མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡར་རྒྱས་མེད་པའི་ཕ་ཡུལ།

བོད་ཀྱི་དུས་བབ།
༢༠༠༩/༡༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

ངའི་ཕ་ཡུལ་དིང་རི་ལ་ཡར་རྒྱས་ཅི་ཡང་བྱུང་མེད། ཕ་ཡུལ་འཛུགས་སྐྲུན་བྱ་བར་མཐུན་རྐྱེན་མེད་པའི་ཁར། རང་དབང་ཡང་ཡོད་པ་མ་རེད་ཟེར།

ཕྱི་ཚེས་ ༢༣ ཉིན་འདི་གའི་གསར་འགོད་པས་ཉེ་ཆར་བོད་ནས་གསར་དུ་འབྱོར་ཞིང་ཕ་ཡུལ་དིང་རི་དང་རང་ལོ་ ༤༠ ཡིན་པའི་ཉི་མ་དང་རང་ལོ་ ༣༢ ཡིན་པའི་པ་སངས་ལགས་གཉིས་ལ་རྒྱ་གཞུང་གིས་བཤད་པ་བཞིན་བོད་ནང་དང་ལྷག་པར་དུ་དིང་རི་ས་ཁུལ་གྱི་འཚོ་བའི་གནས་སྟངས་ལ་འགྱུར་བ་གང་འདྲ་ཞིག་བྱུང་ཡོད་མེད་བཅར་འདྲི་བྱས་པར། ཉི་མ་༼གསང་མིང་༽ལགས་ཀྱིས་བརྗོད་དོན། ང་རང་སྔོན་མ་ཕྱི་ཕྱོགས་སུ་འགྲོ་མྱོང་མེད། རང་ཡུལ་ནས་ཞིང་གྲོང་གི་འཚོ་བ་རོལ་མཁན་ཞིག་ཡིན། དེ་ལྟར་ཡང་། སེམས་ཁོང་གི་རེ་འདུན་དང་སྨོན་ལམ་ཉག་ཅིག་གཏད་སའི་སྐྱབས་མགོན་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུ་ཆེད། ད་ལོ་མ་འོངས་པར་མཇུག་འབྲས་ཅི་འབྱུང་ལ་མ་ལྟོས་པར་འདིར་ཡོང་བ་ཡིན། ང་ལ་མཚོན་ན་ནང་མི་ ༥ ཡོད་ལ། ས་ཞིང་མུའུ་ ༡༠ ཡོད། ས་ཞིང་དེའི་སྟེང་ལོ་གཅིག་ལ་འབྲུ་རིགས་རྒྱ་མ་ ༡༥༠༠ ལྷག་ལས་ཡོང་གི་མེད་ཅིང། དེས་མི་ལྔའི་ལོ་གཅིག་གི་ཁ་ཟས་འདང་དགོས་པ་མ་ཟད། འབྲུ་རིགས་རྒྱ་མ་ ༧༠༠ ལྷག་ལོ་རྗེས་མའི་ས་བོན་ལ་གསོག་འཇོག་བྱ་དགོས་པ་རེད། དེ་འདྲ་ཡིན་དུས་ཟ་འབྲུ་དེ་གཅིག་པུས་ང་ཚོའི་འཚོ་བ་འཁྱོལ་དཀའ་བས་ང་རང་ཉེ་འགྲམ་གྱི་རྫོང་དང་ཞང་གི་ས་ཁུལ་དག་ཏུ་སོང་སྟེ་ཞོར་ལས་ཏོག་ཙམ་བྱས་ཏེ་ནང་མིའི་ཁ་གསོ་ཐབས་བྱེད་ཀྱིན་ཡོད། ཅེས་དང་། ཡང་ཁོང་གིས། ད་ལྟ་རྒྱ་མིས་ང་ཚོའི་མི་མང་གི་འཚོ་བ་ཡར་རྒྱས་ཕྱིན་པའི་གནས་ཚུལ་གང་སར་ཁྱབ་བསྒྲགས་བྱེད་ཀྱིན་ཡོད་ཀྱང་། དེ་ཚོ་ཁྱབ་བསྒྲགས་ཁོ་ན་ལས་དངོས་ཡོད་གནས་ཚུལ་མ་རེད་ལ། ང་ཚོའི་ཕ་ཡུལ་དུ་ད་ལྟ་ཡང་གློག་དང་སྡོད་ཁང་། ཟ་མ་མི་འདང་བ་སོགས་ཀྱི་དཀའ་ངལ་དེ་རྒྱུན་ལྡན་གྱི་དཀའ་ངལ་ཆགས་ཡོད། གལ་སྲིད། ང་ཚོར་རང་ཉིད་ཀྱི་འཚོ་བ་དང་དཔལ་འབྱོར་སོགས་ཡར་རྒྱས་གཏོང་རྒྱུའི་རེ་བ་དང་དམིགས་ཡུལ་ཡོད་ཀྱང་རང་གི་འདོད་བློ་བཞིན་སྒྲུབ་ཆོག་པའི་རང་དབང་དང་མཐུན་རྐྱེན་ཡོད་པ་མ་རེད། ཅེས་བརྗོད་བྱུང།

དེ་བཞིན། པ་སངས་༼གསང་མིང་༽ལགས་ཀྱིས་བརྗོད་དོན།  ང་ཡང་གནས་སྟངས་གཅིག་མཚུངས་འདིའི་འོག་འཚར་ལོངས་བྱུང་བ་ཡིན་ལ། ང་ཚོའི་དམིགས་ཡུལ་ནི་ང་ཚོར་ཕོ་བ་འགྲེང་ཙམ་ལས་མེད་ཀྱང་སེམས་པ་སྐྱིད་པོ་ཞིག་ཡོང་རྒྱུ་དེ་ཡིན། ཡིན་ནའང། ང་ཚོ་ནི་རང་དབང་མེད་པའི་རྒྱལ་ཁབ་ཅིག་གི་མི་ཡིན་པ་དང་། རང་གི་རྩ་བའི་བླ་མ་ཡང་གཞན་ཡུལ་ཏུ་གྱར་དགོས་པའི་གནས་སྟངས་སོགས་ཀྱིས། ང་ཚོར་བདེ་བ་དང་སྐྱིད་པའི་དུས་ཤིག་ནམ་ཡང་ཤར་མ་མྱོང་། ང་ཚོས་སྒྲུབ་ཐུབ་པ་ནི་བོད་ལ་རང་བཙན་ཐོབ་ཆེད་སྨོན་ལམ་དང་༧གོང་ས་མཆོག་ལ་རེ་བ་བཅངས་ཡོད་པ་དེ་རེད། ཅེས་དང་བརྗོད་བྱུང་ལ། ཡང་ཁོང་གིས། རྒྱ་གཞུང་གིས་ང་ཚོ་བོད་མི་རྒན་པ་ཚོ་འདིར་ཡོང་བར་དམིགས་བསལ་གྱི་དཀའ་ལས་དེ་འདྲ་སྤྲད་མྱོང་མེད་ནའང་། ད་ལྟ་ཕྲུ་གུ་རྒྱ་གར་ཏུ་གཏོང་བར་དངུལ་གྱི་ཆད་པ་གཅོད་ཀྱིན་འདུག་ལ། གལ་སྲིད་ཕྲུ་གུ་གཅིག་འདིར་བཏང་བ་ཤེས་རྟོགས་བྱུང་ཚེ་རྒྱ་སྒོར་ ༤༠༠༠ ལྷག་གི་ཆད་པ་གཅོད་ཀྱིན་ཡོད་པ་དང་། ཕ་ཡུལ་དུ་ཡོད་པའི་ཕྲུ་གུ་ཚོར་ཡི་གེ་ཤེས་མིིན་དང་ཡར་རྒྱས་འགྲོ་མིན། ཁྱིམ་ཚང་གི་དཀའ་ངལ་སོགས་ལ་མི་བལྟ་བར་སློབ་གྲྭར་གཏོང་དགོས་པའི་བཙན་བཀའ་གཏོང་གིན་ཡོད་པ་དང་། སློབ་གྲྭའི་ནང་རྒྱ་ཡིག་གཙོ་བོར་བཟུང་སྟབས་སློབ་མ་མང་ཆེ་བས་བོད་ཡིག་གི་འབྲི་ཀློག་མི་ཤེས་པའི་ཚད་དུ་སླེབས་ཡོད་ཀྱང་། རང་ཉིད་ལ་ཤེས་ཡོན་གྱི་རྨང་གཞི་ཅི་ཡང་མེད་སྟབས། བུ་ཕྲུག་དག་གི་མདུན་ལམ་དང་མི་རིགས་རང་ལ་ཡོད་པའི་རིག་གནས་དང་གོམས་གཤིས་སོགས་ཉམས་འགྲོ་བ་སོགས་ལ་དམིགས་ཏེ། ཕྱིར་ཕ་ཡུལ་ཏུ་ལོག་རྗེས་རྒྱ་ནག་གི་གནོན་ཤུགས་དང་ཆད་པ་སོགས་ཅི་ཡོང་ལ་མ་ལྟོས་བར་ངས་རང་གི་བུ་འདིར་བསྐྱལ་རྒྱུ་ཡིན། ཅེས་བརྗོད་བྱུང་།

