མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཇལ་འཕྲད་བསྐྱར་དུ་ཕྱིར་འགྱངས།

བོད་ཀྱི་དུས་བབ།
༢༠༠༩/༡༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་དང་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་ཀྱི་མཇལ་འཕྲད་དེ་ལོ་རྗེས་མའི་ལོ་མགོ་བར་དུ་ཕྱིར་འགྱངས་གནང་འདུག

སྲིད་འཛིན་ཨོ་བྷ་མ་མཆོག་པེ་ཅིན་ནས་ཕྱིར་ཕེབས་རྗེས་༧གོང་ས་མཆོག་ལ་མཇལ་འཕྲད་གནང་རྒྱུ་ཡིན་སྐོར་བཤད་ཡོད་ལ། ཕོ་བྲང་དཀར་པོའི་ལས་ཁུངས་ཀྱིས་མཇལ་འཕྲད་དེ་འཆར་ཟླའི་ནང་ཡིན་ཚུལ་བཤད་ཡོད་སྐོར་གསར་ལམ་ཁག་ཏུ་ཡོངས་ཁྱབ་ཏུ་སྤེལ་ཡོད། ཡིན་ཡང་། ཐེངས་འདིར་སྐུ་སྒེར་ཡིག་ཚང་གི་ངོས་ནས་༧གོང་ས་མཆོག་དང་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་ཀྱི་མཇལ་འཕྲད་དེ་ལོ་རྗེས་མའི་ལོ་མགོ་བར་དུ་གནང་མི་ཐུབ་པ་འདྲ་ཞེས་བཤད་ཡོད། སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་ཀྱིས་བྷི་བྷི་སིའི་གསར་འགོད་པར། ༧གོང་ས་མཆོག་གི་མཛད་རིམ་ཁག་བྲེལ་བ་ཤིན་ཏུ་ཆེ་སྟབས། ད་ལོ་ཁག་པོ་ཆགས་རྒྱུ་རེད། ཕལ་ཆེར་༧གོང་ས་མཆོག་ལོ་རྗེས་མའི་ལོ་མགོར་ཨ་རིར་ཕེབས་ཐུབ་ངེས་ལ། སྐབས་དེར་སྲིད་འཛིན་ཨོ་བྷ་མར་མཇལ་འཕྲད་གནང་གི་རེད་ཅེས་བཤད་འདུག

སྐུ་སྒེར་ཡིག་ཚང་གི་དྲ་རྒྱ་ལྟར་ན། འཆར་ཟླའི་ཚེས་ ༡ ཉིན་ནས་ ༡༠ བར་དུ་༧གོང་ས་མཆོག་ཨོ་སི་ཊོ་ལི་ཡ་དང་ནེའུ་ཛི་ལན་ཌིར་ཕེབས་ཏེ་གསུང་ཆོས་གནང་རྒྱུ་ཡིན་ལ། དེའི་རྗེས་ནས་ལོ་རྗེས་མའི་ཚེས་ ༥ བར་དུ་མཛད་རིམ་ཅི་གང་སྒྲིག་མི་འདུག

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

ཆུ་ཚོད་ ༡ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༥ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༨ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

མཆན། 20

  1. kunsal says:
    ལོ་ 17 སྔོན།

    ང་ཚོར་བདེན་པ་ཡོད་རུང་ད་ལྟའི་ཆར་རང་ཡུལ་རྒྱ་དམར་གྱིས་བཙན་ཕྲོགས་བྱས་ཏེ་ང་ཚོ་བོད་ཀྱི་བདག་པོ་མི་ཡུལ་དུ་བཙན་བྱོལ་བ་ཆགས་སྟབས་གཞན་དབང་སྟབས་བསྟུན་ཁོ་ན་བྱེད་དགོས་ལ་བརྟེན་དྲྭ་གྲོགས་སྤུན་ཟླ་ཚོས་དགོངས་ཚུལ་གསུངས་སྐབས་འཕྲལ་ཕུགས་རྒྱང་གསུམ་ལ་དགོངས་པ་བཞེས་རྒྱུ་གལ་ཆེར་མངོན། ཨོ་བྷ་མས་སྔ་འཕྱིར་མ་ལྟོས་པར་མཇལ་འཕྲད་མནང་འཆར་ཡོད་པ་ནི་བཟང་ཕྱོགས་ཤིག་ལོས་ཡིན། ང་ཚོས་ཕྱི་ནང་སུ་ལའང་ཤོད་མི་དགོས་པའི་སྐད་ཆ་མང་པོ་བཤད་ནས་དགོས་པ་ཨེ་ཡོད། ཚང་མས་གཟབ་གཟབ་གནང་རྒྱུ་གལ་གནད་ཆེ། ཤོད་ས་ཞིག་རག་ན་མིང་རྫུན་ཁྱེར་ནས་གང་བྱུང་ཤོད་མཁན་རྣམས་ཀྱི་རྒྱུན་གྱི་ཀུན་སྤྱོད་ལ་བསམ་གཞིགས་ཀྱིས་དགྲ་གཉེན་གང་དུ་ངོས་འཛིན་བྱ་དགོས་དབྱེ་ཞིབ་གནང་རྒྱུ་སྐབས་སུ་བབ་པའི་ལས་དོན་ཞིག་རེད་སྙམ།

    Reply
  2. ཁྲ་གླག་སྤྱང་གསུམ། says:
    ལོ་ 17 སྔོན།

    ཨ། ཁེ་མཚར། ད་དུང་ལན་མི་འདུག དྲུང་ཆེརེད་ཟེར་བྲིས་ནི་བྲིས་འདུག ཅང་མི་སྨྲ་བའི་ཆུལ་གྱིས་ཁས་བླངས་པ་ཡིན་ནམ། སྐུ་སྒེར་དྲུང་ཆེ་བྲེ་སྲང་བྱས། འཆི་མེད་རིན་འཛིན་བྱས། འོ་རེད། བསྟན་འཛིན་དགེ་བྱེད། བློ་བཟང་སྦྱིན་པ། འོ་ན་སྐུ་སྒེར་ལ་དྲུང་ཡིན་ག་ཚོད་ཡོད་རེད།

    Reply
  3. ཁྲ་གླག་སྤྱང་གསུམ། says:
    ལོ་ 17 སྔོན།

    བསྟན་འཛིན་སྟག་ལྷ་དྲུང་ཆེ་ཡིན་ནམ། ལན་ཞིག་གནང་རོགས།

    Reply
  4. སྨྱུག་སྡོང་། says:
    ལོ་ 17 སྔོན།

    དང་པོ། གཙོ་བོ་༸གོང་ས་མཆོག་གི་སྐུའི་འཕྲོད་སྟེན་གལ་ཆེ། གཉིས་པ་བོད་དོན་ལ་གཞིག་ཏེ་ཨོ་བྷ་མ་དང་མཇལ་འཕྲད་གལ་ཆེ་བར་མཐོང།

    ཡག་པོ་ཧ་གོ་གི་མི་འདུག།

    Reply
  5. ནད་པ says:
    ལོ་ 17 སྔོན།

    ཁ་ཚ་དགོས་ཐུག་ལ་བཅོས་རོགས

    Reply
  6. ནད་པ says:
    ལོ་ 17 སྔོན།

    ཨ་ལ་ལས་བཤད་པ་ལྟར་ང་ཚོའི་མི་དམངས་རྣམས་ལ་༸ གོང་ས་མཆོག་མཛད་བྲེལ་ཤིན་ཏུ་ཆེ་སྟབས་མཛད་འཆར་ཕྱིར་འཐེན་གནང་བ་རེད་ཅེས་བརྗོད་ན་བདེན་པར་བརྩི་སྲིད།
    འོན་ཀྱང་ཨ་རི་དང་རྒྱ་ནག་སོགས་འཛམ་གླིང་ཕྱི་རོལ་ནས་གསར་འགྱུར་འདི་གོ་དུས་ཡིད་ཆེ་རྒྱུ་ཕར་བཞག་ད་དུང་རྒྱ་ནག་གཞུང་གད་མོ་ཤོར་སྲིད།

