དོན་འགྲུབ་དབང་ཆེན་ལགས་ལ་སྙིང་སྟོབས་གཟེངས་རྟགས་ཕུལ། བོད་ཀྱི་དུས་བབ། ༢༠༡༩/༠༣/༢༦ བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་ལ་སྙིང་སྟོབས་གཟེངས་རྟགས་དང་ཨ་ཧྥེ་རི་ཁའི་བུད་མེད་ཀྱི་ཐོབ་ཐང་སྲུང་སྐྱོབ་པ་ལྕམ་ནེམ་ཁོ་ཨ་ལི་ལགས་ལ་རྒྱལ་སྤྱིའི་བུད་མེད་ཀྱི་ཐོབ་ཐང་གཟེངས་རྟགས་ཕུལ་སོང་།་་་ ཇེ་མང་ཀློགས།
རྒྱ་ནག་གིས་འཛམ་གླིང་གསར་འགོད་རང་དབང་ལ་དབང་བསྒྱུར་ཉེན་འདུག་ཟེར། བོད་ཀྱི་དུས་བབ། ༢༠༡༩/༠༣/༢༦ རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ནི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། གསར་འགོད་རང་དབང་དང་འཇིག་རྟེན་ཀུན་ཁྱབ་ཀྱི་རིན་ཐང་སོགས་ཀྱི་དགྲ་བོ་རེད་ཅེས་གསུངས་འདུག་་་ ཇེ་མང་ཀློགས།
མངའ་ཁོངས་བདག་དབང་ཆེད་ས་ཁྲ་ཁྲི་མང་པོ་རྩ་མེད་བཏང་། བོད་ཀྱི་དུས་བབ། ༢༠༡༩/༠༣/༢༦ རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུང་ཐའེ་ཝན་དང་བོད་ཀྱི་ལྷོ་རྒྱུད་ཨ་རུ་ན་ཅལ་གཉིས་ནི་རྩ་ཆེ་ཞིང་ཉམས་དམས་གཏོང་ཐབས་མེད་པའི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་རེད་ཟེར།་་་ ཇེ་མང་ཀློགས།
བོད་ནང་ཕྱི་མི་འགྲོ་སྐྱོད་བྱེད་པར་སྔར་བཞིན་དམ་དྲག་བྱེད་ཀྱི་འདུག བོད་ཀྱི་དུས་བབ། ༢༠༡༩/༠༣/༢༦ ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་རྒྱ་ནག་གཞུང་གིས་ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཞིན་ཅང་ཁུལ་དུ་ལྟ་ཞིབ་སླད་ཡོང་བར་གདན་འདྲེན་ཞུས་ཡོད་ཀྱང་གྲ་སྒྲིག་དང་གཟབ་ནན་དགོས་གལ་ཆེ་སྐོར་གསུངས་ཏེ་དང་ལེན་གནང་མི་འདུག་་་ ཇེ་མང་ཀློགས།
སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་འཛུལ་མཁན་ལོ་རེ་བཞིན་འཕར་བཞིན་ཡོད། བོད་ཀྱི་དུས་བབ། ༢༠༡༩/༠༣/༢༦ འཕྲོད་བསྟེན་བཀའ་བློན་མཆོག་ནས་ད་བར་སྨན་བཅོས་ལྟ་སྐྱོང་ལས་གཞིར་ཚུར་ཡོང་སྒོ་ལས་འགྲོ་སྒོ་ཆེ་བ་ཡོད་པ་དང་མ་འོངས་པར་འཛུལ་ཞུགས་བྱེད་མཁན་འཕར་ནས་དམིགས་ཚད་ཟིན་པ་ཞིག་བྱུང་བ་ཡིན་ན་རང་ཁ་རང་གསོ་ཐུབ་པ་ཡོང་་་ ཇེ་མང་ཀློགས།
གློ་ཚེ་རོག་གཞིས་གྲོང་དུ་ས་ཉིལ་བྱུང་། བོད་ཀྱི་དུས་བབ། ༢༠༡༩/༠༣/༢༦ བལ་ཡུལ་སྤོག་རའི་ཁྱབ་ཁོངས་གློ་ཚེ་རོག་བོད་མིའི་གཞིས་གྲོང་ནང་ས་ཉིལ་བྱུང་སྟེ་སྨན་ཁང་དང་སྤྱི་པའི་གསང་སྤྱོད་འཁྲུས་ཁང་སོགས་ལ་གནོད་སྐྱོན་ཐེབས་ཡོད་འདུག་་་ ཇེ་མང་ཀློགས།
ཆོས་བརྒྱུད་གཞན་གྱི་བཙུན་མ་ཚོ་ཏོག་ཙམ་ལྷག་ཡོད་པའི་རྣམ་པ་ཐོན་པ་དེ་དབྱེ་འབྱེད་སོགས་མ་རེད། བོད་ཀྱི་དུས་བབ། ༢༠༡༩/༠༣/༢༥ ཆོས་རིག་ལས་ཁུངས་དེ་སྤྱི་ལ་ཁྱབ་པ་ཞིག་ཆགས་ཀྱི་ཡོད་པས་མ་འོངས་པར་ཆོས་བརྒྱུད་གཞན་གྱི་བཙུན་མ་ལའང་དགེ་བཤེས་མ་དང་འདྲ་བའི་མཐུན་འགྱུར་གནང་རྒྱུ་ཡིན་སྐོར་གསུངས་སོང་།་་་ ཇེ་མང་ཀློགས།
སྟོབས་རྒྱལ་ལགས་ཨོ་རྩལ་འགྲན་ཚོགས་ནང་ཚུད། བོད་ཀྱི་དུས་བབ། ༢༠༡༩/༠༣/༢༥ རྒྱ་ནག་ཞུའུ་ཀྲུའུ་གྲོང་ཁྱེར་གྱི་རྒྱལ་སྤྱིའི་རྒྱང་རྒྱུག་འགྲན་སྡུར་ཁྲོད་བོད་རིགས་ཨོ་རྩལ་བ་སྟོབས་རྒྱལ་ལགས་ཀྱིས་ཨང་དང་པོ་དང་བུ་མོ་ལུས་རྩལ་བ་ཚེ་རིང་མཚོ་མོས་ཨང་གསུམ་པ་བླངས་ཡོད་འདུག་་་ ཇེ་མང་ཀློགས།