ཏྰ་ལའི་བླ་མ་དང་མཐོ་རིམ་སློབ་གྲ་གསར་བ་དེའི་བར་གྱི་འབྲེལ་བ་དངོས་ནས་ཅི་འདྲ་ཞིག་ཡིན་ནམ།་་་
ཇེ་མང་ཀློགས།དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
ང་རང་ལ་དམིགས་བསལ་གྱི་ལོ་རྒྱུས་ཁྱད་པར་བ་དེ་འདྲ་གང་ཡང་མེད་ཀྱང། གངས་ཅན་བོད་པ་ཚང་གི་ལས་དབང་ལ་དུངས་ཞེན་ཆེ་སྟབས། དེ་རིང་དུས་བབ་ཚང་གི་ཕུན་སུམ་ཚོགས་པའི་འཛིན་སྐྱོང་དེའི་འོག་སྐྱེད་ཚལ་ཞིག་རེག་པ་ལ། སྙིང་ཐག་པ་ནས་དགའ་མོས་བྱུང་བ་དང་ཆབས་གཅིག གངས་ཅན་བོད་པའི་ཡི་གེའི་དྲ་ཚིགས་འདི་འཛམ་གླིང་གི་བོད་པ་ཚང་གི་མི་ཡོད་ཚད་ཀྱིས་ལོངས་སྤྱོད་དུ་གང་མགྱོགས་མགྱོགས་ཡོང་བའི་རེ་སྨོན་ཞིག་དང་བཅས། དྲ་གྲོགས་ལྷན་རྒྱས་ལ་འཚམས་འདྲི་ཞུ། ཡིན་ཡང་ངས་གང་ཡང་མ་ཤེས་པ་ནས་ཅུང་ཙམ་ཤེས་པ་དང་། ཅུང་ཙམ་ཤེས་པ་ནས་ང་རྒྱལ་བྱེད་རྒྱུར་དགའ་བའི་རང་གཤིས་དེ་མེད་ལ། ངའི་རང་གཤིས་ལ་མི་གཞན་གྱིས་སྡོམ་ཚིག་རྒྱག་མི་ཐུབ་པ་མ་ཟད། རང་ཉིད་ཀྱིས་ཀྱང་རང་ཉིད་ལ་སྡོམ་ཚིག་རྒྱག་ཐུབ་ཀྱི་མེད། ང་རང་དེ་རིང་འདིར་ཡོང་དོན་གཙོ་བོ་ནི། བོད་པ་ཚང་གི་གནས་བབ་ཀྱི་འགྱུར་ལྡོག་ལ་བོད་པ་རང་ཉིད་ཀྱིས་རང་གི་མི་རིགས་ལ་ཁ་ཁོག་པ་མེད་པའི་ལས་དོན་ཞིག་གི་ཆེད་དུ་གྲོས་གཞི་དང་། རང་རང་གི་ལྟ་ཚུལ་རྐྱང་རྐྱང་ལ་ཨུ་ཚུགས་མི་བྱེད་པར་གནས་ལུགས་དང་རྒྱུ་མཚན་རྟོགས་ཆེད་དུ་ངོ་ཤེས་བྱེད་དུ་ཡོང་བ་དང་། དྲ་གྲོགས་གསར་པ་གང་མང་མང་ཞིག་ཁ་ཡོད་ལག་ཡོད་ཀྱིས་བོད་སྐད་བཤད་སའི་གླིང་ག་འདི་འདྲ་ཞིག་ཡོད་པ་དེ། རང་རང་གི་ཉེ་འཁོར་གྱི་བོད་རིགས་སྤུན་ཟླ་ཚོར་གསུང་རོགས་གནོངས་ཞེས་འབོད་སྐུལ་སེམས་བསམ་པའི་གཏིང་ནས་བྱེད་ཀྱི་ཡོད། །
ཏྰ་ལའི་བླ་མ་དང་མཐོ་རིམ་སློབ་གྲ་གསར་བ་དེའི་བར་གྱི་འབྲེལ་བ་དངོས་ནས་ཅི་འདྲ་ཞིག་ཡིན་ནམ།་་་
ཇེ་མང་ཀློགས།་་་་་་་་་་་་་་་་་་ངའི་ནང་མི་ཚོ་གནོད་འཚེ་མ་གཏོང་རོགས།་་་
ཇེ་མང་ཀློགས།བོད་པ་ཚང་གི་མི་ལུས་བླངས་ཡོད་ཚད་ཀྱིས་རང་ཉིད་བོད་དུ་སྐྱེ་བ་དེར་འགན་ཞིག་ལེན་འདོད་ཡོད་པ་ཡིན་ན་ནི། ཐོག་མར་ད་ལྟའི་གཉེན་ཁ་ཆེ་་་་་་་་་་
ཇེ་མང་ཀློགས།ནུ་མོ་ལགས། ཁྱེད་ཀྱིས་ཕུ་བོ་ངས་ཁྱེད་རང་ལ་བཅིངས་པའི་རེ་བ་ཡོད་ཚད་སྟོང་ཟད་དུ་གཏོང་མི་ཉན།་་་
ཇེ་མང་ཀློགས།ང་རང་ལ་དངོས་ནས་སེམས་འཁྲལ་ཡོང་གི་འདུག ཉིན་རེ་ནས་ཉིན་རེ་སོང་དེ་འོང་དུས་སུ།་་་
ཇེ་མང་ཀློགས།གང་ནས་གཞུར་ཏེ་འོང་བ་མི་ཤེས་བས།། རྟག་དུ་མནར་གཅོད་མྱོང་བའི་སེམས་པ་འདི།། ཅི་ཞིག་འཚོལ་བཞིན་ཡོད་མེད་མ་རྟོགས་པར།། དྲན་པ་འདི་ཉིད་ནམ་རྒྱུན་གཡེང་བས་འདས།།་་་
ཇེ་མང་ཀློགས།ཟླ་བ་གོར་ཞིང་བསིལ་རླུང་འཇམ་པ་དང་།། ཁ་ཁུ་སིམ་ཞིང་མཚན་མོ་སྨག་གིས་བྲལ།། བསམ་གཞིག་མོད་པའི་སེམས་ཀྱི་དྲན་འོག་ན།། སྙིང་གཏམ་མཛའ་མོའི་ཞལ་རས་མཛེས་ཤིག་སྡུག།་་་
ཇེ་མང་ཀློགས།མིག་གི་སོ་ཉུལ་ཕྱི་རོལ་ཁྲོམ་ལ་བྱས།། ནང་གི་སེམས་ཉིད་དྲན་པའི་གཟུགས་ལ་འཐིམ།། གཟུགས་རིས་དེ་ནི་རང་ལ་རྒྱུས་ཡོད་ཅིག། འོན་ཀྱང་ད་ལྟ་ཐག་རིང་ཕྱི་ན་འདུག།་་་
ཇེ་མང་ཀློགས།དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།