མུ་ར་སྦྱིན་པ་ཀློད་གྲོལ་བཏང་། བོད་ཀྱི་དུས་བབ། ༢༠༡༥/༡༢/༠༤ ཁ་སང་ཕྱི་ཚེས་ ༣ ཉིན་ཀན་ལྷོ་རྨ་ཆུ་རྫོང་ནས་ཡིན་པའི་ཆབ་སྲིད་བཙོན་པ་མུ་ར་སྦྱིན་པ་ལགས་ཀློད་གྲོལ་བཏང་སྟེ་རང་ཡུལ་དུ་འབྱོར་སྐབས་ས་གནས་སེར་སྐྱ་མི་མང་གིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་འདུག་་་ ཇེ་མང་ཀློགས།
གྲྭ་བ་གཉིས་ལ་ཁྲིམས་ཐག་བཅད་འདུག བོད་ཀྱི་དུས་བབ། ༢༠༡༥/༡༢/༠༣ གསར་དུ་ཤེས་རྟོགས་བྱུང་བར་རྒྱ་ནག་གཞུང་གིས་རྔ་པ་ཀིརྟི་དགོན་པའི་གྲྭ་དགེ་འདུན་ཕུན་ཚོགས་ལ་ལོ་ ༤ དང་གྲྭ་བློ་བཟང་སྐལ་བཟང་ལ་ལོ་ ༣ དང་ཕྱེད་བཅས་ཀྱི་ཁྲིམས་ཐག་བཅད་ཡོད་འདུག་་་ ཇེ་མང་ཀློགས།
བློ་བཟང་དགེ་འཕེལ་སླར་ཡང་འཛིན་བཟུང་། བོད་ཀྱི་དུས་བབ། ༢༠༡༥/༡༢/༠༣ གཟའ་ཟླ་བའི་ཉིན་དགོང་མོར་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་དགེ་འཕེལ་རང་ཤག་གནས་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་འདུག་་་ ཇེ་མང་ཀློགས།
བསྟན་འཛིན་རྒྱ་མཚོ་ཁྲི་ལོར་བརྟན་པར་ཤོག བོད་ཀྱི་དུས་བབ། ༢༠༡༥/༡༡/༢༩ ཁ་སང་དཀར་མཛེས་རྫོང་ཐོག་ཏུ་བོད་མི་ཞིག་གིས་བསྟན་འཛིན་རྒྱ་མཚོ་ཁྲི་ལོར་བརྟན་པར་ཤོག་ཅེས་སྐད་འབོད་རྒྱབ་པར་བརྟེན་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག་་་ ཇེ་མང་ཀློགས།
བོད་ནང་ས་ཡོམ་བརྒྱབ། བོད་ཀྱི་དུས་བབ། ༢༠༡༥/༡༡/༢༤ ཁ་སང་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་དང་མཚོ་ནུབ་ཁུལ་ཏུ་ཚད་རིམ་མི་འདྲ་བའི་ས་ཡོམ་ཐེངས་མང་བརྒྱབ་སྟེ་ཡུལ་མིའི་སྡོད་ཁང་སོགས་ལ་གནོད་སྐྱོན་ཐེབས་ཡོད་འདུག་་་ ཇེ་མང་ཀློགས།
ཆོས་ལུཊ་ཁྱབ་ཁོངས་གཙང་བཤེར་ཏན་ཏིག་བྱོས་ཟེར། བོད་ཀྱི་དུས་བབ། ༢༠༡༥/༡༡/༠༧ ཉེ་སྔོན་འབྲི་རུ་རྫོང་མི་མང་སྲིད་གཞུང་གིས་ཆོས་ལུགས་ཁྱབ་ཁོངས་བཅོས་སྒྲིག་གཙང་བཤེར་ཐད་སྔར་ལས་ཤུགས་སྣོན་དགོས་སྐོར་གྱི་བརྡ་ཐོ་ཞིག་སྤེལ་ཡོད་འདུག་་་ ཇེ་མང་ཀློགས།
བཙུན་མ་ཕུད་དེ་བཙུན་ཤག་གཏོར། བོད་ཀྱི་དུས་བབ། ༢༠༡༥/༡༡/༠༤ འབྲི་རུ་རྫོང་ཁོངས་སུ་ཡོད་པའི་བྱ་མདའ་དགེ་ལྡན་མཁའ་སྤྱོད་གླིང་གི་བཙུན་མ་ ༡༠༦ ཕྱིར་འབུད་བཏང་ཡོད་པ་མ་ཟད། ཤུལ་དུ་ལྷག་པའི་བཙུན་མ་རྣམས་ཀྱི་བཙུན་ཤག་མང་ཆེ་བ་གཏོར་བཤིག་བཏང་སྟེ་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་འདུག་་་ ཇེ་མང་ཀློགས།
སྐད་འབོད་བྱས་ཏེ་འཛིན་བཟུང་བྱས་འདུག བོད་ཀྱི་དུས་བབ། ༢༠༡༥/༡༠/༣༠ གཟའ་ཟླ་བའི་ཉིན་རྔ་པ་རྫོང་གི་ཁྲོམ་གཞུང་དུ་མི་སྐྱ་བཀྲ་ཤིས་ཞུ་བ་ཞིག་གིས་བོད་ལ་རང་དབང་དགོས། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཞེས་སྐད་འབོད་གནང་སྟེ་རྒྱ་གཞུང་གིས་འཛིན་བཟུང་བྱས་འདུག་་་ ཇེ་མང་ཀློགས།