ཉི་མ་དང་པ་སངས་གཉིས་ནི་བོད་ལྗོངས་དིང་རི་ས་ཁུལ་ནས་ཡིན་ཞིང་། ཉེ་ཆར་བོད་ནས་གསར་དུ་འབྱོར་རྗེས་༧གོང་ས་མཆོག་ལ་མཇལ་ཁ་ཞུ་རྒྱུ་རེ་བ་ཆེན་པོ་བཅངས་ཡོད་འདུག ༧གོང་ས་མཆོག་ལ་མཇལ་ཁ་ཞུས་རྗེས་ཕྱིར་རང་ཡུལ་དུ་ལོག་འཆར་ཡོད་ཚུལ་ཡང་གསར་འགོད་པར་འགྲེལ་བརྗོད་གནང་བྱུང།

འབྲེལ་ཡོད་གསར་འགྱུར།

Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༡ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡

མཆན། 4

  1. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    http://www.voanews.com/tibetan/video.cfm སྤུན་ཟླ་ཚོ། འབྲེལ་ཐག་འདི་ལ་གཟིགས་རྒྱུ་མ་བརྗེད་ཅིག་ལགས།

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    འདྲ་མཉམ་མེད་པ། རང་ས་ནས་ལས་མེད་དུ་གྱུར་བ། རང་ས་ནས་རང་དབང་མེད་པ་སོགས་ཀྱི་དཀའ་ངལ་གྲངས་ཀྱི་མི་ལོངས་པ་ཞིག་ཡོད་པ་ནི། བོད་ནས་ཡོང་མཁན་གྱི་བོད་མི་བསམ་ཡོད་སུས་ཡིན་ཡང་ཤེས་ངེས་ཡིན་དུས། འུ་ཅག་གིས་ཨ་ཁ་དང་ཅི་དྲག་ཟེར་བ་ཙམ་གྱིས་མི་ཕན་པར། དེ་དག་བོད་ནང་དུ་ཕྱིར་ལོག་རྒྱུ་ཡིན་དུས། བོད་ཡུལ་ནས་བོད་རང་གི་བྱེད་ཐུབ་པའི་ལས་གཞི་དག་ངོ་སྤྲོད་གང་ཙམ་བྱེད་རྒྱུ་དེ་ནི་དྲི་བ་གཏོང་བ་ལས་ཀྱང་གལ་ཆེན་པོ་ཆགས་ཡོད་པ་རེད།

