གསར་དུ་ཤེས་པ་རེད་ཟེར། བོད་ཀྱི་དུས་བབ། ༢༠༡༡/༠༥/༠༩ ཉེ་ལམ་རྔ་པའི་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་བྱེད་སྐབས་རྔ་པ་སྤྲོ་ཚིགས་ཐང་བ་མའི་བཀྲ་རྒྱལ་ཚང་གི་ཕོ་གསར་སྐལ་བཟང་ཞུ་བ་ཞིག་འཛིན་བཟུང་བྱས་ཏེ་ད་བར་གར་སོང་ཆ་མེད་ཆགས་ཡོད་འདུག་་་ ཇེ་མང་ཀློགས།
སློབ་གྲྭར་དམ་དྲག བོད་ཀྱི་དུས་བབ། ༢༠༡༡/༠༥/༠༩ རྒྱ་གཞུང་གིས་མདོ་སྨད་རྔ་པའི་མི་རིགས་མཐོ་འབྲིང་སློབ་གྲྭར་དམ་དྲག་དང་། སློབ་མའི་དཔེ་དེབ་རྣམས་ལ་ཞིབ་བཤེར་བྱས་ཏེ་གཞུང་གི་དཔེ་རྟགས་མེད་པ་རྣམས་མེར་བསྲེགས་བཏང་ཡོད་འདུག་་་ ཇེ་མང་ཀློགས།
དགེ་འདུན་པ་ ༢ ལ་ཁྲིམས་ཆད། བོད་ཀྱི་དུས་བབ། ༢༠༡༡/༠༥/༠༧ རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་དར་རྒྱས་དང་དཀོན་མཆོག་ཚུལ་ཁྲིམས་གཉིས་ལ་རྔ་པ་རྫོང་མི་དམངས་ཁྲིམས་ཁང་གིས་ལོ་གསུམ་རེའི་ཁྲིམས་ཐག་བཅད་འདུག་་་ ཇེ་མང་ཀློགས།
ཁྲིམས་གཅོད་ཀྱི་བརྡ་ཡིག་འབྱོར་འདུག བོད་ཀྱི་དུས་བབ། ༢༠༡༡/༠༥/༠༦ འབར་ཁམས་མི་མང་ཁྲིམས་ཁང་གིས་རྩོམ་པ་པོ་འབྲོག་རུ་ཚུལ་ཁྲིམས་ལགས་སུ་ཁྲིམས་ཐག་གཅོད་རྒྱུའི་བརྡ་ཡིག་ཅིག་འབྱོར་ཡོད་འདུག ་་་ ཇེ་མང་ཀློགས།
ཨ་འདུས་དགོན་གྲོང་གི་གནས་སྟངས། བོད་ཀྱི་དུས་བབ། ༢༠༡༡/༠༥/༠༦ ཉེ་ལམ་ཨ་མདོ་རྔ་པ་ས་ཁུལ་དུ་རྒྱ་གཞུང་གིས་དམ་དྲག་བྱས་པ་དང་བསྟུན་ཏེ། རྔ་པ་ཨ་འདུས་དགོན་གྲོང་གཉིས་སུ་ཡང་གནས་ཚུལ་སྣ་ཚོཊ་ཤིག་བྱུང་ཡོད་འདུག་་་ ཇེ་མང་ཀློགས།
བརྒྱ་དཔོན་འཛིན་བཟུང་། བོད་ཀྱི་དུས་བབ། ༢༠༡༡/༠༥/༠༦ རྒྱ་ནག་གཞུང་གིས་མདོ་ཁམས་རྫ་ཁོག་ཐང་འཇུག་གྲོང་སྡེའི་བརྒྱ་དཔོན་བློ་བཟང་དཔལ་ལྡན་ལགས་ལ་སྦྱར་ཡིག་པའི་ཉེས་འཛུགས་འོག་འཛིན་བཟུང་བྱས་ཡོད་འདུག་་་ ཇེ་མང་ཀློགས།
ནང་མིའི་སེམས་འཁྲལ་བྱེད་ཀྱི་འདུག བོད་ཀྱི་དུས་བབ། ༢༠༡༡/༠༥/༠༢ རྒྱ་གཞུང་གིས་རྔ་པ་ཀིརྟི་དགོན་པར་སློབ་གཉེར་བྱེད་ཀྱིན་པའི་རྨ་ལྷོ་རྩེ་ཁོག་རོང་བོ་སྡེ་བའི་དགེ་འདུན་པ་ལྔ་འཛིན་བཟུང་བྱས་ཡོད་སྟབས། ད་ཆར་ནང་མི་ཚོས་སེམས་འཁྲལ་ཆེན་པོ་བྱེད་ཀྱི་འདུག་ཟེར། ་་་ ཇེ་མང་ཀློགས།
མུ་མཐུད་འཛིན་བཟུང་བྱེད་ཀྱི་འདུག བོད་ཀྱི་དུས་བབ། ༢༠༡༡/༠༤/༣༠ རྔ་པ་ཀིརྟི་དགོན་པར་རྒྱ་གཞུང་གིས་མུ་མཐུད་དུ་དམ་དྲག་བྱས་ཏེ། དགེ་འདུན་པ་ཉེས་མེད་དག་ལ་ཉེས་རྡུང་མནར་གཅོད་དང་འཛིན་བཟུང་བཙོན་འཇུག་བྱེད་ཀྱི་ཡོད་འདུག་་་ ཇེ་མང་ཀློགས།