བོད། ཤ་ཁྲག་རུས་གསུམ།

བོད། ཤ་ཁྲག་རུས་གསུམ།

ང་རང་ལ་དམིགས་བསལ་གྱི་ལོ་རྒྱུས་ཁྱད་པར་བ་དེ་འདྲ་གང་ཡང་མེད་ཀྱང། གངས་ཅན་བོད་པ་ཚང་གི་ལས་དབང་ལ་དུངས་ཞེན་ཆེ་སྟབས། དེ་རིང་དུས་བབ་ཚང་གི་ཕུན་སུམ་ཚོགས་པའི་འཛིན་སྐྱོང་དེའི་འོག་སྐྱེད་ཚལ་ཞིག་རེག་པ་ལ། སྙིང་ཐག་པ་ནས་དགའ་མོས་བྱུང་བ་དང་ཆབས་གཅིག གངས་ཅན་བོད་པའི་ཡི་གེའི་དྲ་ཚིགས་འདི་འཛམ་གླིང་གི་བོད་པ་ཚང་གི་མི་ཡོད་ཚད་ཀྱིས་ལོངས་སྤྱོད་དུ་གང་མགྱོགས་མགྱོགས་ཡོང་བའི་རེ་སྨོན་ཞིག་དང་བཅས། དྲ་གྲོགས་ལྷན་རྒྱས་ལ་འཚམས་འདྲི་ཞུ། ཡིན་ཡང་ངས་གང་ཡང་མ་ཤེས་པ་ནས་ཅུང་ཙམ་ཤེས་པ་དང་། ཅུང་ཙམ་ཤེས་པ་ནས་ང་རྒྱལ་བྱེད་རྒྱུར་དགའ་བའི་རང་གཤིས་དེ་མེད་ལ། ངའི་རང་གཤིས་ལ་མི་གཞན་གྱིས་སྡོམ་ཚིག་རྒྱག་མི་ཐུབ་པ་མ་ཟད། རང་ཉིད་ཀྱིས་ཀྱང་རང་ཉིད་ལ་སྡོམ་ཚིག་རྒྱག་ཐུབ་ཀྱི་མེད། ང་རང་དེ་རིང་འདིར་ཡོང་དོན་གཙོ་བོ་ནི། བོད་པ་ཚང་གི་གནས་བབ་ཀྱི་འགྱུར་ལྡོག་ལ་བོད་པ་རང་ཉིད་ཀྱིས་རང་གི་མི་རིགས་ལ་ཁ་ཁོག་པ་མེད་པའི་ལས་དོན་ཞིག་གི་ཆེད་དུ་གྲོས་གཞི་དང་། རང་རང་གི་ལྟ་ཚུལ་རྐྱང་རྐྱང་ལ་ཨུ་ཚུགས་མི་བྱེད་པར་གནས་ལུགས་དང་རྒྱུ་མཚན་རྟོགས་ཆེད་དུ་ངོ་ཤེས་བྱེད་དུ་ཡོང་བ་དང་། དྲ་གྲོགས་གསར་པ་གང་མང་མང་ཞིག་ཁ་ཡོད་ལག་ཡོད་ཀྱིས་བོད་སྐད་བཤད་སའི་གླིང་ག་འདི་འདྲ་ཞིག་ཡོད་པ་དེ། རང་རང་གི་ཉེ་འཁོར་གྱི་བོད་རིགས་སྤུན་ཟླ་ཚོར་གསུང་རོགས་གནོངས་ཞེས་འབོད་སྐུལ་སེམས་བསམ་པའི་གཏིང་ནས་བྱེད་ཀྱི་ཡོད། །

ཉིད་ཀྱིས་སྐུ་ལུས་སུ་འོད་ཟེར་འཕྲོ་ཡོད་སྐད ཉིད་ཀྱིས་གསུང་གིས་མི་སེམས་དྲངས་ཡོད་ཐོས ཉིད་ཀྱིས་ཐུགས་སུ་ཉེ་རིང་མེད་ཟེར སྐྱབས་སུ་འཆི  བསྐལ་བའི་བར་དུ་་་

