དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
ཁ་བ་འཐུག་པོ་འཐུག་པོ་འབབ་སའི་འབྲོག་ཁུལ་ཞིག་ཏུ་ལྟེ་ཁྲག་གཏོར་ཞིང་། སྤུན་མཆེད་བཞིའི་ནང་ནས་ལས་ཅན་དེ་ཡིན་པ་འདྲ། སློབ་གྲྭ་ཟེར་དུས་བཙོན་ཁང་ཟེར་བ་དང་མཚུངས་བའི་དུས་ཤིག་ལ་སྒོར་ཆིག་གི་སྟོང་ཆད་པ་དེས་ང་རང་སློབ་གྲྭར་བརྫངས་འདུག རྒན་ལགས་ཀྱི་བྱམས་སྐྱོང་དང་ལམ་སྟོན་གྱིས་ང་འབྲོག་ཐང་གི་རྫི་བོའི་དཀའ་སྡུག་ལས་ཐར་ནའང་། ཁོམ་པ་ཡོད་དུས། མིག་བཙུམ། ལག་པ་བྲང་ཁར་བཞག་ནས་ཕྱི་དྲན་རེ་བྱས་ཚེ། ང་དང་མཆེད་ཁུངས་གཅིག་པའི་ཕུ་ནུ་མིང་སྲིང་ཚོའི་ལས་དབང་བསམ་ན་སེམས་བསམ་པའི་གཏིང་ནས་བཟོད་ཐབས་ཁྱོན་ནས་མི་འདུག དེ་ནི་ངའི་ན་ཟུག་ཆེ་ཤོས་དེ་ཡིན།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།