    ང་ཚོས་ཨ་རིའི་སྲིད་འཛིན་གྱི་ལག་ཆེའི་དུས་བབ་དང་བཀའ་ལན་ལ་བསྟུན་དགོས་པ་ཞིག་ལས་ཨ་རིའི་སྲིད་གཞུང་ནས་ང་ཚོར་བསྟུན་དགོས་པའི་དུས་བབ་ཅིག་ད་ལྟ་ཤར་མེད་པ་གསལ་ཐག་གཅོད་རེད།

    ༸ གོང་ས་མཆོག་དེ་སྔོན་རྒྱལ་ས་ཝ་ཤོན་ཊོན་དུ་བཀའ་དྲིན་ཆིབས་སྒྱུར་བསྐྱངས་པའི་དུས་སུ་ཨ་རིའི་སྲིད་གཞུང་ནས་གལ་ཆེའི་དུས་བབ་དང་བསྟུན་ནས་ཕྱིར་འགྱངས་གནང་བ་ཞིག་རེད།

    མཇལ་འཕྲད་ག་དུས་བྱུང་མིན་ལ་མ་ལྟོས་པར་ཨ་རིའི་སྲིད་གཞུང་ནས་ང་ཚོ་སྐྱོབ་མི་སྲིད་མོད་ང་ཚོར་ཁ་ཚ་གོད་ཐུག་གི་ཨ་རིའི་སྲིད་གཞུང་དཔལ་འབྱོར་ཐད་རོགས་རམས་སྔར་ལས་ཆེ་བ་ཞིག་གནང་རྒྱུའི་རེ་བ་ང་ཚོས་བྱེད་ཆོག

    Reply
  7. མཚོ་ཚང་བཀྲིས། says:
    ལོ་ 17 སྔོན།

    བརྒྱ་བཤད་སྟོང་ལ་བབ་ཀྱང་ ཨ་ལ་ལ་ ཁྱོད་ཕུང་རྐྱེན་དབྱེན་དཀྲུག་བྱེད་མཁན་ཞིག་ཡིན་ཧ་ཅང་གསལ་པོ་རེད། ཁྱོད་ནི་བདེ་ཅན་རྣམས་སྡུག་བསྔལ་ཅན་དུ་འགྱུར་རྒྱུ་དང་། བཀྲ་ཤིས་པ་ཚོ་བཀྲ་མི་ཤིས་པ་ཞིག་བྱུང་ན་ཅི་མ་ཅུང་སྙམ་མཁན་གྱི་ཀླ་ཀློ་ཞིག་ཡིན་པ་དམར་རྗེན་དུ་མཐོང་སོང་ངཱ། ད་དུང་ང་ཚོར་ཡ་ལན་ཡིན་ན་ཅིག་བྱེད་འདོད་མི་འདོད་བཤད་ཁུལ་བྱས། ངོ་མ་སྙིང་རེ་རྗེ།

    Reply
  8. ཨ་ལ་ལ says:
    ལོ་ 17 སྔོན།

    ད་དུང་བཀྲ་མི་ཤིས་པ་ཡང་འདིའི་ཁོངས་ན་ཡོད།

    Reply
  9. ཨ་ལ་ལ says:
    ལོ་ 17 སྔོན།

    སྣ་ཆེན་པོ་དང་སྡུག་བསྔལ་ཅན་གཉིས་ལ་བཤད་རྒྱུར། ༧གོང་ས་མཆོག་གི་མཛད་འཆར་དང་ཡིག་ཚང་གི་རྒྱུད་རིམ་ལ་ཁྱེད་ཚོར་རྒྱུས་མངའ་ཆེ་ཙམ་ཡོད་ན་ཡག་པོ་རེད། དེ་ནི་དགོས་ངེས་ཅན་རེད། བསྟོད་བསྔགས་ཡོད། འཇོན་པོ་བྱུང་ཤག ཡིན་འང་ཐེངས་འདིའི་༧གོང་ས་མཆོག་དང་ཨོ་པ་མའི་མཇལ་འཕྲལ་ཕྱི་བཤོལ་གནང་བ་འདི་ལ་ངས་དགའ་བསུ་ཞུ་མི་ནུས་ལ་འདི་ང་ཚོའི་ཐེངས་འདིའི་ཕམ་ཁ་ཞིག་ལས་རྒྱལ་ཁ་ཞིག་ལ་དུས་ནམ་ཡང་ངོས་འཛིན་བྱེད་ཀྱི་མིན། གཞན་ཁྱེད་ཚོས་འདྲ་ཆགས་པོ་ཁ་བདེ་འདོག་ཁ་པོ་ཅི་ཞིག་བཤད་ན་བཤད། ངས་དེ་ལ་ཡ་ལན་བྱེད་འདོད་མེད།

