བལ་ཡུལ་གཞུང་གིས་བོད་མི་སྐྱབས་བཅོལ་བར་ངོ་སྤྲོད་ལག་འཁྱེར་སྤྲོད་འཆར་ཡོད་འདུག བོད་ཀྱི་དུས་བབ། ༢༠༢༢/༠༦/༢༩ ཕྱིའི་རྒྱལ་ཁབ་ཁག་ནས་ཡང་ཡང་སྐུལ་འདེད་བཏང་བ་ལ་བརྟེན་ནས་བལ་གཞུང་གིས་ཡུལ་དེའི་ནང་གནས་སྡོད་བྱེད་བཞིན་པའི་སྐྱབས་བཅོལ་བ་གཞན་ལྟར་བོད་མི་རྣམས་ལའང་ངོ་སྤྲོད་ལག་འཁྱེར་སྤྲོད་འཆར་ཡོད་སྐོར་བརྗོད་འདུག Nepal’s minister་་་ ཇེ་མང་ཀློགས།
རྒྱ་གར་ནང་འགྱིག་རིགས་སྤྱོད་མཚམས་འཇོག་ཐབས་ཀྱི་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་འདུག བོད་ཀྱི་དུས་བབ། ༢༠༢༢/༠༦/༢༩ ཕྱི་ཟླ་བདུན་པའི་ཚེས་ ༡ ཉིན་ནས་བཟུང་རྒྱ་གར་ནང་ཁོར་ཡུག་སྲུང་སྐྱོབ་ཀྱི་སླད་དུ་གཞུང་ངོས་ནས་བསྐྱར་སྤྱོད་མེད་པའི་འགྱིག་རིགས་སྤྱོད་མཚམས་འཇོག་ཐབས་ཀྱི་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་པ་རེད།་་་ ཇེ་མང་ཀློགས།
༧གོང་ས་མཆོག་གི་སྐུ་པར་བཤམས་པའི་ཉེས་མིང་འོག་བུད་མེད་ཅིག་འཛིན་བཟུང་བྱས། བོད་ཀྱི་དུས་བབ། ༢༠༢༢/༠༦/༢༩ བོད་ནག་ཆུ་ཨ་མདོ་རྫོང་ཁོངས་ནས་ཡིན་པའི་བུད་མེད་འཛུམ་དཀར་ཞེས་པ་ཞིག་གིས་རང་ཁྱིམ་གྱི་མཆོད་ཁང་ནང་དུ་༧གོང་ས་མཆོག་གི་སྐུ་པར་བཤམས་ཡོད་པའི་ཉེས་མིང་འོག་ལྷ་ས་རུ་བཙན་ཁྲིད་བྱས་ཡོད་འདུག ་་་ ཇེ་མང་ཀློགས།
ནག་ཆུའི་འབྲོག་རྫོང་གསུམ་ནས་མི་ཁྲི་ ༢ ལྷག་གནས་སྤོ་རུ་འཇུག་བཞིན་འདུག (ཁ་སྣོན།) བོད་ཀྱི་དུས་བབ། ༢༠༢༢/༠༦/༢༨ ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་ནས་བཟུང་བོད་ནག་ཆུ་ས་ཁུལ་གྱི་འབྲོག་རྫོང་ཆེན་མོ་གསུམ་ཏེ་མཚོ་གཉིས་རྫོང་དང་ཨ་མདོ་རྫོང་། ཉི་མ་རྫོང་བཅས་ནས་དུད་ཁྱིམ་ ༦༣༠༦ གི་མི་གྲངས་ཁྲི་ ༢(༢༦༣༠༤)ལྷག་ལྷོ་ཁ་ས་ཁུལ་གོང་དཀར་རྫོང་སོགས་སུ་གནས་སྤོ་གཏན་་་ ཇེ་མང་ཀློགས།
རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དཔུང་སྟོབས་ངོམས་པར་ཉི་ཧོང་གིས་ངོ་རྒོལ་བྱས། བོད་ཀྱི་དུས་བབ། ༢༠༢༢/༠༦/༢༨ རྒྱ་ནག་བཅིངས་གྲོལ་དམག་མི་ཟེར་བ་དེས་མི་ཡ་ཀོ་མཚོ་འགག་ཏུ་མཁའ་དམག་གནམ་གྲུ་མངགས་གཏོང་བྱས་ཏེ་དཔུང་སྟོབས་ངོམས་པར་ཉི་ཧོང་གིས་ངོ་རྒོལ་གྱི་བརྡ་ལན་སྤྲད། ་་་ ཇེ་མང་ཀློགས།
སྟོབས་ཆེན་རྒྱལ་ཁབ་བདུན་གྱིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལ་ཁ་གཏད་གཅོག་ཐབས་ཀྱི་མ་དངུལ་བཙུགས། བོད་ཀྱི་དུས་བབ། ༢༠༢༢/༠༦/༢༨ འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་བདུན་གྱིས་ཨ་སྒོར་ཐེར་འབུམ་ ༦༠༠ ཡི་མ་དངུལ་བཏང་སྟེ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལ་ཁ་གཏད་གཅོག་རྒྱུ་དང་ཡར་རྒྱས་འགྲོ་བཞིན་རྒྱལ་ཁབ་ཁག་ལ་རོགས་སྐྱོར་བྱ་འཆར་ཡོད་པ་རེད།་་་ ཇེ་མང་ཀློགས།
ཞིབ་འཇུག་སློབ་མ་ཉི་མ་ལ་མི་ལོ་གསུམ་གྱི་ཁྲིམས་ཐག་བཅད། བོད་ཀྱི་དུས་བབ། ༢༠༢༢/༠༦/༢༧ རྒྱ་ནག་གཞུང་གིས་སི་ཁྲོན་མི་རིགས་དགེ་འོས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་ཉི་མ་ཞེས་པ་ཞིག་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་གྱི་ཉེས་མིང་འོག་ལོ་ ༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་ད་ལྟ་གང་དུ་ཡོད་མེད་ཤེས་་་ ཇེ་མང་ཀློགས།