ས་ཡོམ་གྱིས་ཀན་སུའུ་ཡི་རིག་དངོས་རྩ་ཆེན་ལའང་གནོད་སྐྱོན་ཐེབས་འདུག བོད་ཀྱི་དུས་བབ། ༢༠༢༣/༡༢/༢༦ ཐེངས་འདིའི་ས་ཡོམ་གྱིས་མཚོ་སྔོན་གྱི་ཡ་རྫི་རྫོང་གི་རྡོ་སྦིས་ཕྱོགས་དང་བཀའ་མ་ལོག་གི་ཁྭ་ཏི་ཁ་དགོན་པའི་ཕྱོགས་ཀྱི་སྡེ་བ་ཁག་གི་ནང་དུ་གནོད་སྐྱོན་ཚབས་ཆེན་ཐེབས་འདུག ཡ་རྫི་རྡོ་སྦིས་དགོན་པ་དང་བཀའ་མ་ལོག་གི་རི་་་ ཇེ་མང་ཀློགས།
ཧི་མ་ལ་ཡ་རྟགས་ཅན་གྱི་གནམ་གྲུ་ཞིག་བོད་ཀྱི་རྒྱལ་ས་ལྷ་སར་ཤར་གཏོང་བྱ་རྒྱུ་ཡིན་ཟེར། བོད་ཀྱི་དུས་བབ། ༢༠༢༣/༡༢/༢༥ བལ་ཡུལ་དང་བོད་ལྗོངས་མཁའ་ལམ་གཉིས་མཉམ་འབྲེལ་བྱས་པའི་འགྲིམ་འགྲུལ་གནམ་གྲུ་ཞིག་བལ་ཡུལ་ནས་བོད་ཀྱི་རྒྱལ་ས་ལྷ་སར་འཕུར་མགོ་འཛུགས་རྒྱུ་ཡིན་འདུག་་་ ཇེ་མང་ཀློགས།
མགོན་པོ་སྐྱིད་ལགས་ཀློད་གྲོལ་བཏང་འདུག བོད་ཀྱི་དུས་བབ། ༢༠༢༣/༡༢/༢༢ ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་རྒྱ་གཞུང་ཉེན་རྟོག་པས་བདེན་པའི་འཐབ་རྩོད་པ་མགོན་པོ་སྐྱིད་ལགས་ཉིན་གྲངས་དགུའི་རིང་འཛིན་བཟུང་བཀག་ཉར་བྱས་རྗེས་ཀློད་གྲོལ་བཏང་ཡོད་འདུག་་་ ཇེ་མང་ཀློགས།
སྲིད་སྐྱོང་མཆོག་གིས་བོད་ནང་ས་ཡོམ་བྱུང་བར་ཐུགས་གསོ་གནང་། བོད་ཀྱི་དུས་བབ། ༢༠༢༣/༡༢/༢༡ བོད་མཚོ་སྔོན་དང་ཀན་ལྷོ་ཁུལ་དུ་ས་ཡོམ་བརྒྱབ་སྟེ་མི་རྒྱུ་གཉིས་ལ་གནོད་འཚེ་ཐེབས་པའི་ཐད་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཐུགས་གསོ་གནང་འདུག་་་ ཇེ་མང་ཀློགས།
ཀིརྟི་དགོན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་མཛོད་ཚང་བློ་བཟང་བརྩོན་འགྲུས་མཆོག་སྐུ་གཤེགས། བོད་ཀྱི་དུས་བབ། ༢༠༢༣/༡༢/༢༠ རྔ་བ་ཀིརྟི་དགོན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་མཛོད་ཚང་བློ་བཟང་བརྩོན་འགྲུས་མཆོག་ཁྲིན་ཏུའུ་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་སྙུན་གཞིའི་རྐྱེན་གྱིས་སྐུ་གཤེགས་ཡོད་འདུག མཛོད་ཚང་དགེ་བཤེས་བློ་བཟང་བརྩོན་འགྲུས་མཆོག དྲ་ལམ་གྱི་པར།་་་ ཇེ་མང་ཀློགས།
མགོན་པོ་སྐྱིད་ཀྱི་བཟའ་ཟླ་ཆོས་སྐྱོང་ལགས་ཀློད་གྲོལ་བཏང་འདུག བོད་ཀྱི་དུས་བབ། ༢༠༢༣/༡༢/༢༠ མགོན་པོ་སྐྱིད་ཀྱི་བཟའ་ཟླ་ཆོས་སྐྱོང་ལགས་སུ་རྒྱ་གཞུང་ཉེན་རྟོག་པས་ཉིན་ལྔའི་རིང་ཁ་ཏ་སློབ་གསོ་ཟེར་བ་བྱས་ཏེ་ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ཀློད་གྲོལ་བཏང་ཡོད་འདུག་་་ ཇེ་མང་ཀློགས།
དབྱིན་ཇིའི་གྲོས་ཚོགས་ནང་བོད་བརྒྱུད་ནང་བསྟན་གྱི་དད་མོས་རང་དབང་སྲུང་དགོས་པའི་བགྲོ་གླེང་བྱས་འདུག བོད་ཀྱི་དུས་བབ། ༢༠༢༣/༡༢/༡༥ དབྱིན་ཇིའི་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་རྒྱལ་སྤྱིའི་ཆོས་དད་རང་ལྷན་ཚོགས་ཀྱི་སྣེ་འཁྲིད་འོག་དབྱིན་ཇིའི་གྲོས་ཚོགས་ནང་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་དད་མོས་རང་དབང་སྲུང་སྐྱོབ་དགོས་པའི་བགྲོ་གླེང་འཚོགས། ་་་ ཇེ་མང་ཀློགས།
བདེན་པའི་འཐབ་རྩོད་པ་མགོན་པོ་སྐྱིད་བཟའ་ཚང་གཉིས་འཛིན་བཟུང་བྱས་འདུག བོད་ཀྱི་དུས་བབ། ༢༠༢༣/༡༢/༡༣ བོད་ཀྱི་ཕྱུག་བདག་ཆེན་མོ་རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་འབོད་སྐུལ་བྱས་སྟབས། མགོན་པོ་སྐྱིད་དང་བཟའ་ཟླ་ཆོས་སྐྱོང་ལགས་གཉིས་འཛིན་བཟུང་བྱས་ཡོད་འདུག་་་ ཇེ་མང་ཀློགས།