གངས་རི་སྐྱབས།

གངས་རི་སྐྱབས།

དཔྱོད་ཤེས་ཡངས་པའི་ཀློག་པ་པོ་ལགས། བདག་གི་རང་རློམ་གྱི་གཤིས་རྒྱུད་གཏུམ་པོ་འདིས། མཚམས་ལན་རེར་ཁྱེད་ཅག་ལ་ཕོག་ཐུག་རེའང་གཏོང་ན་ཐང་། དགོངས་དག་ཞུས་ཡོད། དེ་ནི་ང་རང་ལ་སྣང་བ་གནམ་མཐོ་ཡི་ངར་རྒྱལ་ཆེ་བས་ཡིན།
དཔྱོད་ཤེས་ཡངས་པའི་ཀློག་པ་པོ་ལགས། བདག་གི་ཆོག་ཤེས་བསྟེན་མི་ནུས་པའི་སྨྲ་ལྕེ་རྒོད་པོས། མཚམས་ལན་རེར་ཁྱེད་ཅག་ལ་ཁོང་ཁྲོ་རེའང་སློང་ན་ཐང་། དགོངས་དག་ཞུས་ཡོད། དེ་ནི་ང་རང་སྨྲ་བརྗོད་ལ་ཚད་མེད་པའི་ཁོར་ཡུག་ཅིག་ཏུ་འགྲེང་ཡོད་པས་ཡིན།
དཔྱོད་ཤེས་ཡངས་པའི་ཀློག་པ་པོ་ལགས། མཚམས་ལན་རེར་བདག་གིས་ནོར་འཕྱུག་གི་བརྩམས་ཆོས་ཇི་སྙེད་ཅིག་ཁྱེད་ཀྱི་སྤྱན་ལམ་དུ་བསྟར་སྲིད་ན་ཐང་། དགོངས་དག་ཞུས་ཡོད། དེ་ནི་ང་རང་ལ་སློབ་གཉེར་དཔེ་ཀློག་གི་མཐོང་ཐོས་དམན་པའི་གླེན་རྟགས་ཤིག་ཡིན།
དཔྱོད་ཤེས་ཡངས་པའི་ཀློག་པ་པོ་ལགས། མཚམས་ལན་རེར་ཁྱེད་ཅག་གི་ཐུགས་སེམས་ཞེ་ནས་སྐྱོ་བའི་མིག་ཆུའང་བཞུར་ན་ཐང་། ཨུ་ཧུ། དེ་ནི་ང་རང་གི་མི་ཚེ་སྐྱོ་ངལ་གཡང་སུ་ལྷུང་མྱོང་བའི་སྡུག་གཏམ་འབའ་ཞིག་ཡིན།
དཔྱོད་ཤེས་ཡངས་པའི་ཀློག་པ་པོ་ལགས། མཚམས་ལན་རེར་ཁྱེད་ཅག་གི་ཐུགས་སེམས་སྤྲོ་བར་འགུག་པའི་སྣང་བ་རེ་བསྐྱེད་སྲིད་ན་ཐང་། ཧ་ཧ་ཧ། དེ་ནི་ང་རང་གིས་གྲེ་འགྱུར་དབྱངས་སུ་དྲངས་པའི་དགའ་སྤྲོའི་གླུ་སྐད་ཡིན།

No Content Available

གདན་ཞུའི་རྩོམ་པ་པོ།

Welcome Back!

Login to your account below

Retrieve your password

Please enter your username or email address to reset your password.

Add New Playlist