ཇེ་མང་ཀློགས།

ང་རང་ས་ཆ་གང་ཞིག་དུ་སོང་ན་ཡང་མི་སུ་དང་འཕྲད་ན་ཡང་། ཁྱེད་རང་སུ་ཡིན་ཟེར་ནས་དྲིས་དུས། ངས་ང་རང་བོད་པ་ཡིན་ཟེར་གྱི་ཡོད། དྲ་གྲོགས་ཚོ་དེང་སང་གི་བོད་པ་ཁ་ཤས་ཀྱི་རང་ཉིད་བོད་པ་ཡིན་ཟེར་ནས་བཤད་་་

ཇེ་མང་ཀློགས།

དྲ་ གྲོགས་ཚོ། བོད་ཀྱི་མིག་བོད་ན་ཡོད། བོད་ཀྱི་མིག་ཕྱེ་མཁན་བོད་དུ་ཡོད། བོད་ཀྱི་དོན་དུ་རང་སྲོག་ཚུན་ཆད་དུ་གཏོང་འཕོད་མཁན་དག་བོད་དུ་ཡོད། བོད་བཙན་བྱོལ་བས་བོད་ཀྱི་མིག་ཚབ་བྱེད་ཐུབ་མིན་ལ་ཐེ་ཚོམ་རེད།  ་་་

ཇེ་མང་ཀློགས།

གྲོས་ ཆོད་འཇོག་པ་ནི་དམ་བཅའ་བཞག་པ་དང་གཅིག་མཚུངས་རེད། གསར་དུ་བཞག་པའི་གྲོས་ཆོད་འདི་ལག་ལེན་དུ་བསྟར་ཐུབ་པར་ཡིད་ཆེས་བྱེད་ཀྱི་ཡོད།  ་་་

ཇེ་མང་ཀློགས།

ཕོ་མོ་སུ་ཞིག་ལ་མཚོན་ནས་བཤད་དེ་འོང་ན་ཡང་། བརྩེ་དུང་ནི་ཆེས་མེད་དུ་མི་རུང་བ་ཞིག་ཡིན་དུས། རང་རང་གི་དགའ་ས་དེ་གླེང་ངེས་པ་ནས་དྲན་སྟངས་ཀྱང་མི་འདྲ་བ་ཡིན།་་་

ཇེ་མང་ཀློགས།

ངས་རང་ཉིད་བོད་པ་ཞིག་ཡིན་མིན་ཤེས་ན་འདོད། རྒྱུ་མཚན་དེ་ཙམ་ལ་བརྟེན་ནས་ངས་ཁྱེད་རང་ལ་སྐད་ཆ་འདྲི་འགོ་འཛུགས།་་་

ཇེ་མང་ཀློགས།

                                                                                                                                                  བརྩེ་རོགས་མ་ཕུལ། གང་ཞིག་བསགས་པས་མཐའ་མར་བྲལ་དགོས་པ།། འཁོར་བའི་ངང་ཚུལ་འདི་ལ་ཕུགས་མེད་ཀྱང་།།་་་

ཇེ་མང་ཀློགས།

འཕྲིན་ཡིག་ཕར་ལ་སྤྲིངས་ཟིན།། འཕྲིན་ལན་ཚུར་ལ་མ་འབྱོར།། འཕྲིན་ལ་འཕྲིན་ལན་མེད་ན།། འཕྲིན་ཡིག་མེ་བསྲེག་གཏོང་རོགས།།་་་

ཇེ་མང་ཀློགས།

གདན་ཞུའི་རྩོམ་པ་པོ།

Welcome Back!

Login to your account below

Retrieve your password

Please enter your username or email address to reset your password.

Add New Playlist