    Reply
  3. མེ་སྟག says:
    ལོ་ 16 སྔོན།

    ཁོང་གཉིས་ཀྱི་ཕ་ཡུལ་ལ་ཡར་རྒྱས་མེད་པ་དངོས་ཡོད་རེད་ལ་ད་དུང་བོད་ཀྱི་ས་ཁུལ་མང་བོ་ཞིག་འདི་འདྲ་ཡིན་པའི་དངོས་སྤངས་ཡོད་རེད་
    ཨ་ཁ་འདི་དྲན་དུས་ངོ་མ་ཡིད་ཐང་འདྲ་ཆད་ཡོང་གི ད་དུང་གཞིས་ལུས་ཀྱི་སྤུན་ཟླ་ཅི་འདྲ་མང་བོའི་ཚེ་སྲོག་དང་ལྟོར་ཕོར་གྱི་རང་བཟོ་ཤོར་བཞིན་ཡོད་ཨང་

    Reply
  4. བདེ་བ་ཅན། says:
    ལོ་ 16 སྔོན།

    རེད། ང་ཚོ་བོད་ཀྱི་ཞིང་འབྲོག་ས་ཁུལ་དུ་དམིགས་བསལ་དུ་ཡར་རྒྱས་ཕྱིན་མེད་པའི་རྣམ་པ་ཧ་ཅང་གསལ་པོ་ཡོད་ཅིང༌། དེ་བས་ཀྱང་མི་རིགས་འདྲ་མཉམ་གྱི་ཐོབ་ཐང་ལོངས་སྤྱོད་བྱ་རྒྱུ་མེད་པའི་དཀའ་ངལ་ཡོད། ཁོང་གཉིས་ནས་བཙན་བྱོལ་གྱི་རང་དབང་དང་གཞོན་སྐྱེས་ཚོར་སློབ་གཉེར་གྱི་གོ་སྐབས་བཟང་པོ་དེ་དག་དངོས་སུ་མཐོང་ཆེད་བུ་ཕྲུག་སློབ་གཉེར་ཆེད་གཏོང་རྒྱུར་འདུན་པ་དེ་ལྟ་བུ་ཡོད་པ་ནི་ང་ཚོའི་ཕ་ཡུལ་ཡར་ར྄ྒྱས་གཏོང་རྒྱུར་ཕན་ཐོགས་བསྒྲུབ་རྒྱའི་ཆ་ཤས་ཤིག་རེད། ཡིན་ནའང་བོད་དུ་ཕྱིར་ལོག་བྱ་མཁན་ཞིག་ཚགས་ཤོག་སྟེང་དུ་ཕྱིར་ལོག་བྱ་མཁན་ཡིན་པའི་བསམ་ཚུལ་ཤོད་ཕོད་པ་བློ་སྟོབས་རེད་ལ། འབྲི་ཕོད་པའང་འགན་འཁྲི་ཞིག་ཡིན་སྲིད། ལས་ཀ་གང་ཞིག་བྱས་ཀྱང་ཕན་གནོད་གཉིས་ལ་བལྟ་དགོས་པས། ངའི་བལྟ་ཚུལ་བྱས་ན་ཁོང་གཉིས་བོད་དུ་ལོག་མཁན་ཡིན་པ་དེ་དེར་བཀོད་དགོས་དོན་མཐོང་གི་མི་འདུག དེ་ངའི་བསམ་ཚུལ་ཡིན། བཙན་བྱོལ་ནང་སྨྲ་བརྗོད་རང་དབང་ཁ་རྩེར་འཁོན་ཡོད་ལ། གསར་འགྱུར་གྱི་ལྗིད་ཁོག་འཚོལ་བའི་ཆེད་དུ་གསར་འགོད་པས་གསར་འགྱུར་མཁོ་སྤྲོད་པ་ག་དུས་ཡིིན་ནའང་ག་ཚོད་གཏིང་རིང་དུ་འདྲུད་ཨེ་ཐུབ་ལྟ་བ་འདི་ནི་ང་ཚོའི་གསར་འགོད་པ་ཚོའི་ལེགས་ཆ་ཞིག་ཏུ་མཐོང་གི་མེད། དེ་ནི་ངའི་བསམ་ཚུལ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese