མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

བོད་ཀྱི་དུས་བབ།
༢༠༢༥/༠༥/༠༩
Share on FacebookShare on TwitterShare on EmailShare on Whatsapp

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས་པ་དང་བསྟུན་མཛད་རྣམ་གྱི་སྐོར་ལ་བགྲོ་གླེང་ཞིག་ཀྱང་བྱས་སོང་།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ སྟེང་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་ཀིརྟིའི་དགེ་རྩ་ཚོགས་པ་དང་ཀིརྟིའི་བྱེས་པ་གྲྭ་ཚང་ཐུན་མོང་གི་གོ་སྒྲིག་འོག བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་སྲིད་དོན་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་དང་ཕྱག་དེབ་དེའི་སྐོར་ལ་བགྲོ་གླེང་ཞིག་ཀྱང་འཚོགས་སོང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། བགྲོ་གླེང་དུ་བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། རྩོམ་པ་པོ་དང་ཉམས་ཞིབ་པ་ཤེས་རབ་དར་རྒྱས་ལགས་བཅས་འདུག་ལ། གཞན་ཡང་བོད་མི་མང་སྤྱི་འཐུས་ཁག་ཅིག་དང་ཤེས་ཡོན་པ། ཉམས་ཞིབ་པ། སློབ་མ་སོགས་འཛོམས་འདུག་ལ། མཛད་སྒོའི་སྟེང་བགྲོ་གླེང་ནང་ཆ་ཤས་བཞེས་མཁན་རྣམས་ལ་སྐུ་མགྲོན་གཙོ་བོ་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་བརྒྱུད་ནས་ཕྱག་རྟགས་རེ་ཡང་གནང་སོང་།

ཀིརྟི་གྲྭ་ཚང་གི་སློབ་སྤྱི་སོ་རུ་དར་རྒྱས་ལགས་ཀྱིས་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་འགྲེམས་སྤེལ་དང་འབྲེལ་ནས་བགྲོ་གླེང་གི་དགོས་དམིགས་སྐོར་ངོ་སྤྲོད་གནང་སྐབས། སྤྱིར་༧སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པ་དེ་ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༢ ཉིན་དབུ་འབྱེད་གནང་གྲུབ་ཟིན་ནའང་། ཐག་རིང་དུ་ཡོད་པའི་དོ་སྣང་ཅན་མང་པོ་ཞིག་གིས་ཕྱག་དེབ་དེ་འཕྲུལ་དེབ་ཐོག་ཡོད་ཚེ་ཧ་ཅང་ལེགས་པོ་ཡོད་པའི་དགོངས་ཚུལ་དང་རེ་སྐུལ་ཞུས་པ་བཞིན་དང་དམིགས་བསལ་དེང་གི་ཆར་གསུང་འབུམ་དགའཕྲུལ་དེབ་ཐོག་ཡོད་ཚེ་ཀློག་བདེ་བ་དང་འཁྱེར་བདེ་བ་སོགས་ཀྱི་རྒྱུ་མཚན་སྣ་ཚོགས་ལ་བརྟེན་ནས་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་བགྲོ་གླེང་གོ་སྒྲིག་གནང་ཡོད་སྐོར་བརྗོད་སོང་།

མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་རྩོམ་སྒྲིག་པ་དང་ཀིརྟིའི་དྲུང་ཡིག་འབྲིང་བ་འཇིགས་མེད་ལགས་དཔེ་དེབ་ངོ་སྤྲོད་གནང་སྐབས། དཔེ་དེབ་གསུམ་ལྡན་པའི་ཤར་སྟག་མོའི་བུ་ཞེས་པ་ནི་ཀིརྟི་རིན་པོ་ཆེ་དགུང་གྲངས་ ༨༠ ཕེབས་པའི་འཁྲུངས་སྐར་དང་བསྟུན། ཕྱི་ལོ་ ༢༠༢༢ ལོར་རྩོམ་སྒྲིག་བྱས་པ་དང་ཕྱི་ལོ་ ༢༠༢༣ ལོར་དབུ་འབྱེད་བྱས། མཛད་རྣམ་གྱི་མཚན་བྱང་འདོགས་དོན་ནི། སྔོན་མ་གནས་ཆུང་ཆོས་རྒྱལ་ཆེན་པོས་བཀའ་ལུང་ཕེབས་པ་ལྟར། སྟག་ཚང་ལྷ་མོའི་ཤར་ཕྱོགས་ཐེ་བོའི་ཡུལ་ན་སྟག་མོ་སྒང་ཞེས་གྲོང་ཚོ་ཞིག་ཡོད་པ་དེར་ད་ལྟའི་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་སྐུ་འཁྲུངས་ཤིང་སྤུལ་སྐུར་ངོས་འཛིན་ཞུས་རྗེས། ཁ་ཤས་ཀྱིས་ཀིརྟི་རིན་པོ་ཆེའི་མཚན་ལ་ཤར་སྟག་མོ་བུ་ཞེས་མཚན་འབོད་གནང་མྱོང་བ་སོགས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྐོར་དང་། དཔེ་དེབ་ཀྱི་བརྗོད་བྱ་གཙོ་བོ་ནི་ཀིརྟི་རིན་པོ་ཆེ་མཆོག་དགུང་གྲངས་ ༨༠ ཕེབས་སྐབས་བར་དུ་བོད་མི་རིགས་བསྟན་སྲིད་ཀྱི་ཆེད་དུ་སྲིད་དོན་གྱི་ཕྱག་ལས་གང་གནང་ཡོད་པའི་སྐོར་ཡིན་པ་སོགས་བརྗོད་སོང་།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། ༧སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་བོད་བསྟན་སྲིད་དང་བོད་མི་སྤྱི་ཡོངས་ཀྱི་གནས་སྟངས། བོད་མིའི་སྒྲིག་འཛུགས་སོགས་བཙན་བྱོལ་བོད་མིའི་སྤྱི་ཚོགས་གནས་སྟངས་ཐོག་དུས་རྟག་ཏུ་སེམས་འཁུར་གནང་མཁན་གྱི་མི་སྣ་གལ་ཆེན་པོ་ཞིག་ཆགས་ཡོད། དེ་བཞིན། ༧སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་འདས་པའི་ལོ་རྒྱུས་དང་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ངོས་ནས་རིན་པོ་ཆེ་མཆོག་ལ་གཟེངས་རྟགས་ཕུལ་བའི་མཛད་སྒོར་ང་ཚོ་བཅར་རྒྱུ་བྱུང་། སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེར་མཚོན་ན། བོད་ས་མ་ཤོར་བའི་སྐབས་བོད་མདོ་དབུས་ཁམས་གསུམ་གྱི་གནས་སྟངས་ལ་རྒྱུས་མངའ་ཆེན་པོ་ཡོད་པའི་མི་སྣ་ཞིག་ཆགས་ཡོད།  ཅེས་དང་སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་ཕྱི་ལོ་ ༡༩༤༢ ལོར་སྐུ་འཁྲུངས་པ་དང་ཞེ་དགུའི་ནང་བོད་ཀྱི་ཤར་ཕྱོགས་སུ་རྒྱ་ནག་དམར་ཤོག་གིས་བཙན་འཛུལ་བྱས་ཏེ་བོད་ལ་དབང་བསྒྱུར་དང་དྲག་གནོན་བྱེད་མགོ་བཙུགས་ཡོད། ཅེས་དང་། མཛད་རྣམ་དེ་བརྒྱུད་ནས་བོད་མ་ཤོར་གོང་གི་གནས་ཚུལ་ལ་ཞིབ་འཇུག་བྱེད་པར་ཕན་ཐོགས་ཆེ་བ་དང་༧སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་ལྟ་བུར་མིག་དཔེ་བལྟས་ཏེ་བོད་མི་རིགས་བསྟན་སྲིད་ཀྱི་དོན་དུ་ཞབས་འདེགས་ཞུ་རྒྱུ་གལ་ཆེན་ཡིན་སྐོར་དང་། ད་ལྟ་བོད་ཅེས་པའི་མིང་ཡང་གནས་དང་མི་གནས་ཀྱི་འཇིགས་སྣང་ཡོང་བཞིན་པའི་སྐབས་འདིར་བོད་མི་ཚང་མས་སེམས་ཤུགས་བསྐྱེད་དེ་འབད་བརྩོན་བྱས་པ་ཡིན་ན་གྲུབ་འབྲས་ཏན་ཏན་ཡོང་གི་ཡོད་སྐོར་སོགས་གསུངས་སོང་།

མཛད་རྣམ་གྱི་འཕྲུལ་དེབ་འགྲེམས་སྤེལ་མཛད་སྒོ་གྲུབ་རྗེས་བགྲོ་གླེང་འཚོགས་སོང་། བགྲོ་གླེང་ནང་བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག་གིས། ཤར་སྟག་མོའི་བུ་དང་གཞུང་ས་དགའ་ལྡན་ཕོ་བྲང་པ་ཆེན་པོ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་དང་། རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་ཀྱིས། ཤར་སྟག་མོའི་བུ་དང་གཞིས་བྱེས་བོད་མི་མང་ཚོགས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། ཤར་སྟག་མོའི་བུ་དང་རྒྱ་ནག་གཞུང་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད། དེ་བཞིན། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས། ཤར་སྟག་མོའི་བུ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་གྲུབ་མཚམས། ཀིརྟིའི་བྱེས་པ་གྲྭ་ཚང་གི་སློབ་སྤྱི་སོ་རུ་དར་རྒྱས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

ཆུ་ཚོད་ ༡༨ སྔོན་ལ།
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

ཆུ་ཚོད་ ༡༨ སྔོན་ལ།
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese