རྐུབ་རྡོལ་ཐེངས་གསུམ་པ།

ཨོ་ལིམ་པིག་རྩེད་འགྲན་མཛད་སྒོ་བསུ་མཁན་གྱི་བྱིས་པ་ ༥༦ དེ་དག་གིས་སྤྱི་ཚོགས་འཆམ་མཐུན་གྱི་རྣམ་པ་མཚོན་ཕྱིར་མི་རིགས་སོ་སོའི་ཆོས་གོས་གྱོན་ནས་ཡོང་ནའང་། དོན་དངོས་ཐོག་ཁོ་ཚོའི་ཕལ་ཆེ་བ་ནི་རྒྱ་ནག་ཧན་མི་རིགས་ཀྱི་བྱིས་པ་དག་རེད་ཟེར། འདི་ནི་ད་བར་ཤེས་རྟོགས་བྱུང་བའི་རྫུན་གསུམ་པ་དེ་ཆགས་འདུག

ཨོ་ལིམ་པིག་མཛད་སྒོའི་སྐབས་བྱིས་པའི་རུ་སྒྲིག་སྐོར་སྐྱོད་ཀྱི་བཀོད་འདོམ་པ་གཞོན་པ་ ཡོན་ཀྲི་ཧྥུན་ གྱིས་ Asian Wall Street Journal བཤད་པ་ལྟར་ན། རྒྱ་ནག་གིས་མི་རིགས་ ༥༦ གིས་གྲུབ་པའི་སྤྱི་ཚོགས་དེ་འཆམ་མཐུན་ཡིན་པ་སྟོན་ཕྱིར་མི་རིགས་ཁག་གི་ཆས་གོས་གྱོན་པའི་བྱིས་པ་ ༥༦ མཛད་སྒོའི་སྐབས་རུ་སྒྲིག་རྒྱང་སྐྱོད་བྱེད་དུ་བཅུག་ཡོད་ཀྱང་། དོན་དངོས་ཐོག་བྱིས་པ་དེ་དག་གི་ཕལ་ཆེ་བ་ནི་རྒྱ་ནག་ཧན་མི་རིགས་ཀྱི་བྱིས་པ་ཚོས་མི་རིགས་གཞན་གྱི་ཆས་གོས་གྱོན་པ་རེད་ཟེར།

གོ་སྒྲིག་པས་དགོང་མོ་དེར་ཐད་ཀར་དུ་བྱིས་པ་འདི་དག་ནི་མི་རིགས་ ༥༦ གི་བྱིས་པ་དག་རེད་ཅེས་བཤད་ཡོད་པ་རེད།

ཨོ་ལིམ་པིག་སྐབས་ཀྱི་རྫུན་མ་གཞན་གཉིས་ནི། མཛད་སྒོའི་གཞས་གཏོང་མཁན་བུ་མོ་ཆུང་ཆུང་དེ་ནི་ངོ་གདོང་སྙིང་རྗེ་བོ་མེད་པར་བརྟེན་གར་སྟེགས་སྟེང་སླེབ་མ་བཅུག་པར་དེའི་ཚབ་ཏུ་བུ་མོ་གཞན་ཞིག་འཁྲབ་སྟོན་བྱེད་དུ་བཅུག་ཡོད་པ་དེ་རེད། རྫུན་གཞན་ཞིག་ནི་བརྙན་འཕྲིན་ནང་གི་ཤོག་སྦག་དེ་དག་ཀྱང་ཐད་གཏོང་བྱས་པ་མིན་པར་སྔོན་མ་ནས་བརྙན་པར་བླངས་པ་དེ་བསྟན་ཡོད་པ་དེ་རེད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply