མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོ་གིས་དགེ་བཤེས་མཚན་རྟགས་བཞེས།

བོད་ཀྱི་དུས་བབ།
༢༠༡༦/༡༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཟླ་ ༡༡ ཚེས་ ༢༠ ལྷ་བབ་དུས་ཆེན་ཉིན་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་དཀར་སྤུངས་བའི་ཆོས་སྡེ་རུ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་དགེ་བཤེས་མཚན་རྟགས་བཞེས་པའི་རྟེན་འབྲེལ་མཛད་སྒོ་ཚོགས་ཡོད་པ་རེད།

TibetTimesཐེངས་འདིའི་མཛད་སྒོའི་སྟེང་འཇམ་མགོན་རྒྱལ་བའི་གདུང་འཚོབ་དགའ་ལྡན་ཁྲི་པ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དང་། རྩེ་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་ཚབ་དྲུང་ཆེ་བློ་བཟང་སྤྱིན་པ་མཆོག བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག དེ་བཞིན། གདན་ས་གྲྭ་ཚང་ཁག་གི་མཁན་སྤྲུལ་དགེ་བཤེས་དང་། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ། གཞིས་ཆགས་ཁག་གི་མི་མང་བཅས་སེར་སྐྱ་མི་མང་ ༡༠༠༠ ལྷག་འདུ་འཛོམས་བྱུང་ཡོད་འདུག

ཉིན་དེའི་ཞོགས་པར་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་འབྲས་སྤུངས་བླ་སྤྱིའི་ཚོགས་ཆེན་འདུ་ཁང་དུ་དགེ་བཤེས་མཚན་རྟགས་བཞེས་རྗེས། འདུས་མང་ཡོངས་ཀྱིས་ཁ་བཏགས་བསྒྲོན་འབུལ་ཞུས་ཏེ་བསྙེན་བཀུར་ཞུས་ཡོད་པ་དང་། དེའི་རྗེས་བློ་གསལ་གླིང་གི་འདུ་ཁང་གསར་པའི་ནང་དམ་འཇོག་གི་མཛད་སྒོ་དངོས་གཞི་ཚོགས་ཏེ་སྐུ་མགྲོན་རྣམ་པའི་གཏམ་བཤད་གནང་ཡོད་པ་རེད།

ཚེས་ ༢༡ ཉིན་གྱི་སྔ་དྲོར་བློ་གསལ་གླིང་གི་འདུས་མང་ཡོངས་ཀྱིས་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་ཆེ་བསྟོད་གཟེངས་རྟགས་ཤིག་ཀྱང་ཕུལ་ཡོད་པ་རེད།

གླིང་མཆོག་སྤྲུལ་སྐུ་ཕྲེང་བདུན་པ་བསྟན་འཛིན་ལུང་རྟོགས་འཕྲིན་ལས་ཆོས་འཕགས་མཆོག་ནི། ༡༩༨༥ ཟླ་ ༡༡ ཚེས་ ༡༨ ཉིན་འཕགས་ཡུལ་དྷ་རམ་ས་ལར་ཡབ་ཚེ་དབང་བཟང་པོ་དང་ཡུམ་བྲག་ནག་པ་སྐལ་བཟང་ཆོས་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་གནས་ཆུང་ཆོས་རྒྱལ་ཆེན་པོ་གཉིས་ཀྱིས་སྐུ་གོང་མའི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་མཛད་དེ། ༡༩༨༧ ལོར་སྐུ་གོང་མའི་གདན་ཁྲིར་ཁྲི་འདོན་དང་མཁས་མང་བློ་གསལ་གླིང་དུ་ཆོས་བཞུགས་གནང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མདུན་ནས་དགེ་བསྙེན་དང་རབ་བྱུང་དགེ་ཚུལ་བཅས་ཀྱི་བསྙེན་རྫོགས་བསླབ་སྡོམ་རིམ་པར་བཞེས་ཤིང་། དགེ་བའི་བཤེས་གཉེན་ཆེན་པོ་འདན་མ་བློ་ཆོས་རིན་པོ་ཆེ་དང་གླིང་གུང་འབར་ཆེ་ཚང་རིན་པོ་ཆེ། མཁས་པའི་དབང་བོ་ཕ་ར་དགེ་བཤེས་རྣམ་རྒྱལ་དབང་ཆེན། དཔེ་ཐུབ་དགེ་བཤེས་ཐུབ་བསྟན་རབ་རྒྱས་རྣམས་ཡོངས་འཛིན་དུ་བསྟེན་ཏེ་བསྡུས་གྲྭ་བློ་རྟགས་ནས་གསན་སྦྱོང་གི་དབུ་འཛུགས་མཛད་ནས་གཞུང་ཆེན་ཁག་ལ་གསན་བསམ་གྲུབ་ཏེ། འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༠ ཉིན་དགེ་བཤེས་དམ་འཇོག་དང་འབྲེལ་དགེ་བཤེས་མཚན་བཏགས་བཞེས་གནང་མཛད་ཡོད་པ་རེད།

ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་སྐུ་ཕྲེང་རིམ་བྱོན་ནི། སྐུ་ཕྲེང་དང་པོ་དགའ་ལྡན་ཁྲི་ཆེན་ཡོངས་འཛིན་དོན་འགྲུབ་རྒྱ་མཚོས་རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་ཡོངས་འཛིན་ཆེ་བ་གནང་བ་དང་། དགུང་གྲངས་དོན་གསུམ་ཐོག་ ༡༧༢༧ ལོར་ལྷ་བཟང་ཁང་གིས་སྲིད་རྙོག་གི་དོན་རྐྱེན་འོག་དགའ་ལྡན་ཁྲི་ལས་ཕབ་རྗེས་བྱ་ཡུལ་ཆོས་སྡེ་རུ་དགོངས་པ་ཆོས་དབྱིངས་སུ་ཐིམ། སྐུ་ཕྲེང་གཉིས་པ་ཧོ་ཐོག་ཐུ་གླིང་དགེ་འདུན་བསྟན་པའི་རྒྱལ་མཚན་མཆོག་ནི་རྒྱལ་དབང་བདུན་པ་ཆེན་པོའི་ཐུགས་སྲས་གྱི་ཚུལ་དུ་བཟུང་ནས་མདོ་ཁམས་ཡུལ་དུ་ཆེད་གཏོང་གནང་མཛད་ཅིང་། བསྟན་པའི་མིག་རྒྱན་ཆེ་བར་མཛད་པའི་གཟིགས་གསོས་སུ་ཧོ་ཐོག་ཐུའི་ཆོ་ལོ་བཞེས་གནང་མཛད། དགུང་གྲངས་རེ་གསུམ་པར་ ༡༧༩༠ ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ། སྐུ་ཕྲེང་གསུམ་པ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་ནི། ༡༩༧༡ ལོར་ཁམས་སྡེེ་དགེ་གླིང་ཚང་དུ་སྐུ་འཁྲུངས་བ་དང་། དགུང་གྲངས་ཉི་ཤུའི་ཐོག་ ༡༨༡༠ ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ། སྐུ་ཕྲེང་བཞི་པ་དགའ་ལྡན་ཁྲི་ཐོག་དོན་ལྔ་པ་ཡོངས་འཛིན་ངག་དབང་ལུང་རྟོགས་ཡོན་ཏན་རྒྱ་མཚོ་མཆོག་ནི་ ༡༨༡༡ ལོར་སྤོ་སྨད་དུ་ཡུམ་སྒྲོལ་མའི་སྲས་སུ་སྐུ་འཁྲུངས་ཤིང་། ༧རྒྱལ་མཆོག་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོའི་ཡོངས་འཛིན་གནང་བ་དང་། དགུང་གྲངས་ཞེ་ལྔའི་ཐོག་ ༡༨༥༥ ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།

སྐུ་ཕྲེང་ལྔ་པ་ཤར་ཆོས་ཡོངས་འཛིན་བློ་བཟང་ལུང་རྟོགས་བསྟན་འཛིན་འཕྲིན་ལས་མཆོག་ནི། ༡༨༥༦ ལོར་གངས་ཅན་ལྗོངས་ཀྱི་ཡུལ་དབུས་ལྷ་ས་དང་ཁད་ཉེ་འཕན་ཡུལ་རག་མ་ཞེས་པར་སྐུ་འཁྲུངས་ཤིང་། ༧རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གི་ཡོངས་འཛིན་མཛད། དགུང་གྲངས་ང་གསུམ་ཐོག་ ༡༩༠༢ ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ། སྐུ་ཕྲེང་དྲུག་པ་དགའ་ལྡན་ཐོག་གོ་བདུན་པ་ཡོངས་འཛིན་གླིང་སྤྲུལ་ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས་མཆོག་ནི། ༡༩༠༣ ལོར་ཡབ་ཀུན་དགའ་ཚེ་རིང་དང་ཡུམ་བསོད་ནམས་བདེ་སྐྱིད་གཉིས་སུ་སྲས་སུ་བཀར་འོག་ཏུ་སྐུ་འཁྲུངས་ཤིང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་གི་ཡོངས་འཛིན་ཆེ་བའི་མཚན་གནས་རིམ་པར་བཞེས་ནས་བྱང་ཆུབ་ལམ་གྱི་རིམ་པ་དང་གཞུང་ཆེན་བཀའ་པོད་ལྔས་མཚོན། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱིས་གཙོས་བདེ་གསང་འཇིགས་གསུམ་གྱི་དབང་ཁྲིད་མན་ངག་སོགས་མདོ་སྔགས་ཡོངས་རྫོགས་ཀྱི་གསུང་ཆོས་དང་༧གོང་ས་མཆོག་ལ་བསྙེན་རྫོགས་ཀྱི་སྡོམ་པ་འབུལ་གནང་མཛད་ནས་སངས་རྒྱས་ཀྱི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད། གདན་ས་གསུམ་གཙོ་གྱུར་གྱི་རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་དུ་མས་ཞབས་པད་སྤྱི་བོའི་གཙུག་ཏུ་བཀུར། མཐར་དགུང་གྲངས་བརྒྱད་ཅུའི་ཐོག་ ༡༩༨༣ ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན།

tibettimes3

རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༧ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༨ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༨ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༢༣ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 2

  1. སྟག་མའི་མེ་ཏོག says:
    ལོ་ 9 སྔོན།

    སྐུ་སྐྱེ་བསྟན་དོན་དུ་བྱོན་ན། བཤད་གྲུབ་ལག་རྗེས་ཤིག་ཡོད་དགོས།

    Reply
  2. sangye tandar says:
    ལོ་ 9 སྔོན།

    བཀྲ་ཤིས་པའི་གཏམ་བཟང་ལ་ཕྱོགས་བཅུ་ཡོངས་ཀྱི་ཚབ་ཞུས་ཏེ་བཀྲ་ཤིས་བདེ་ལེགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese