དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
གཏོ་ཡི་བཀའ་སྒྲོམ་ཡང་ཆུང་ནི།། སངས་པོ་འབུམ་ཁྲིའི་ཐུགས་ཀྱི་བཅུད།། ཡིག་འབྲུ་ཁྲི་དང་འབུམ་གཉིས་ཡོད།། བོན་གྱི་ཕུགས་ནི་འདི་ལ་ཐུག །
༄༅། །ཁོ་བོ་ནི་ཕ་ས་གངས་ཅན་ཞིང་དུ་དལ་རྟེན་རྙེད་ཅིང༌། ཕ་མེས་ཡང་མེས་ནས་བརྒྱུད་པའི་ཐུན་མིན་གངས་ཅན་པའི་གཅེས་ནོར་གཡུང་དྲུང་གི་བོན་རིན་པོ་ཆེར་ལོངས་སུ་སྤྱོད་པའི་སྐལ་པ་དང་ལྡན་པ་མ་ཟད། ལྷག་པར་གངས་ཅན་མགོན་པོ་རྒྱལ་དབང་དོན་གྱི་བདག་པོ་མཆོག་གི་བཀའ་དྲིན་གྱིས་འཚོ་བའི་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་མཚོན་པའི་གྲལ་སྣེ་ཟིན་ཙམ་ལས། རྩོམ་རིག་གི་སྒྱུ་རྩལ་ལ་མྱོང་གོམས་ལྡན་པ་ཞིག་མིན་ནའང༌། མི་ཡུལ་ས་མཐར་བྱོལ་བའི་རང་རིགས་དོ་ཁུར་ཅན་རྣམ་པས་བོད་གངས་ཅན་པའི་སྐད་ཡིག་འདི་ཉིད་རྒྱལ་སྤྱིའི་ཁྱོན་དུ་དེང་རབས་དྲ་མཛོད་ཀྱི་ལམ་ནས་ཁྱབ་སྤེལ་གནང་བའི་ལེགས་བྱས་ལ་འཕྱར་གྲུ་མཉམ་འདེགས་ཀྱི་གདེངས་སྤོབས་འབྱིན་ཆེད་དང༌། བོད་གངས་ཅན་པའི་བསྟན་སྲིད་མི་རིགས་ཀྱི་འཇིག་ཉེན་ལས་བསྐྱབ་ཕྱིར་བོད་གཞུང་མང་ཡོངས་ཀྱིས་འགན་མཉམ་ཁུར་དང༌། མཉམ་འགྲོ་མཉམ་འདུག ལེགས་ཉེས་ཀྱི་བླང་དོར་ལ་ཕན་ཚུན་བསམ་ཚུལ་མཉམ་བརྗེ་བྱ་ཕྱིར་ཟིན་བྲིས་འདིར་ཞུགས་པ་ཡིན་ཅིང༌། ལས་ཞོར་གྱི་དུས་ཁོམ་གང་བྱུང་རྣམས་བེད་སྤྱོད་བྱ་རྒྱུ་ལས་རྒྱུན་དུ་ཞུགས་ཐུབ་མིན་ཆ་མ་འཚལ།
བོད་རྒྱལ་ལོ༎ ཐ་ཚན་མུ་ཙུག་སྨར་རོ༎
http://toyikadom.blogspot.com/
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།