དཀར་མཛེས་སུ་དམ་དྲག

ཕྱི་ཚེས་༥ཉིན། བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་དང་པེ་ཅིན་དབར་འབྲེལ་མོལ་བྱེད་པའི་སྐབས་དེར། རྒྱ་ནག་གིས་དཀར་མཛེས་ཁུལ་དུ་དམག་མི་མང་དུ་བཏང་བ་དང༌། བོད་ས་ཡོངས་སུ་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་འདུག  སྤྱི་ཟླ་བརྒྱད་པའི་ནང་ཨོ་ལིམ་པིག་འཚོགས་རྒྱུ་ཡིན་པས། རྒྱ་ནག་གིས་ཨོ་ལིམ་པིག་ལ་བརྟན་སྲུང་ནན་མོ་བྱེད་བཞིན་པ་དང༌། སྔོན་མའི་དམག་གི་འཁྲབ་སྟོན་དེ་དམག་འཁྲུག་དངོས་སུ་བསྒྱུར་རྒྱུ་ཡིན་ཚུལ་བཀོད་འདུག དཀར་མཛེས་ནི་བོད་ཀྱི་རང་སྐྱོང་ས་ཁུལ་ཆེ་ཤོས་ཤིག་ཡིན་པ་དང༌། ཨོ་ལིམ་པིག་སྔོན་ནས་དམིགས་བསལ་གྱིས་དམ་དྲག་བྱེད་ཀྱིན་ཡོད་པ་རེད།  ཉེ་ཆར་དཀར་མཛེས་རྫོང་སྟོང་སྐོར་དགོན་དུ་དམག་མི་འབོར་ཆེན་བཏང་ཡོད་པ་དང༌། སྤྱི་ཚོགས་བདེ་འཇགས་ལ་ཁ་གཡར་ཏེ་དགོན་པའི་ཉེ་འདབས་སུ་དམག་སྒར་ཞིག་ཀྱང་བརྒྱབས་ཡོད་འདུག་ལ།   བོད་པའི་མི་ཞིག་ལམ་ཁ་དེ་ནས་བརྒལ་ཚེ་བསྔོག་གཤེར་བྱེད་ངེས་ལ། ཐ་ན་གྲོང་གསེབ་ཀྱི་མི་འབུད་ཤིང་འཐུ་མཁན་ཞིག་ཡིན་ནའང་བསྔོག་གཤེར་བྱེད་བཞིན་ཡོད་པ་མ་ཟད་ལག་ཏུ་མེ་མདའ་དང་གྲི་སོགས་ལག་ཆ་ཡོད་ཚེ་འཕྲོག་བཞིན་ཡོད་པ་རེད། སྤྱི་ཟླ་༤པའི་ཚེས་༣ཉིན་སྟོང་སྐོར་དགོན་པའི་ཡར་ལངས་ལས་གྲྭ་པ་ལ་ཐད་ཀར་མེ་མདའ་རྒྱག་གིན་ཡོད་ཚུལ་བརྗོད་བཞིན་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply