟངས་སྐོར་གྱི་པར་རིས་འགྲེམས་སྟོན་ཞིག་ཚེས་ ༡ ཉིན་མགོ་འཛུགས་གནང་རྒྱུ་བྱས་ཡོད་ཀྱང་། ཕྱི་ཟླ་ ༡༠ པའི་ཚེས་ ༣༡ ཉིན་ངྷང་ལ་ཌེ་ཤིའི་ཉེན་རྟོག་པས་འགྲེམས་སྟོན་དེ་ཕྱིར་འཐེན་བྱ་དགོས་སྐོར་བརྗོད་ཡོད་པ་དང་། ཕྱི་ཚེས་ ༡ ཉིན་ས་གནས་ཉེན་རྟོག་པས་འགྲེམས་སྟོན་ཁང་ལ་སྒོ་ཐེལ་བརྒྱབས་ཏེ་པར་རིས་འགྲེམས་སྟོན་བྱ་མི་ཆོག་པར་བཟོས་ཡོད་སྟབས། ཐེངས་འདིའི་གོ་སྒྲིག་གནང་མཁན་ཚོས་པར་རིས་དེ་དག་འགྲེམས་སྟོན་ཁང་གི་མདུན་གྱི་ལམ་འགྲམ་དུ་འགྲེམས་སྟོན་བྱས་ཡོད་འདུག
གནད་དོན་འདིའི་ཐད་ཧྥ་རན་སི་གསར་ཁང་གིས། བྷང་ལ་ཌེ་ཤིའི་ཕྱི་སྲིད་ལྷན་ཁང་ལ་འདྲི་བརྩད་བྱས་པར་ལྷན་ཁང་དེའི་མགྲིན་ཚབ་པ་མོ་ཧ་མ་རྡ་ཨིམ་རན་གྱིས། བྷང་ལ་ཌེ་ཤིའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཆེན་མོས་ཁ་པར་བརྒྱུད་ང་ཚོའི་ཕྱི་སྲིད་དྲུང་ཆེར་འགྲེམས་སྟོན་འདིའི་སྐོར་བློ་འཚབ་ཡོད་ལུགས་གསུང་ཡོད་སྟབས། ང་ཚོ་གཞུང་ངོས་ནས་འགྲེམས་སྟོན་དེར་བཀག་འགོག་བྱས་པ་ཡིན་ཅེས་གསུངས་འདུག་པ་མ་ཟད། འགྲེམས་སྟོན་གོ་སྒྲིག་གནང་མཁན་སྐུ་ཞབས་ཤ་ཧི་རྡལ་ཨ་ལམ་གྱིས་ཀྱང་པར་རིས་འགྲེམས་སྟོན་དེ་སྟོན་མ་བཅུག་པར་བཟོ་བའི་རྒྱུ་རྐྱེན་རྒྱ་ནག་གི་གནོན་ཤུགས་ལས་བྱུང་བ་གསལ་བོ་ཡིན་ཚུལ་དང་། འདིའི་སྔོན་ཙམ་ལ་རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་འགས་ཁོང་ལ་འགྲེམས་སྟོན་ཕྱིར་འཐེན་བྱ་དགོས་པའི་ཉེ་བརྡ་བཏང་ཡོད་ཚུལ་བརྗོད་ཡོད་པ་རེད།
རེད་ལགས། ཡིན་ན་ཡང་ཆབ་སྲིད་ཀྱི་རྩོམ་ཡིག་འབྲི་དུས་ཚིག་རྒྱན་བེད་སྤྱོད་མི་གཏོང་བར་དོན་དག་རྡོག་རྡོག་དེ་འབྲི་དགོས་པའི་གནས་ལུགས་དེ་ཡང་འདོར་མི་ཉན་ཡ།
ཁ་བ་དཀར་པོ་ལགས། ང་ཚོ་བོད་ཁ་བཅན་གྱི་བོད་མི་ས་ཡ་དྲུག་གིས་ལོ་ངོ་ཉི་ཤུའི་རྗེས་ལ་༸ གོང་ས་མཆོག་དགོངས་པ་ཞི་དབྱིངས་སུ་འཐིམ་རྒྱུར་ལྟ་བཞིན་སྒུག་ནས་བསྡད་མེད།
དེའི་ཐད་ལ་བལྟས་ནས་སྡོད་མཁན་ནི་རྒྱ་ནག་གི་སྲིད་དབང་གཅིག་སྡུད་རང་ལུགས་པ་ཚོ་རེད་ཡ།
༸ གོང་ས་མཆོག་གྲོངས་འགྲོ་གི་རེད་ཟེར་བའི་ཚིག་ཚབ་ཏུ་བོད་སྐད་ནང། སྐུ་གཤེགས་པ། དགོངས་པ་གཞན་དོན་དུ་གཤེགས་པ། ཞིང་དུ་ཕེབས་པ། དགོངས་པ་ཆོས་དབྱིངས་སུ་ཐིམ་པ། དགོངས་པ་རྫོགས་པ། སྐུ་མྱ་ངན་ལས་འདས་པ་སོགས་ཀྱི་མཚོན་མིང་ཚིག་གཞན་ཞིག་བེད་སྤྱད་རྒྱུ་ཡོད།
དེས་བོད་ཀྱི་སྐད་ཡིག་འདི་ཕྱུག་པོ་གཅིག་ཡིན་པ་མཚོན་ཐུབ་པས་ཕྱིས་འབྱུང་དགོངས་པ་ཟབ་མོ་བཞེད་དགོས།
ང་ཚོ་ལ་རྒྱ་ནག་གི་རྐང་འོག་ནས་ཤི་ལམ་མ་གཏོགས་འགྲོ་ས་ཅང་ཡོད་ནི་མ་རེད། ལོ་བཅུ་ཉི་ཤུའི་རྗེས་གོང་ས་མཆོག་གྲོངས་འགྲོ་གི་རེད་ལ། དེ་ནས་ང་ཚོ་ཚང་མ་ཤི་འགྲོ་གི་རེད། མི་བདེན་བསམས་ན་ལྟོས་ཨ།
བྷང་ལ་ཌེ་ཤིའི་ནང་གི་བོད་དོན་བཤད་ན་སེམས་ན་གི་རེད། འགྲེམ་སྟོན་འདིའི་སྔོན་ལ་རྙོག་དྲ་མང་པོ་བྱུང་བའི་ཁྲོད་ཀྱི་གཅིག་ནི། ཟིན་བྲིས་པ་སྐོར་ཞིག་ལ་ཉེན་བརྡ་བཏང་བའི་སྐོར་རེད། རྒྱ་ནག་གིས་བྷང་ལ་ཌེ་ཤི་གཞུང་ལ་སོགས་པའི་ཡུལ་ལུང་མང་པོ་ཞིག་ལ་ཡར་ཀླུང་གཙང་པོའི་ཐོག་ནས་འཇིགས་སྐུལ་བྱས་ཏེ་ཁ་གྲག་རྒྱུ་མེད་པ་བཟོས་འདུག ཨ་རུ་ན་ཅལ་ཡང་འཇིགས་སྐུལ་འདིའི་འོག་ན་ཡོད་པ་རེད། བོད་འདི་རྒྱ་ལག་ལ་ཤོར་མི་རུང་བའི་གནས་ལུགས་མང་པོ་ཞིག་ཇེ་གསལ་ལ་འགྲོ་གིན་ཡོད་པ་རེད།
པར་རིགས།
པར་ཁང་།
པར་སྐྲུན།
པར་རྒྱག
པར་ཆས།
པར་སློག
པར་འདེབས་སོགས་པར་འདི་བྲིས་ན་དག་པར་མཐོང་ཞིང་།
པར་ཁང་ནས་དཔར།
པར་སྐྲུན་ཁང་གིས་དཔར།
པར་པས་དཔར་སོགས་ལ་དཔར་བྲིས་ན་དོན་ལ་གནས་པར་སེམས།
ཞིབ་དཔྱད་ཡོད་པ་ཞུ།
ད་ང་ཚོས་རྒྱ་ནག་ལ་དམག་རྒྱག་རན་ཡོད།
ང་ཚོའི་དམག་དཔོན་སྟག་བྲག་གང་དུ་ཡོད་ཀྱང་ད་སྐ་གཏང་རན་འདུག
རྒྱལ་ཁབ་མི་ལ་བཙོང་ཚར་ཡང་ཚུར་ལེན་དགོས་པ་རེད།
ང་ཚོ་ག་ལ་ཕྱིན་ན་རྒྱ་མི་དེས་བདེ་པོ་ཞིག་དང་སྐྱིད་པོ་ཞིག་གཏན་ནས་འཇོག་གི་མི་འདུག་་་་་་་་བོད་པ་ཚོར་ཡར་ལངས་རིན་འདུག