    Reply
  10. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    ཐིག་ཕྲེང་གཤམ་མ་དེའི་ནང་གི་”དེའི་རྗེས་ནས་ལོ་རྗེས་མའི་ཚེས་ ༥ བར་དུ་མཛད་རིམ་ཅི་གང་སྒྲིག་མི་འདུག” ཅེས་པ་དེ་ཟླ་བ་གང་གི་ཚེས་པ་༥་ཡིན་མིན་ཤེས་སམ། འདི་ལྟར་རེ་རེ་བཞིན་འདྲི་ཡིན་བསྡད་ན་སྤོ་ལངས་མི་ཉན་གོ

    Reply
  11. བདེ་བ་ཅན། says:
    ལོ་ 17 སྔོན།

    དུས་ཚོད་རིང་ཐུང་ལ་མ་ལྟོས་པར་ཟླ་བ་གཅིག་གི་རྗེས་སུ་༸གོང་ས་མཆོག་དང་ཨོ་བྷ་མ་ལྷན་རྒྱས་གཉིས་མཇལ་འཕྲད་གནང་གི་ཡོད་པར་ཏན་ཏན་དགའ་འོས་པ་ཞིག་རེད། དབུ་འཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད་འདི་དོན་སྙིང་ལྡན་པ་ཞིང་ཡོང་རྒྱུར་སྨོན་འདུན་ཡོད། ཡིན་ནའང་གོང་དེར་དྲ་གྲོགས་ཁག་ཅིག་ནས་སྐུ་སྒེར་ཡིག་ཚང་ནས་སྤྱིར་བཏང་གི་གནས་བབས་རྡ་སའི་ཁོར་ཡུག་འདིའི་ནང་མཛད་འཆར་ཁག་༸གོང་ས་མཆོག་དང་བོད་སྤྱི་ལ་ཕན་ཐོགས་མེད་པ་གནའ་ནས་ད་བར་གོ་སྒྲིག་བྱ་གི་ཡོད་པ་ལྟ་བུ་གསུང་གི་འདུག བརྗོད་ཚུལ་འདིར་རྩ་བ་ནས་འདོད་མོས་མེད། གང་ཡིན་ཞུ་ན་རྡ་རམ་ས་ལ་ནི་བཙན་བྱོལ་བོད་གཞུང་གི་བསྟི་གནས་ཡིན་ལ། ༸གོང་ས་མཆོག་གི་བཞུགས་སྒར་ཡིན་པས་དེར་མཛད་འཕྲིན་གང་ཞིག་བསྐྱངས་བ་རྣམས་དགོས་པ་ངེས་ཅན་ཇི་སྙེད་ཅིག་ཡོད་སྲིད་པ་ལས་༸གོང་ས་མཆོག་ནས་ཀྱང་མཛད་འཆར་གོ་སྒྲིག་པའི་རང་དགར་བསྟེན་ཏེ་ཆིབས་བསྒྱུར་གནང་སྲིད་ཀྱི་རེད་དམ། ངས་བལྟས་ན་དྲ་གྲོགས་དེའི་བཤད་ཚུལ་དེ་ཁོང་རང་ཉིད་ཀྱི་གསུངས་པ་ལྟར་ཅོལ་ཆུང་བྱིས་པའི་བཤད་སྟངས་དང་གཉིས་སུ་མེད་པ་ཞིག་འདུག་གོ

    Reply
  12. མཚོ་ཚང་བཀྲིས། says:
    ལོ་ 17 སྔོན།

    ཨ་མདོས་ཨ་མདོའི་མགོ་ལ་སྐྱག་པ་བཏང་སོང་ངཱ། ཨ་༌༌༌༌༌༌ལ་༌༌༌༌ལ་༌༌༌༌ལ་

    Reply
  13. མཚོ་ཚང་བཀྲིས། says:
    ལོ་ 17 སྔོན།

    བསམ་བཏང་དྲན་སྐྱེས། ཁ་གཅིག་ལྕེ་གཉིས། དྲན་གཏམ་གསར་སྐྱེས། སོགས་ནི་བརྗོད་ཚིག་ཡག་པོ་ཞིག་མིན་པ་འདྲ།

    Reply
  14. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 17 སྔོན།

    ཨ་ལ་ལ་ལགས།
    སྐུ་སྒེར་ཡིག་ཚང་ལ་འདི་འདྲའི་བཀའ་བཀྱོན་ཞིག་གནང་དགོས་དོན་མེད། ཚོད་དཔག་དམའ་ས་ནས་བྱས་ནའང་༸གོང་ས་མཆོག་གི་སྐུའི་འཕྲོད་བཞེས་དང་ཡང་ན་ཁོང་གི་མཛད་འཕྲིན་དར་རྒྱས་ཀྱི་ལས་དོན་ཐད་ངེད་ཅག་ལས་ཀྱང་སྐུ་སྒེར་ཡིག་ཚང་གི་ལས་བྱེད་པ་རྣམས་ལ་སེམས་ཚོར་དང་སྣང་འཇོག་ངེས་པར་ཆེ་ཚོད་ཡིན།

    ༸གོང་ས་མཆོག་གི་མཛད་འཕྲིན་མང་དག་ཅིག་སྐུ་སྒེར་རང་ནས་ཐུགས་ཐག་བཅད་པ་མ་གཏོགས་ཡིག་ཚང་ལའང་འདི་གནང་འདི་མཛད་ཀྱི་ཞུ་སྐུལ་འབུལ་སྐབས་མེད་པ་གསལ་པོ་རེད།

    སྐབས་རེ་ང་ཚོས་གནས་སྟངས་འདི་ཚོ་མི་ཤེས་པའི་ཐོག་ནས་གྲོས་ཚོགས་དང་བཀའ་ཤག དེ་བཞིན་ཐད་ཀར་འབྲེལ་ཆགས་སྐུ་སྒེར་ཡིག་ཚང་བཅས་ལ་སེམས་ཚོར་དང་འབྲེལ་ནས་ཡང་ན་བཀའ་བཀྱོན་དང་འབྲེལ་ནས་ཁོང་གི་མཛད་འཕྲིན་ཁག་ལ་གུ་གང་ཡངས་དང་སྟབས་གང་བདེ་དགོས་པའི་རེ་བསྐུལ་ཞུ་ཡིན་ཡོད་པ་རེད། འབྲེལ་ཡོད་རྣམ་པས་ཀྱང་དེ་ལྟར་ཡོང་ཐབས་ལ་ཕྱག་ལེན་ངེས་པར་བསྟར་ཡོད་ངེས་ཡིན།

    སྤྱིར་མགོན་པོ་ཁྱོད་ཀྱི་ཞལ་གྱི་དབུགས་ཙམ་ཡང་། །
    མཐའ་དག་འགྲོ་ལ་སྨན་པའི་རྒྱུར་འགྱུར་ན། །
    གསུངས་པ་ལྟར་༸གོང་ས་མཆོག་གི་མཛད་འཕྲིན་ལ་འགྲོ་བ་སེམས་ཅན་གྱི་བདེ་དོན་དང་མི་འབྲེལ་བ་ཞིག་ག་ལ་ཡོད། འོན་ཀྱང་ད་ལན་ཨོ་བྷ་མའི་མཇལ་འཕྲད་འདིར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མཐོང་སྣང་དང་ཡང་ན་འགྲོ་ལུགས་ཤིག་ལ་གལ་ཆེར་ཆགས་པ་མ་གཏོགས་ད་ལྟའི་བོད་ནང་གི་ཡ་ངའི་གནས་སྟངས་དང་བོད་པའི་རྩ་དོན་ཐག་ཆོད་ལ་ཐད་ཀར་ཕན་འདོགས་རླབས་ཆེན་འདྲེན་རྒྱུ་ཞིག་ནི་ངས་མཐོང་གི་མི་འདུག

    དེར་བརྟེན་ཧ་ཅང་ཧ་ཅང་གལ་ཆེན་རེད་ཟེར་བ། ཨོ་བྷ་མའི་རྒྱ་ནག་གི་སྐོར་བསྐྱོད་སྔོན་གྱི་མཛད་འཆར་འགྱུར་ལྡོག་དེ་ཆེས་མི་འོས་པར་སྨྲ་བ། ད་ལན་གྱི་འགྱུར་བ་འདི་དེ་བས་ཀྱང་མི་འཚམ་པ་བཅས་སུ་ངོས་འཛིན་དང་ཚོར་བ་རྣོན་པོས་བཀའ་མོལ་གནང་མཁན་ཚོས་ཡང་སྙིང་༸གོང་ས་མཆོག་དང་ཨོ་བྷ་མའི་མཇལ་འཕྲད་འདི་བོད་དོན་ཐད་ཇི་ལྟར་གལ་ཆེན་ཡིན་པ་གསལ་ཁ་ཞིག་གཏོད་རྒྱུ་གནད་འགག་ཏུ་མཐོང་གིན་འདུག

    Reply
  15. མཚོ་ཚང་བཀྲིས། says:
    ལོ་ 17 སྔོན།

    བསམ་བཏང་དྲན་སྐྱེད་ཟེར་ན་སྔར་གྱི་བསམ་གྲོས་ལ་མི་གནས་པར་གསར་སྤྲོས་འགྱུར་ལྡོག་བྱེད་པ་ལ་གོ་དགོས།

    Reply
  16. བློ་བཟང་འོད་ཡུག་པ། says:
    ལོ་ 17 སྔོན།

    ཨོ་བྷ་མས་བོད་བསྟན་སྲིད་ལ་བསམ་བཞེས་ཡོད་བཞིན་དུ་དྲ་གྲོགས་ཚོས་གང་བྱུང་མ་བཤད་ན་ཡག་པ་མེད་འགྲོྲ།
    ཡང་མིན་ན་བཤད་འདོད་ན་བསམ་བཏང་དྲན་བསྐྱེད་ཀྱིས་ཐོག་ནས་ཕྱག་ལས་ཀྱི་འགན་འཁུར་ཡོད་པ་ཞིག་བྱས་ན་ངོ་མ་ཡག་རྒྱ་རེད།

    Reply
  17. མཚོ་ཚང་བཀྲིས། says:
    ལོ་ 17 སྔོན།

    སྐུ་སྒེར་ཟུང་དྲུང་བསྟན་འཛིན་སྟག་ལྷ་ལགས་ཀྱིས་བྷི་བྷི་སིའི་གསར་འགོད་པར། ༧གོང་ས་མཆོག་གི་མཛད་རིམ་ཁག་བྲེལ་བ་ཤིན་ཏུ་ཆེ་སྟབས། ད་ལོ་ཁག་པོ་ཆགས་རྒྱུ་རེད། ཞེས་གསུང་པ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྲིད་འཛིན་ཨོ་བྷ་མར་བསམ་ཤེས་གནང་བ་མ་རེད་མ་གཏོགས་ཨ་རི་གཞུང་ནས་༸གོང་ས་མཆོག་ལ་མཇལ་འདོད་མེད་པར་ཕྱིར་འཐེན་གནང་བ་ཞིག་རྩ་བ་ནས་མ་རེད། སྐུ་སྒེར་ཡིག་ཚང་ནས་རྒྱ་ནག་གུང་ཁྲན་ལྟར་གསར་འགྱུར་་རྒྱུད་ལམ་ཁག་ཏུ་བརྫུན་གཏམ་ཤོད་མི་སྲིད།

    Reply
  18. ཨ་ལ་ལ says:
    ལོ་ 17 སྔོན།

    ང་ཚོའི་ངོས་ནས་༧གོང་ས་མཆོག་དང་ཨོ་པ་མ་གཉིས་མཇལ་འཕྲད་གནང་རྒྱུ་ནི་གལ་ཆེ་ལ་ཁེ་ཕན་ཡང་ཕྲན་བུ་ཡོད་པ་ཞིག་རེད། འོན་ཀྱང་ཨ་རིའི་ངོས་ནས་དེ་ལ་གལ་ཆེན་པོ་བརྩི་གིན་མེད་པ་ཟླ་འགའི་སྔོན་ནས་གསལ་པོ་བཟོས་སོང་། ཐེངས་འདིའི་སྐུ་སྒེར་ཡིག་ཚང་གིས་བཤད་ཚུལ་ལ་༧གོང་ས་མཆོག་གི་མཛད་བྲེལ་གྱིས་རྐྱེན་བྱས་ཚུལ་བཤད་འདུག་མོད་དངོས་ནས་དེ་འདྲ་ཞིག་ཡིན་ན་འགྲིག་འདུག་ཀྱང་། དོན་དངོས་ཐོག་དེ་འདྲ་ཞིག་ཡིན་པའི་ངོས་འཛིན་བཤད་དཀའ། གང་ཞེ་ན། སྐུ་སྒེར་ཡིག་ཚང་གིས་སྤྱིར་བཏང་གི་གནས་བབ་རྡ་སའི་ཁོར་ཡུག་འདིའི་ནང་གི་མཛད་འཆར་༧གོང་ས་མཆོག་དང་བོད་སྤྱི་་བའི་དོན་དུ་ཁེ་ཕན་གང་ཡང་མེད་པ་མང་དག་ཅིག་གནའ་ནས་ད་ལྟའི་བར་དུ་རིམ་བསྟུད་ཀྱིས་གོ་སྒྲིག་བྱེད་བཞིན་པ་ཡིན་ན་གལ་ཆེན་རྒྱལ་སྤྱིའི་ཁོར་ཡུག་ན་ཚང་མས་དོ་སྣང་བྱེད་བཞིན་པའི་༧གོང་ས་མཆོག་དང་ཨོ་པ་མའི་མཇལ་འཕྲད་འདི་འདྲ་གལ་ཆེན་ཞིག་༧གོང་ས་མཆོག་གི་མཛད་བྲེལ་གྱིས་ཕྱི་བཤོལ་བྱས་ཚུལ་བཤད་ན་ཅོལ་ཆུང་བྱིས་པའི་རྣ་ལའང་འགྲོ་དཀའ། རྒྱ་ཆའི་བོད་རིགས་སྤུན་ཟླ་ཚོ། ཁྱེད་ཚོས་གཟིགས་དང་བོད་མའི་སྤྱི་ཚོགས་ཁྲོད་གནའ་ནས་དེ་རིང་བར་དུ་གནས་ཚུལ་གང་ཡིན་ནའང་ཁ་ཐུག་དང་གསལ་ཁ་མེད་ཅིང་དེ་ལ་དྲང་ངེས་རྐྱང་རྐྱང་་གིས་གོ་བ་ལེན་དགོས་པ་ཆགས་ཀྱི་འདུག་པས་ད་དུང་ཡང་རྣ་བ་བཀབ་ནས་དྲིལ་བུ་བརྐུ་བའི་དཔེ་དེ་འདྲ་བྱས་ནས་མུ་མཐུད་བསྡད་ན་མཇུག་འབྲས་ཅི་ཞིག་འབྱུང་ངམ།

    Reply
  19. བློ་བྷེ། says:
    ལོ་ 17 སྔོན།

    ཨོ་བྷ་མ་གོང་ས་མཆོག་དང་མཇལ་འཕྲད་བྱས་པས་ཅི་ཕན། ཁོས་སྡར་སྐད་ཚང་མ་ཤོར་ཚར་སོང་ནི་རེད།

    Reply
  20. ནོར་བུ་རྒྱལ་མཚན། says:
    ལོ་ 17 སྔོན།

    ཨོ་བྷ་མའི་ཕྱིར་འགྱངས་ཡིན་ནམ།
    ༧གོང་ས་མཆོག་གི་མཛད་རིམ་ཁག་བྲེལ་བ་ཤིན་ཏུ་ཆེ་སྟབས་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese