སྨྲ་བརྗོད་རང་དབང་ཐོག་གོམ་གང་མདུན་སྤོས་ཀྱིས་ཡར་རྒྱས་ཕྱིན་ཡོད།

མཚུངས་མེད་བོད་ཀྱི་དུས་བབ་རྩོམ་སྒྲིག་པ་ལྷན་རྒྱས་མཆོག་ལ།
                             ཆེད་ཞུ། བོད་ཀྱི་དུས་བབ་གསར་ཤོག་དབུ་བརྙེས་ནས་མི་ལོ་ཧྲིལ་བོ་བཅུ་འཁོར་བའི་དུས་དྲན་གྱི་མཛད་སྒོར་འཚམས་འདྲི་བཀྲ་ཤིས་བདེ་ལེགསཞུ་བ་དང་ཆབས་ཅིག   འདས་པའི་མི་ལོ་བཅུ་ལྷག་གི་རིང་ཚགས་ཤོག་གིས་རྒྱ་ཆེའི་བོད་མིའི་མང་ཚོགས་ཁྲོད་གནས་ཚུལ་ཁུངས་ལྡན་སྤེལ་བར་བརྟེན། བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་སྲ་བརྟན་དུ་གཏོང་རྒྱུའི་ཞབས་འདེགས་བླ་ན་མེད་པ་བསྒྲུབས་དང་སྒྲུབ་མུས་ཀྱིས་ད་ཆ་བཙན་བྱོལ་ཁྲོད་མང་གཙོའི་རྩ་དོན་གཙོ་གནད་སྨྲ་བརྗོད་རང་དབང་ཐོག་གོམ་གང་མདུན་སྤོས་ཀྱིས་ཡར་རྒྱས་ཕྱིན་ཡོད།  འོན་ཀྱང་ཡར་རྒྱས་ལ་མུ་མཐའ་མེད་སྟབས་བོད་ཀྱི་དུས་བབ་གསར་ཁང་ནས་མུ་མཐུད་གནས་ཚུལ་ཁུངས་ལྡན་དང༌། མང་ཚོགས་ཁྲོད་སྨྲ་བརྗོད་རང་དབང་གི་གོམ་གཤིས་སྤེལ་སྐྱོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།  སླར་ཡང་ཚོགས་ཤོག་དབུ་བརྙེས་ནས་མི་ལོ་བཅུ་འཁོར་བའི་དུས་དྲན་གྱི་ཉིན་མོར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང༌།   ད་ལམ་རྟེན་འབྲེལ་མཚོན་ཆེད་མཇལ་དར་འདི་མཉམ་ཆབས་འབུལ་ཞུ་ཡོད་པ་བཅས།  རྡ་ས་ཤེས་རིག་དཔར་ཁང་གི་ལས་ཞབས་པ་གུས་ཚེ་རིང་དོན་གྲུབ་ཀྱིས་༢༠༠༧ཟླ༡ཚེས༡༥ལ་ཕུལ།  

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply