མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་ཕྲུག་ཅིག་གིས་སྐུ་ལུས་མེར་བསྲེཊ་གནང་འདུག

བོད་ཀྱི་དུས་བབ།
༢༠༡༦/༠༣/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་སྔ་དྲོར་མ་སུ་རི་བོད་ཁྱིམ་གྱི་འཛིན་རིམ་བཅུ་པའི་སློབ་ཕྲུག་རྡོ་རྗེ་ཚེ་རིང་ལགས་ནས་སྐུ་ལུས་མེར་བསྲེགས་གནང་སྟེ་ད་ལྟ་ལྡི་ལིའི་སྨན་ཁང་ཞིག་ཏུ་ཡོད་འདུག

 

image1ཁ་སང་ཕྱི་ཚེས་ ༢༩ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༨།༣༠ ཙམ་ལ་རྡེ་ར་རྡུན་གྱི་རྒན་གསོ་ཁང་གི་ཉེ་འཁྲིས་ཤིག་ཏུ་མ་སུ་རི་བོད་ཁྱིམ་གྱི་འཛིན་རིམ་བཅུ་པའི་སློབ་ཕྲུག་རྡོ་རྗེ་ཚེ་རིང་ལགས་ནས་སྐུ་ལུས་མེར་བསྲེགས་གནང་སྟེ། ད་ལྟ་ལྡི་ལིའི་སྨན་ཁང་(Safdarjung hospital)དུ་མྱུར་སྐྱོབ་བྱེད་བཞིན་ཡོད་ཀྱང་། གཟུགས་པོའི་བརྒྱ་ཆ་ ༩༥ ཚིག་ཟིན་ཡོད་འདུག

 

རྡོ་རྗེ་ཚེ་རིང་ལགས་ཀྱི་པ་ལགས་ཀྱིས་འདི་གའི་གསར་འགོད་པར་བརྗོད་དོན། དེ་སྔོན་གུང་གསེང་ལ་ཡོང་སྐབས་ནས་ཁོས། པ་ལགས་ངས་བོད་སྤྱི་པའི་རྩ་དོན་གྱི་ཐོག་ལས་ཀ་ཞིག་བྱས་པ་ཡིན་ན། ཁྱེད་རང་དགའ་ས་རེད་དམ་ཞེས་སྐད་ཆ་འདྲི་ཡི་འདུག ཅེས་དང་། ཁོང་གི་ཨ་མ་ལགས་ཀྱིས། སྔོན་མ་ནས་ཁོང་རང་ལ་དམིགས་ཡུལ་འདི་འདྲ་འདུག ཐེངས་ཤིག་མ་སུ་རི་ལ་ཁ་པར་གཏོང་སྐབས། ཁོས་ཨ་མ་ལགས། ངས་བོད་ཀྱི་རྩ་དོན་ཆེད་ལས་ཀ་ཞིག་བྱ་རྒྱུ་ཡིན། ཨ་མ་ལགས་ཁྱེད་རང་དགའ་ས་རེད་དམ་ཟེར། ཕ་མ་ཟེར་བ་དེ་སོ་སོའི་ཕྲུ་གུ་ནི་གཅེས་ཕྲུག་རང་ཡིན་པས། ཁྱོས་དེ་འདྲ་བྱས་པ་ཡིན་ན་ཁྱེད་རང་གི་སྔོན་དུ་ང་ཤི་ཡི་ཡིན་ཞེས་ལབ་ཡིན། ཡིན་ནའང་། ཁ་སང་ཁོང་རང་གིས་དངོས་གནས་སེམས་ཐག་བཅད་དེ་ལུས་སྲོག་བཏང་སོང་། ང་ཁོང་གི་ཨ་མ་ཡིན་པའི་ཆ་ནས་སྡུག་བསྔལ་འདུག་ཀྱང་། ཁོང་རང་གི་ལྟ་བ་དང་དམིགས་ཡུལ་འཁུར་སྟངས་ནི་དཔེ་ཡག་པོ་རེད། ཅེས་དང་།

 

image1(1)ཁ་སང་པང་ལེབ་སྒང་དུ་དམར་ཧྲང་མར་འཁུར་ནས་འགྲོ་སྐབས་ངས་ཁྱེད་ཀྱིས་འདི་ལྟར་བྱས་ཏེ་དཔེ་རེད་ཅེས་ལབ་དུས། ཨ་མ་ལགས། ༧རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་དང་དཔལ་ལྡན་ལྷ་མོ་ཚད་བཙུགས་ངས་བོད་སྤྱི་པའི་དོན་དུ་རང་ཡིན། ཨ་མ་ལགས། ཐུགས་རྗེ་གཟིགས། ཚིག་པ་མ་བཟའ་རོགས། ང་ལ་མིག་གིས་མ་ལྟ་རོགས་ཞེས་ལབ་ཀྱིི་འདུག ཁོང་རང་གི་རོགས་པ་ཚོ་ལའང་སྐད་ཆ་དེ་རང་བཤད་འདུག

དེ་སྔ་ནས་ཁོང་རང་གི་པ་ལགས་ལ་བོད་དོན་ཆེད་ལུས་སྲོག་གཏོང་རྒྱུ་ཡིན་ལུགས་ཞུས་འདུག་ལ། པ་ལགས་ཀྱིས་བོད་སྤྱི་པའི་རྩ་དོན་ཆེད་སློབ་སྦྱོང་བྱས་ཏེ་ག་རེ་ཡིན་ནའང་བྱ་རྒྱུ་ཡོད་པ་རེད། ཡིན་གཅིག་མིན་གཅིག་གིས་སྲོག་གཏང་དགོས་པ་མ་རེད་ཅེས་ལབ་འདུག ཡིན་ནའང་། དམིགས་ཡུལ་དེ་རང་གི་ཐོག་ལ་ཁོང་རང་གིས་སྔོན་མ་ནས་སེམས་ཐག་བཅད་ཡོད་ས་རེད། ཁ་སང་གློ་བུར་དུ་དོགས་པ་སོགས་ཅི་ཡང་མེད་པར་སྣང་མེད་ཀྱིས་ལུས་སྲོག་བློས་བཏང་སོང་། ང་རང་གིས་མཐོང་དུས་གཟུགས་པོ་ཚང་མར་མེ་འབར་ནས་རྒྱུགས་བཞིན་འདུག་ལ། མི་ཚོས་༼བོད་རང་བཙན༽ཞེས་སྐད་འབོད་བྱེད་བཞིན་འདུག་ལབ་སོང་། ཁ་ནས་སྐད་ཅིག་རྒྱག་བཞིན་འདུག་སྟེ་ང་རང་ནི་སེམས་ཚབ་ཀྱིས་ཅི་གང་གོ་མ་སོང་། ལོ་ ༡༦ ཡིན་པའི་ཕྲུ་གུ་ཆུང་ཆུང་ཞིག་ལ་བློ་ཁོག་དེ་འདྲ་དངོས་གནས་དཔའ་བོ་རང་རེད་འདུག ང་ཁོང་གི་ཨ་མ་རེད་དེ་ད་ངས་ག་རེ་བྱེད་དགོས་པ་རེད། ཅེས་ངུ་བཞིན་བརྗོད་བྱུང་།

 

རྡོ་རྗེ་ཚེ་རིང་ལགས་ཀྱི་ཁྱིམ་མན་ཌི་རྫོང་མ་ན་ལི་རུ་ཡོད་པ་དང་། ཁོང་གི་པ་ལགས་ཀྱི་མཚན་ལ་ཐུབ་བསྟན་ཞུ་ཞིང་དགུང་ལོ་ ༦༦ ཙམ་ཡིན་པ་དང་། ཨ་མ་ཉི་མ་གཡང་འཛོམས་ལགས་དགུང་ལོ་ ༥༩ ཡིན་འདུག ཁོང་གཉིས་ལ་བྱིས་པ་བུ་གསུམ་དང་བུ་མོ་གཉིས་ཡོད་པའི་ནང་ནས་རྡོ་རྗེ་ཚེ་རིང་ལགས་ཆུང་ཤོས་དེ་ཡིན་ལ། ཆུང་དུས་ནས་མ་ན་ལི་བོད་སློབ་ཏུ་སློབ་ཞུགས་བྱས་ཡོད་པ་དང་། ཕྱིས་སུ་མ་སུ་རི་བོད་ཁྱིམ་དུ་ཕྱིན་ཡོད་འདུག  ཁོང་གི་མ་སྤུན་ཕུ་བོ་བརྩོན་འགྲུས་ལགས་ཀྱིས་བརྗོད་ན། ཁོང་དུས་རྒྱུན་སེམས་པ་ཆུང་ཞིང་སོ་སོས་ཐག་བཅད་པ་དེ་རང་སྒྲུབ་མཁན་ཞིག་ཡིན་འདུག

 

གསར་འགོད་པ། པདྨ་མཚོ།

https://youtu.be/w_UnzSO7v9s

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡༣ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༤ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༤ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༥ སྔོན་ལ།

མཆན། 7

  1. བསྟན་འཛིན་ཆོས་སྐྱབས། says:
    ལོ་ 9 སྔོན།

    རྡོ་རྗེ་ཚེ་རིང་ལགས་དང་གྲྭ་སྐལ་བཟང་དབང་འདུས་ལགས་ཁྱེད་གཉིས་ནི་མ་འོངས་བོད་ཕྲུག་ཡོངས་ཀྱིས་བོད་གངས་ཅན་ལྗོངས་ལ་བཅངས་བའི་ལ་རྒྱ་དང་སྙིང་སྟོབས་ཇེ་ཆེར་སྤེལ་མཁན་ཞིག་ཡིན། ཁྱེད་རྣམ་གཉིས་འཛམ་གླིང་འདི་ནས་བྲལ་ཀྱང་ཁྱེད་རྣམ་གཉིས་ཀྱི་སྙིང་སྟོབས་དང་ལྷག་བསམ། དྲང་བདེན་ལ་ཞེན་པའི་སྤོབས་པ་དེ་ནམ་ཡང་ཡལ་མི་སྲིད། ཁྱེད་རྣམ་གཉིས་ནི་མི་རིགས་ཀྱི་ལ་རྒྱ། ཁྱེད་རྣམ་གཉིས་ནི་མི་རིགས་ཀྱི་གསོན་ཤུགས། ཁྱེད་རྣམ་གཉིས་ནི་འདས་མ་འོངས་ད་ལྟའི་བོད་མི་ཡོངས་ཀྱི་གཟི་བརྗིད་ཡིན། ཁྱེད་རྣམ་གཉིས་ཀྱི་ལ་ཞེན་གྱིས་གུས་པ་ཙམ་མ་ཡིན་པར་བོད་མི་ཡོད་དོ་ཅོག་ལ་སློབ་གསོ་གསོན་པོ་ཞིག་ཐོབ་སོང་བས། ད་ནས་བཟུང་རང་ཁུར་ལས་ལ་སྔར་ལས་ལྷག་འབད་བརྩོན་བྱ་རྒྱུ་ཡིན། དེ་བཞིན་འཆི་གསོན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་གུང་ལ་འཆར་བ་དེ་གུས་པས་རྟག་ཏུ་གུས་བརྩི་ཞུ་རྒྱུ་དང་། ཁྱེད་རྣམས་ཀྱིས་ལུས་སྲོག་ལོངས་སྤྱོད་ཕངས་མེད་དུ་བཏང་བ་དེ་ང་ཚོས་ནམ་ཡང་དོན་མེད་དུ་མི་འགྲོ་བར་བོད་ཀྱི་བདེན་དོན་གསལ་བའི་ལས་ལ་བརྩོན་རྒྱུ་ཡིན། མཐར་ཁྱེད་རྣམས་སྐྱེ་བ་ཕྱི་མ་སླར་ཡང་བོད་མི་ཞིག་ལ་སྐྱེས་ནས་དཔའ་ངར་གྱི་གོམ་པ་མདུན་སྤོས་ཡོང་བའི་སྨོན་འདུན་ཞུ།

    Reply
  2. བརྩོན་རྒྱམ། says:
    ལོ་ 9 སྔོན།

    སྤྱིར་སློབ་ཕྲུག་ཁོང་གིས་སྙིང་སྟོབས་དང་ལྷག་བསམ་སོགས་རི་རབས་ལས་མཐོ་བ་རྒྱ་མཚོ་ལས་ཆེ་བ་ཞིག་ཡིན་པ་བརྗོད་མ་དགོས་པ་རེད་ཡིན་ན་ཡང་འདི་འདྲ་སྙིང་སྟོབས་ཅན། བོད་མི་རིགས་ཀྱི་སོན་རྩ་གཅིག་འདི་ལྟར་མེ་མཆོད་བཏང་པས་ཕངས་སེམས་ཏེ་བཟོད་ཐུབ་པ་ཞིག་མ་ཡིན་ནམ།  ད་འུ་ཅག་གིས་སྒྲུབ་ནུས་པ་དང་སྒྲུབ་ཐུབ་པའི་བྱ་བ་ཅི་ཞིག་ཡོད་བོད་མི་ཚོ་སེསམ་ལ་སྙིང་ཞིག་དང་ཚོར་བ་ཞིག་ཡོད་ན་ད་ཅི་བྱས་ན་དགའ་ངོ་མ་ལོ་གཞོན་ཚོའི་འོད་སྟོང་ལྡན་པའི་མདུན་ལམ་སྟེ་འདི་ལྟར་ཟད་སོང་ན་ཅི་འདྲའི་ཕངས་བ་ལ་ཐུགས་བསམ་ཞིག་གཏོང་རོགས་དྲི་བསྒྲགས་གནང་སྟངས་ཡིན་ན་རེད་རྒྱུད་ལམ་གང་ཞིག་ཏུ་གསུང་བཤད་གནང་ན་རེད་གཞོན་གཅེས་ཚོས་གཅེས་པའི་ཚེ་སྲོག་དེ་སྐྱོབ་ཐུབ་གནང་དགོས་པ་གལ་ཆེན་རེད་དྲན་ནས་ཡོད།

    Reply
  3. དམུ་རབ་དགའ། says:
    ལོ་ 9 སྔོན།

    གཞོན་ནུ་ཁྱེད་ཀྱི་སྙིང་སྟོབས་ལ་སྙིང་ཁུང་རུས་གཏིང་ནས་བསྔགས་བརྗོད་གུས་འདུད་ཞུ། ཡིནའང་ཁྱེད་དང་ཁྱེད་ལྟ་བུའི་མི་རིགས་ཀྱི་དཔའ་བོ་དཔའ་མོ་རྣམས་འདི་ལྟར་གཅིག་རྗེས་གཉིས་མཐུད་དུ། ཚར་སོང་ན་ང་ཚོས་ཅི་བྱ། ང་ཚོས་ཁྱེད་ཚོའི་སྙིང་སྟོབས་དང་བཀའ་དྲིན་ཇི་ལྟར་འཇལ་དགོས་སམ། སློབ་ཕྲུག་ཆུང་ཆུང་ཨ་་སློབ་ཕྲུག་ཆུང་ཆུང།

    Reply
  4. ཟླ་བ། says:
    ལོ་ 9 སྔོན།

    སྤྱིར་ཀུན་སློང་དང་འདུ་བྱེད་ལ་ཡི་རང་བྱེད་འོས་ཀྱང་། འུར་རྒྱག་མི་ཉན། སློབ་ཕྲུག་གི་དུས་ནི་སློབ་ལ་བརྩོན་ཏེ་མ་འོངས་བོད་གསར་འཛུགས་སྐྲུན་བྱ་མཁན་དག་ཡིན་འོས་པ་ལས། ཆབ་སྲིད་ཀྱི་གོ་རྟོགས་ཅི་ཡང་མེད་བཞིན་དུ་འདི་ལྟའི་བྱ་བར་གཞོལ་ན། སློབ་ཕྲུག་གཞན་ལའང་མིག་ལྟོས་ངན་པར་འགྱུར་རྒྱུ་ལས་མ་འདས། འོན་ཏེ་ནང་མི་ཉེ་འབྲེལ་དག་ལ་གདུང་སེམས་མཉམ་སྐྱེད་དང་། བུ་དེ་ཉིད་བར་དོའི་འཇིགས་པ་ལས་མྱུར་ཏུ་གྲོལ་ནས། སླར་ཡང་འཕགས་མཆོག་ཐུགས་རྗེ་ཅན་གྱི་གདུལ་བྱར་སྐྱེ་བར་ཤོག གནས་ཚུལ་ཐབས་སྡུག་འདི་འདྲ་སླར་ཡང་མ་ཐོས་པར་ཤོག

    Reply
    • བྱམས་པ། says:
      ལོ་ 9 སྔོན།

      ངའི་སློབ་མར་རྒྱུས་མངའ་སྤུ་ཙམ་མེད་པར་གང་བྱུང་སྨད་པ་བྱས་ན་འཚམ་པོ་ཨ་ཡོད། གང་ཡིན་ཟེར་ན། ཁོང་ནི་སློབ་ཆུང་གི་གནས་སྐབས་སུའང་སློབ་མ་གཞན་དང་མི་འདྲ་བར་བསམ་པ་བཟང་པོ་དང་སྙིང་རྗེ་ཅན། གཞན་དོན་གྱི་བསམ་པ་ཡོད་མཁན་ཞིག་རེད། སློབ་མ་ཞིག་ལ་མི་རིགས་ཀྱི་ལ་རྒྱ་ཡོད་པ་དེ་ང་ཚོས་དགའ་འོས་པ་ཞིག་མ་རེད་དམ། འོ་ན་ཁོང་གིས་བོད་གྱི་རྩ་དོན་ཆེད་རང་སྲོག་བློས་གཏོང་བྱས་པ་དེ་ནོར་བ་རེད་དམ། ཆབ་སྲིད་ཀྱི་གོ་རྟོགས་གང་ཡང་མེད་པའི་མི་ཞིག་གིས་བློས་གཏོང་ཆེན་པོ་དེ་འདྲ་བྱེད་སྲིད་དམ། ངས་བལྟས་ན་ཁྱོད་ལ་ལ་རྒྱ་དང་སྙིང་རྗེའི་བསམ་པ་མེད་པ་གསལ་པོ་རེད་ལ། ཁྱེད་རང་མི་སྡར་མ་ཞིག་རེད།

      Reply
  5. འདམ་སྐྱེས། says:
    ལོ་ 9 སྔོན།

    རྒྱལ་གཅེས་པ་ཁོང་གི་ལྷག་བསམ་དང་སེམས་ཤུགས་ལ་རྗེས་སུ་ཡི་རངས་དང་རང་རིགས་ཡོངས་ནས་ཁོང་ལ་སྐྱབས་སྨོན་གནང་རོགས། སླད་མར་ཡང་རང་རིགས་རྒྱལ་གཅེས་པ་ཡོངས་ནས་ལྷག་བསམ་དང་སེམས་ཤུགས་རྒྱལ་བའི་བཀའ་དགོངས་སྒྲུབ་རྒྱུ་དང་རང་ནུས་གང་ཡོད་ང་ཚོའི་ཆོས་དང་རིག་གཞུང་ཐོག་འབད་བརྩོན་གནང་གལ་ཆེ་བ་དང་ཕ་མ་གཙོས་ནང་མི་འབྲེལ་ཡོད་ཡོངས་ལ་སེམས་གསོའི་འཚམས་འདྲི་ཡོད།།

    Reply
  6. ཚེ་རིང་རྒྱལ། says:
    ལོ་ 9 སྔོན།

    རང་ལུས་མེར་བསྲེགས་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཁོང་རྣམ་པའི་སྙིང་སྟོབས་དང་ལར་ཞེན། བརྩེ་བ་བཅས་ལ་སྙིང་ནས་གུས་འདུད་ཞུ། འོན་ཀྱང་། མིག་གཅེར་རེར་བསམ་གཞིག་གཏོང་རྒྱུ་ཙམ་ལས་ཅི་ཡང་མི་ནུས་པའི་ང་དང་ང་ལྟ་བུའི་སྙིང་ལ་ཅི་འདྲའི་ཟུག་རྔུ་འབྱེད་པ་ལ་ཨང་། ལྷག་པར་དུ་མེ་ཏོག་བཞིན་འཚར་ནས་འོང་གིན་པའི་སློབ་ཕྲུག་གི་སྡེ་ལ་ཞི་བའི་མེ་ལྕེ་འདི་ལྟར་མཆེད་ཡོང་རྒྱུར་ང་ནི་ཧ་ཅང་ཞེད་ཀྱི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese